མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-05 07:43:24   |   476

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཟླ12ཚེས4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་པའེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ་དང་མཇལ་འཛོམས་གནང་བ་རེད།

  • ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་པའི་སྐབས་སུ་མཛུབ་སྟོན་གལ་ཆེན་གནང་སྟེ། རྩ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། རྩ་ཁྲིམས་འཐུས་ཚང་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་སྲིད་སྐྱོང་ལུགས་ཁྲོད་ཀྱི་རྩ་ཁྲིམས་ཀྱི་ནུས་པ་གལ་ཆེན་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

  • ཟླ12ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“2023ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

  • ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོས་གྲོས་ཐག་བཅད་པ་བརྒྱུད་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་ཉེར་བཞི་པ་དེ་ཟླ12ཚེས7ཉིན་པེ་ཅིང་དུ་འཚོག་རྒྱུ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེར་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་རྒྱུ་ཡིན་པ་རེད།

  • ཉེ་ཆར། ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར48.46བཏང་སྟེ། ས་གནས་ཁག་གིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་དགུན་དཔྱིད་གནས་སྐབས་འཚོ་བའི་དཀའ་ངལ་ལ་རོགས་སྐྱོབ་བྱེད་པའི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བརྡ་ཐོ་བཏང་སྟེ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ཕྱོགས་ཡོངས་ནས་བྱིས་པར་སྒོ་འབྱེད་དགོས་པ་ལས་སྨན་བཅོས་དང་ལེན་མི་བྱེད་པ་བྱེད་མི་རུང་བའི་བླང་བྱ་བཏོན་པ་རེད།

  • ཚེས4ཉིན་ཨ་རིའི“ཅི་ཕུའུ་ཙེ”རྟགས་ཅན་གྱི་མཚོ་འཐབ་དམག་གྲུར་ཀྲུང་གོ་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་ཁྲིམས་འགལ་ངང་ཀྲུང་གོའི་ནན་ཧྲ་རེན་ཨའེ་བྲག་རྡོའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་འཛུལ་ཞིང་། རང་རྒྱལ་གྱི་ལྷོ་རྒྱུད་འཐབ་ཁུལ་གྱིས་མཚོ་ཐོག་དམག་ཤུགས་སྒྲིག་འཛུགས་བྱས་ནས་གོ་རིམ་ཧྲིལ་པོར་ལྟ་སྐུལ་དང་ཉེན་ཟོན་བྱས་པ་རེད།

2.jpg

  • ཚེས4ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་ཨེ་ཅིབ་རོགས་སྐྱོར་སྲུང་སྐར་ཨང་གཉིས་པ་འཕེན་གཏོང་བྱས་པ་རེད།

སྤྱི་ཚོགས།


  • དེ་རིང་ནས་བཟུང་མཁའ་རླུང་གྲང་མོ་གསར་པ་ཞིག་ནུབ་ནས་ཤར་དུ་བརྒྱུད་དེ་རང་རྒྱལ་ལ་ཤུགས་རྐྱེན་ཐེབས་ཏེ། ནང་སོག་གི་དབུས་ཤར་རྒྱུད་དང་བྱང་ཤར་ས་ཁུལ་དུ་དྲོད་ཚད10℃ནས14℃བར་ཆག་པ་དང་། ས་ཁུལ་ཁ་ཤས་སུ14℃ལས་བརྒལ་རྒྱུ་ཡིན་པ་རེད།

  • ཟླ11པར་ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས་53.3%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས0.4འཕར་ཡོད།

3.jpg

  • ཧུའུ་པེའི་ཆུས་ཅ་ལིང་གནའ་ཤུལ་ནས་ད་བར་ལོ་ངོ5100འདས་པའི་ལོ་རྒྱུས་སྔོན་གྱི་ཆུ་བེད་མ་ལག་རྙེད་པ་རེད།

  •  ས་གནས་དེ་གའི་དུས་ཚོད་ཚེས3ཉིན། རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་རང་མོས་རྣམ་པའི་གངས་ཤུད་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་འགྲན་བསྡུར་དང་པོ་ཧྥིན་ལན་གྱི་ལུའུ་ཁ་རུ་མགོ་ཚུགས་ཤིང་། ཀྲུང་གོའི་འགྲན་ཞུགས་མི་སྣ་ཆི་ཀོང་ཕུའུ་ལ་སྐྱེས་པའི་བར་སྣང་རྩལ་ནུས་ཀྱི་གསེར་གྱི་རྟགས་མ་ཐོབ་པ་རེད།

