མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས06ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-01 07:39:05   |   2009

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ11ཚེས30ཉིན་གྱི་སྔ་དྲོ་ཧྲང་ཧའེ་རུ་འབྲི་ཆུའི་ཟུར་གསུམ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།

  • ཟླ12ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཐེངས23པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྟེ《ས་ཞིང་གི་སྲུང་སྐྱོང་ལ་དོན་དངོས་ནས་ཤུགས་བསྣན་ནས་བ་ཚ་ས་ཁུལ་གྱི་ཕྱོགས་བསྡུས་སྒྱུར་བཅོས་བེད་སྤྱོད་ལས་དོན་དམ་འཛིན་གཏོང་བ》ཞེས་པ་སྤེལ་རྒྱུ་རེད།

  • ཟླ11ཚེས29ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོར”དྲན་གསོ་ཞུ་བའི་ཚོགས་ཆེན་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

  • ཟླ11ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཧེང་ལི་ཅི་ཤིན་ཀེ་སྐུ་གཤེགས་པར་ཨ་རིའི་ཙུང་ཐུང་པའེ་ཏེང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

  • ཀྲུང་དབྱང་དྲིལ་བསྒྲགས་པུས་ཧྲན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་པའོ་ཐ་ཆུས་པའོ་ཐ་མེ་ཟོན་རོགས་སྐྱོབ་ས་ཚིགས་ལ“དུས་རབས་ཀྱི་མིག་དཔེ”ཞེས་པའི་མཚན་སྙན་སྤྲད་པ་རེད།

  • ནོར་སྲིད་པུས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ1པོ་ནས10པའི་བར་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྡོམ་འབོར་དུས་མཚུངས་ལས་3.9%འཕར་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ1པོ་ནས10པའི་བར་རང་རྒྱལ་གྱི་གཞུང་ལམ་དང་ཆུ་ལམ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས4.1%འཕར་ཡོད།

  • རྒྱལ་ཁབ་ནུས་རྒྱུ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ10པའི་ཟླ་མཇུག་བར་རང་རྒྱལ་གྱི་བསྐྱར་སྐྱེས་ནུས་རྒྱུའི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར14.04ཟིན་པ་དང་། དེས་རྒྱལ་ཡོངས་ཀྱི་གློག་གཏོང་འཕྲུལ་འཁོར་གྱི་49.9%བཟུང་ཡོད།

  • རྒྱལ་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་མཁའ་སྤྱོད་མ་གྲུ་གསུམ་པ་སྟེ་ཧྥུའུ་ཅན་དམག་གྲུ་མིག་སྔར་མུ་འབྲེལ་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། རྗེས་སུ་འཆར་གཞི་ལྟར་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུ་ཡིན་པ་རེད།

  • ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་ཟླ11ཚེས30ཉིན་གསལ་བསྒྲགས་སྤེལ་ནས་དེ་ཉིན་ཅ་ཧྲ་ས་ཁུལ་དུ་མུ་མཐུད་དུ་དམག་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ཚོགས།

  • ཟླ11པའི་ཚེས30ཉིན་གྱི་མཚན་མོ་ནས་ཟླ12པའི་ཚེས1ཉིན་བར། འབྲི་ཆུའི་ལྷོ་རྒྱུད་དང་། ཧྭ་ནན། ཀུའེ་ཀྲོའུ་སོགས་ས་ཁུལ་དུ་སྔར་བཞིན་དྲོད་ཚད4℃ནས6℃བར་ཆག་པ་དང་། ཟླ12ཚེས1ཉིན་ནས་བཟུང་བྱང་ཕྱོགས་ས་ཁུལ་གྱི་དྲོད་ཚད་འཕར་མགོ་ཚུགས་ཤིང་།

  • ཁག་བཞི་པའི་རིན་ཐང་མཐོ་བའི་སྨན་སྤྱོད་ཡོ་ཆས་རྒྱལ་ཁབ་ཀྱིས་གཅིག་སྡུད་ཉོ་སྒྲུབ་དེ་ཟླ11ཚེས30ཉིན་མགོ་ཚུགས་ཡོད། དེའི་ནང་འདེམ་འཆར་ཡོད་པའི་ཐོན་རྫས་ཀྱི་རིན་གོང་ཆ་སྙོམས་ཀྱིས་བརྒྱ་ཆ70%ཙམ་གཅོག་རྒྱུ་ཡིན་པ་རེད།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོ་ནས་བཟུང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་ཧེག་པའི་རིགས་ཀྱི་ཉེས་གསོག་གྱོད་གཞི་ཁྱོན་སྡོམ2430མྱུལ་ཞིབ་བྱས་ནས་རྩད་ཆོད་པ་རེད།

  • རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ད་ལོའི་ཟླ1པོ་ནས10པའི་བར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་མཁན་ཁྲི3.4ལྷག་ཙམ་ཁྲིམས་སྦྱོར་བྱས་ཡོད།

