མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས05ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-04 07:37:34   |   1876

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། “ལྟེ་གནས་ལྔ”འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ལ་དམིགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་མགྱོགས་མྱུར་བསྐྲུན་རྒྱུ་ནན་བཤད་བྱས་ཤིང་། པེ་ཅིང་དུ་ལོག་པའི་ལམ་བར་དུ་ཅང་སུའུ་ཡན་ཁྲེང་དུ་རྟོག་ཞིབ་གནང་བར་ཕེབས། ཚའེ་ཆི་རྟོག་ཞིབ་ལ་ཕེབས་རོགས་ཞུས།

  • ཟླ12ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་དང་པོའི“ལེའང་ཀྲོའུ་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་བ་རེད།

  • ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་ངར་ལྕགས་རྒྱུ་ཆ་ཏུན་ཁྲི་7473.2ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས34.8%འཕར་ཡོད།

  • ཀྲུང་གོ་གནམ་གཤིས་ཅུ་ཡིས་རང་རྒྱལ་དུ་གནམ་དང་། མཁའ་དབྱིངས། ས་ཁུལ་བཅས་གཞི་གཅིག་ཅན་གྱི་དྲོད་ཁང་རླངས་གཟུགས་ཀྱི་ལངས་གཟུགས་ལྟ་ཞིབ་ཚད་ལེན་ནུས་པ་རགས་ཙམ་ཆགས་ཡོད་པ་བསྟན།

  • ཉེ་ཆར་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡིག་ཆ་བཀྲམ་སྟེ། སང་ལོར་དབང་པོ་སྐྱོན་ཅན་གྱི་རང་འདེམས་རོགས་རེས་ལུས་གསོའི་ཞབས་ཞུའི་རྟེན་གཞི་ཞིང་ཆེན31ཡོངས་ལ་ཁྱབ་ཐུབ་པར་བརྩོན་ལེན་བྱ་རྒྱུ་ཡིན།

  • ཚེས2ཉིན། ཞིང་ལས་གྲོང་གསེབ་པུས་ལས་དོན་ཚོགས་ཆུང་འབྲེལ་ཡོད་ཞིང་ཆེན་དུ་མངགས་ནས་ཞིང་འཕྲུལ་གྱི་ཁ་གསབ་སྒོར་མོ་མགོ་སྐོར་གཏོང་བའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱེད་པ་རེད།

1.jpg

  • 2023ཧྥུའུ་ཀང་རྒྱལ་སྤྱིའི་མ་ལ་སུང་འགྲན་བསྡུར་ཐོག་ཀྲུང་གོའི་འགྲན་ཞུགས་པ་དབྱང་ཧྲའོ་ཧུའེ་ཡིས་ཆུ་ཚོད2དང་སྐར་མ07སྐར་ཆ09ཡི་ཐོག་ནས་འགྲན་བསྡུར་མཇུག་འགྲིལ་ནས་ཀྲུང་གོའི་མ་ལ་སུང་རྒྱང་རྒྱུག་གི་ཟིན་ཐོ་གསར་པ་བཏོད།

  • ཚེས1ཉིན་ནས་བཟུང་། མ་ལེ་ཞི་ཡས་ཀྲུང་གོའི་སྤྱི་དམངས་ལ་ཉིན30ལས་མི་བརྒལ་བའི་གནས་སྡོད་བྱེད་ཚེ་ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་ཡོང་ཆོག་པའི་སྟབས་བདེའི་བྱེད་ཐབས་ལག་བསྟར་བྱས།

  • ཧྥི་ལི་ཕིན་གྱི་ལྷོ་རྒྱུད་མཚོ་ཁོངས་སུ་རིམ་པ7.4ཡི་ས་ཡོམ་བྱུང་བ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཚེས་5ནས7ཉིན་བར་མཁའ་རླུང་གྲང་མོ་ཅུང་ཆེ་བས་རང་རྒྱལ་བྱང་ཕྱོགས་ཀྱི་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། ནང་སོག་དང་བྱང་ཤར་ས་ཁུལ་སོགས་སུ་དྲོད་ཚད4~8℃མར་ཆག་རྒྱུ་རེད།

  • རྒྱལ་ཁབ་གསོ་རིག་དོ་དམ་ཅུ་ཡིས་མིག་སྔར་རྒྱལ་ཡོངས་ཀྱི་རིམ་པ་གསུམ་ཅན་གྱི་གཞུང་བཙུགས་གསོ་རིག་སྨན་ཁང་དུ93.3%བྱིས་པའི་ཚན་ཁག་བཙུགས་ཡོད་པ་བསྟན།

  • མིག་སྔའི་བར་ནན་ཅིང་གི་ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་དམག་གི་གནོད་འཚེ་ཕོག་མཁན་རོགས་སྐྱོར་མཐུན་ཚོགས་ཀྱིས་ཐོ་འགོད་བྱས་པའི་ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་གསོན་པའི་མི38ལས་ལྷག་མེད།