  • ཉེ་ཆར། ཞིན་ཅང་གི་ཐ་ཁེ་ལ་མ་ཀན་བྱེ་ཐང་བརྒྱུད་པའི་གཞུང་ལམ་བཞི་པ་སྟེ་ཐུའུ་ཁུན་གཞུང་ལམ་ཧྲིལ་པོ་ཤར་གཏོང་ཐུབ་པ་ཡིན།

  • ཅང་ཧའེ་ལས་རིགས་ལག་རྩལ་སློབ་གླིང་གིས་ཟ་ཁང་གི་བྲོ་རྫས་སྣོད་ཀྱི་ནང་དུ་བྱི་བ་བྱུང་བ་དེ་ལ་དགོངས་དག་ཞུ་བ་རེད། མིག་སྔར་ཆེད་དོན་འཛིན་གྲྭ་བཙུགས་ནས་བརྟག་དཔྱད་བྱས་པ་དང་འབྲེལ་ཡོད་ཀྱི་སྒེའུ་ཁུང་གནས་སྐབས་ལས་གཉེར་བྱེད་མཚམས་འཇོག་དགོས་པའི་བཀའ་ཕབ་པ་ཡིན།

4.jpg

  • ནང་སོག་ཤིས་ལིན་ཀུའོ་ལེ་ཡི་འབྲོག་པ་ཞིག་གིས་ཉེན་རྟོག་པར་བ་གླང19བོར་སོང་བ་ཡར་ཞུ་བྱས་ནས།  རྟ་ཐོག་ཉེན་རྟོག་རུ་ཁག་གི་རུ་དཔོན་ཨ་ཆི་ཐུའུ་ཡིས་མི་དམངས་ཉེན་རྟོག་པའི་སྣེ་ཁྲིད་དེ་ཁངས་རླུང་ཁྲོད་ཆུ་ཚོད8རིང་བཙལ་ནས་བོར་བརླག་སོང་བའི་བ་གླང་བདེ་བླག་ངང་རྙེད་པ་རེད།

སྲིད་ཇུས།

  • ཧོ་པེས་བརྡ་ཐོ་བཏང་སྟེ་སང་ལོའི་ལོ་ཧྲིལ་པོར་གནས་སྐོར་རླངས་འཁོར་གཟའ་མཇུག་དང་དུས་ཆེན་གྱི་སྐབས་སུ་ཧོ་པེ་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་དུས་མུ་མཐུད་དུ་ཤར་བགྲོད་གྲོན་དངུལ་མི་བསྡུ་བ་གཏན་འབེབས་བྱས།

  • ཁྲུང་ཆིང་གིས་སྡོད་ཁང་སྤྱི་གསོག་མ་དངུལ་སྤྲོད་པའི་ཁང་པའི་བོགས་དངུལ་གྱི་བཅད་གྲངས་མཐོ་རུ་བཏང་ནས་སྤྱི་པའི་བོགས་གཏོང་སྡོད་ཁང་གླས་རིགས་དོན་དངོས་ཀྱི་ཁང་གླའི་འགྲོ་སོང་ལྟར་ལེན་ཆོག་པ་ཁ་གསལ་བཏོན།

  • ཧྲེན་ཀྲེན་གྱིས་སྲོལ་ཡིག་ལ་གྲོས་འཆམ་བྱས་པར་གཞིགས་ན། སང་ལོའི་ཟླ1ཚེས1ཉིན་ནས་བཟུང་ལོ60ཡན་གྱི་རྒན་རྒོན་གྱིས་སྒོ་རྩར་བྲིན་ཚོང་དང་མཁས་ཅན་གྱི་འོས་འགན་སྨན་བཅོས་སོགས་ཀྱི་བྱེད་ཐབས་བརྒྱུད་འཕྲོད་སྦྱོར་རིགས་ཀྱི་ཐོན་རྫས་ཉོ་ཚེ། ཉིན་བདུན་ནང་ཚུན་དུ་རྒྱུ་མཚན་མེད་པར་ཕྱིར་སློག་བྱེད་དབང་ཡོད།

དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད།ཞི ན་ཅང་གི་ཐེན་ཧྲན་རི་བོའི་རྒྱུད་དང་དབྱི་ལི་ལུང་ཤུར། བོད་ལྗོངས་ཀྱི་ནུབ་རྒྱུད་དང་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། ས་ཁུལ་ཁ་ཤས་སུ་ཁ་བ་འབྲིང་བ་ནས་ཆེ་བ། ཡང་ན་ཁངས་ཆེན་འབབ་རྒྱུ་ཡིན། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། ཧུའུ་པེའི་ལྷོ་ནུབ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་འབབ་རྒྱུ་ཡིན།


མཉམ་སྤྱོད།