  • ཟླ11ཚེས30ཉིན། ལེའོ་ཉིང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་སུན་ཡོན་ལེའང་གིས་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་གྱོད་གཞི་དེར་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས།

  • ཉེ་ཆར། ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་གིས་ནན་ཅིང་དམར་གསོད་ཆེ་མོའི་ནང་ལོ་རྒྱུས་ཀྱི་དཔང་རྟགས་གསར་པ་བསྣན་ཡོད། དེའི་ནང་། སྒྲོན་བརྙན་གློག་བརྙན་དང་ཡིག་སྐོགས་མེད་པའི་ཡིག་བྱང་སོགས་ཚུད་ཡོད་པ་རེད།

2.jpg

  • ཟླ11ཚེས30ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་མྱུར་ཚད་འབྲིང་མཐོའི་ནུས་ཆེའི་ཨན་འབར་རྫས་སྒུལ་བྱེད་འཕྲུལ་འཁོར་ཐོག་མ་དེ་ཏ་ལེན་དུ་མེ་སྤར་རྒྱུ་ལེགས་གྲུབ་བྱུང་ཡོད།

  • ལི་ཆེ་གེ་མོ་དང་ཐན་ཆེ་གེ་མོ་གཉིས་ཀྱིས་དོམ་ཁྲའི་བྱེད་སྒོ་སྤེལ་ཡུལ་དུ་ཤིང་ཐུར་དང་རྡོ་འཕངས་པས་ཚེ་གང་བོར་ཁྲེང་ཏུའུ་དོམ་ཁྲ་གསོ་སྤེལ་ཞིབ་འཇུག་རྟེན་གཞིར་ལྟ་སྐོར་བྱེད་དུ་མི་འཇུག་པའི་ཆད་པ་བཅད་འདུག

  • ཉེ་ཆར། ཀུའེ་ཀྲོའུ་ཞིང་ཆེན་གྱིས་དུས་བྱའི་གནས་སྤོའི་བགྲོད་ལམ་ཁག་དང་པོའི་གཙོ་གནད་སྲུང་སྐྱོང་ས་ཁོངས36གཏན་འཁེལ་བྱས་ནས་གནས་སྤོའི་དུས་བྱ་དང་འཚོ་སྡོད་ཁུལ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད།

3.png

  • ཧོའེ་རོའུ་ཅན་ཁུག(怀柔箭扣)ལྕགས་རི་རིང་པོའི་ས་ཁོངས་སུ་གནས་པའི་སྐྱེས་དངོས་རྩ་ཆེན་ཏིན་ཤིང་ཡར་རུང་ཏུང་གི་གྲངས་འབོར་སྔར་ཡོད་ཀྱི་སྡོང་རྐང26ནས87བར་མང་དུ་ཕྱིན་ཡོད་པ་རེད།

སྲིད་ཇུས།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུའི་སྨན་རྫས་ཞིབ་བཤེར་ལྟེ་གནས་ཀྱིས་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་ནས་སྨན་རྫས་གསལ་བཤད་ཡི་གེའི(སྟབས་བདེའི་པར་གཞི)ཡིག་གཟུགས་ཆེ་བ་འདེམ་རྒྱུར་སྐུལ་ལྕག་བྱས་ཡོད།

  • ཅང་ཤིས་ཀྱིས་གསར་དུ་བསྐྲུན་པའི་གཞིས་ཁུལ་གྱི་ཁང་པའི་ནང་ཁོག་གི་མི་རེའི་ཆ་སྙོམས་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི0.1ལས་མི་དམའ་བའམ། ཡང་ན་ཁང་པའི་ཕྱི་རོལ་གྱི་མི་རེའི་ཆ་སྙོམས་ས་ཆ་སྤྱོད་ཚད་སྨི་ངོས་གྲུ་བཞི0.3ལས་མི་དམའ་བའི་ཚད་གཞི་ལྟར་དམངས་ཡོངས་ཀྱི་ལུས་སྦྱོང་སྒྲིག་བཀོད་སྒྲིག་སྦྱོར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • ཐེན་ཅིན་གྱིས2023ལོའི་ལོ་འཁོར་གྱི་གཞི་རྩའི་རྒན་གསོའི་དངུལ་སྤྲོད་པའི་གཞི་གྲངས་སྒོར9016ཡིན་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

4.jpg

  • ཧྥུ་ཅན་གྱི་དབུས་བྱང་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད། ཧུའུ་ནན་ལྷོ་རྒྱུད། ཀོང་ཏུང་གི་བྱང་རྒྱུད། ཀོང་ཞིའི་ས་ཆ་མང་ཆེ་བ། སི་ཁྲོན་གཤོང་སའི་ཤར་རྒྱུད། ཁྲུང་ཆིང་། ཀུའེ་ཀྲོའུ། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་ཀྱི་ཡོད། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་དང་ཐའེ་ཝན་གླིང་ཕྲན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་འབབ་ཀྱི་རེད།


མཉམ་སྤྱོད།