2.jpg

  • རང་རྒྱལ་གྱི་རྐྱང་པའི་གཞི་ཁྱོན་ཆེ་ཤོས་ཀྱི་འོད་ཤུགས་བྱེ་བཅོས་རྣམ་གྲངས་ཏེ། མོང་ཞི་རྟེན་གཞིའི་ཁུའུ་པུའུ་ཆིའི་སྟོང་ཝ་ཁྲི200ཟིན་པའི་འོད་ཤུགས་བྱེ་བཅོས་རྣམ་གྲངས་དྲ་སྦྲེལ་ལེགས་གྲུབ་བྱུང་ཞིང་། རྣམ་གྲངས་ཀྱིས་ལོ་རེར་ཆ་སྙོམས་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར41ཙམ་ཟིན་ཡོད་པ་རེད།

  • ཨན་ཧུའེ་ཝུའུ་ཧུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པས་སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྒོར་ཁྲི18.70སྤྱད་པས། ས་གནས་དེ་གའི་བརྡ་ཁྱབ་བཏང་ནས་སྒོར་མོ་ཚང་མ་ཚུར་ལེན་བྱས་ཏེ་ཆད་པ་ནན་པོ་བཅད་པ་རེད།

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་གཤོག་འབྲུག་རིགས་གསར་བ་ཤེས་རྟོགས་བྱུང་སྟེ། ཧྭ་བྱང་ཁུ་ལ་ཐུང་གཤོག་འབྲུག་རིགས་བཙུགས་པ་ཡིན་ལ། འབྲེལ་ཡོད་ཞིབ་འཇུག་བྱས་འབྲས་ཀྱིས་རིག་གཞུང་ལས་རིགས་ཀྱི་སྲོལ་རྒྱུན་ངོས་འཛིན་མང་པོར་འགྲན་སློང་བྱས་ཡོད།

  • ཚེས2ཉིན། ཧྲང་ཧའེ་ནས་ནེ་པ་ལར་འགྲོ་འོང་བྱེད་པའི་རྒྱལ་སྤྱིའི་ཐད་འཕུར་མཁའ་ལམ་ཐོག་མ་དེ་ཤར་གཏོང་ཐུབ་ཡོད།

3.jpg

  • པེ་ཅིང་ས་འོག་ལྕགས་ལམ་དུ་ལོ70ལ་སླེབས་པའི་རྒན་པ་ཞིག་གློ་བར་དུ་སྙིང་ལྡིང་མཚམས་བཞག་པས་ཉེ་འགྲམ་གྱི་གསོ་རིག་སློབ་མ་མ་ཝེ་ཝང་གིས་འཕྲལ་དུ་གློ་སྙིང་སླར་གསོའི་ཐབས་སྤྱད་ནས་རྒན་པའི་ཚེ་སྲོག་བསྐྱབས་པ་རེད།

སྲིད་ཇུས།

  • ཨན་ཧུའེ་དང་།  ཧྲང་ཧའེ། ཧའེ་ནན། ཧུའུ་པེ་སོགས་ཀྱིས་ཡིག་ཆ་བཀྲམ་སྟེ། ལས་རྨས་འགན་བཅོལ་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་ནས་ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚད་ལས་བརྒལ་བའི་ལས་ཞུགས་མི་སྣ་སོགས་ཚོགས་སྤྱི་ལས་རྨས་འགན་ལེན་ནང་འཇུག་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད།

  • ཧྲན་ཞི་ཡིས་ཇུས་གཞི་བཟོས་ནས་གསར་སྐྱེས་ཕྲུ་གུའི་སྐྱེས་པའི་གསོ་རིག་དཔང་ཡིག་འདོན་པ་དང་སྐྱེས་པའི་ཐེམ་ཐོ་ཐོ་འགོད་སོགས་ཀྱི་དོན་ཚན་བསྡུ་སྒྲིལ་བྱས་ནས“དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་རྒྱུ” མངོན་འགྱུར་བྱུང་བ་ཡིན།

  • ཧྥུའུ་ཅན་གྱིས་ལོ65དང་དེ་ཡན་གྱི་ཐའེ་ཝན་སྤུན་ཟླ་ཧྥུའུ་ཅན་དུ་རིན་མེད་ངང་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་སྡོད་ཆོག་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

4.jpg

  • ཞིན་ཅང་གི་བྱང་རྒྱུད་དང་བོད་ལྗོངས་ཀྱི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁ་བ་འབྲིང་ནས་ཆེ་བ་དང་། ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། དེའི་ཁྲོད་ཞིན་ཅང་ཨ་ལེ་ཐའེ་རི་ཁུལ་དང་ཐེན་ཧྲན་རི་རྒྱུད་ཀྱི་ས་ཁུལ་སོགས་སུ་ཁ་བ་ཆེན་པོ་ནས་ཁངས་ཆེན་ཆེན་པོ་འབབ་རྒྱུ་ཡིན། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད། ཧྭ་ལྷོའི་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བར་འབབ་རྒྱུ་ཡིན་པ་དང་། དེའི་ཁྲོད་ཐའེ་ཝན་གླིང་ཕྲན་གྱི་དབུས་བྱང་རྒྱུད་སོགས་སུ་ཆར་པ་ཆེན་པོ་འབབ་རྒྱུ་ཡིན། 


མཉམ་སྤྱོད།