མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས05ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཏང་གི་སློབ་ཚན《རྟག་བརྟན་འགྱུར་མེད་ཀྱི་གསེར་དངུལ་ཐང》ཞེས་པ་ནུབ་མཚོ་གློག་བརྙན་ཟློས་གར་ཁང་ནས་ཐོག་མའི་འཁྲབ་སྟོན་བྱས།

2023-12-01 10:05:33   |   2387

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྡུལ་ཕྲན་མཁར་གྱི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། “འབར་མདེལ་གཉིས”ཀྱི་འོད་སྟོང་འབར་བའི་གཏམ་རྒྱུད་ལེགས་པོར་བཤད་པ། “མདེལ་གཉིས་སྐར་གཅིག”གི་རླབས་ཆེ་བའི་སྙིང་སྟོབས་དར་སྤེལ་བཏང་སྟེ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་དོན་དངོས་ཐོག་འབབ་པར་སྔར་བས་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། ཟླ11པའི་ཚེས30ཉིན། ཁུལ་ཨུའི་དྲིལ་སྒྲོག་པུས་ཇུས་འགོད་མཛུབ་སྟོན་བྱས་ཤིང་།  མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གིས་སྒྲིག་འཁྲབ་བྱས་པའི་ཏང་གི་སློབ་ཚན《རྟག་བརྟན་འགྱུར་མེད་ཀྱི་གསེར་དངུལ་ཐང》ཞེས་པ་ནུབ་མཚོ་གློག་བརྙན་ཟློས་གར་ཁང་ནས་ཐོག་མའི་འཁྲབ་སྟོན་བྱས། འདི་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གསར་བརྗེ་སློབ་གསོའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་དང་། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་ལ། རྡུལ་ཕྲན་མཁར་གྱི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་རྡུལ་ཕྲན་མཁར་གྱི་རིག་གནས་ཤུལ་བཞག་ལ་གསོན་ཤུགས་སྣོན་པ་དང་བསམ་པའི་མཐོ་ས་གཏོད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།

ཁུལ་གྱི་མགོ་ཁྲིད་ཤ་བོ་སྐྱབས་དང་། དབྱང་ཧའེ་ལུང་། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་། སི་ཅི་ཧྲེང་། མ་ཁྲེང་ཀུའེ། སུའུ་བདུན་ཅུ། ལི་ཞུས་ཀྲེན། ཝང་ཞིན་ཧུའེ། ཚོ་ཅི་ཆང་། ཁྲང་ལིན། པའོ་ཀྲེང་ཆིང་། ཝུའུ་ཧྲུའུ་རུང་། ཞའོ་རུའེ་ཞིན། མ་ཝུན་ཆོན་བཅས་དང་། ཁུལ་ཨུའི་སྡེ་ཚན་ཁག་དང་ཁུལ་ཐད་གཏོགས་ལས་ཁུངས་ཁག་གི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་། ཚན་པའི་ཏང་ཡོན་ལས་བྱེད་པ800ཙམ་གྱིས་འཁྲབ་སྟོན་ལ་བལྟས།

《རྟག་བརྟན་འགྱུར་མེད་ཀྱི་གསེར་དངུལ་ཐང》གིས“རྡུལ་ཕྲན་མཁར་གྱི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་།‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་དར་སྤེལ་གཏོང་བ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཡོད་ཅིང་། “མདེལ་གཉིས”ཞིབ་བཟོ་བྱེད་རིང་གསེར་དངུལ་ཐང་དུ་བྱུང་བའི་གཏམ་རྒྱུད་དག་ནང་དོན་དུ་བྱས་ཏེ། གཏམ་བཤད་དང་། བྱུང་རིམ་འཁྲབ་སྟོན། ཡུལ་དངོས་འགྲེལ་བཤད་བཅས་ལ་བརྟེན་ནས་གསེར་དངུལ་ཐང་གི་འབྲོག་པས་ཏང་གི་འབོད་སྐུལ་ལ་ཉན་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་བརྩི་སྲུང་ཞུས་ཏེ་ཡུལ་གཞན་དུ་གནས་སྤོར་བྱས་ཏེ་རྟེན་གཞི་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པའི་དངོས་ཡོད་གཏམ་རྒྱུད་དང་། ཚན་ཞིབ་ཆེད་མཁས་པ་དང་། ལག་རྩལ་མི་སྣ། ལས་བྱེད་ལས་བཟོ་བ། དཔུང་སྡེའི་དཔོན་དམག་བཅས་འབོར་ཆེན་གསེར་དངུལ་ཐང་དུ་འཛོམས་ནས་དཀའ་སྤྱད་འབད་བརྩོན་དང་དཀའ་ངལ་ཁྱད་བསད། སྡུག་རུས་ཆེར་སྐྱེད། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་ཆིང་འབར་མདེལ་དང་པོ་ཞིབ་བཟོ་ལེགས་འགྲུབ་བྱས་པའི་གཏམ་རྒྱུད་དང་། མཚོ་བྱང་མི་དམངས་ཀྱིས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱས་ཏེ། སྔོན་བྱོན་པ་ཚོའི་རྗེས་ཤུལ་དེད་དེ “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་བཏང་ནས་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་བརྗོད་ཡོད།

ཏང་གི་སློབ་ཚན་མཇུག་གྲིལ་རྗེས། ཚོགས་ར་ཡོངས་ཀྱི་མི་སྣས་མཉམ་དུ《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པའི་གླུ་གཞས་བཏང་སྟེ། མེས་རྒྱལ་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་དགའ་ཞེན་དང་མེས་རྒྱལ་གྱི་འབྱུང་འགྱུར་ལ་བཅངས་པའི་མཛེས་སྡུག་ལྡན་པའི་རེ་སྨོན་མཚོན་པ་དང་། གླུ་སྒྲའི་ཁྲོད་འཁྲབ་སྟོན་ཐོག་མ་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་།


མཉམ་སྤྱོད།