མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས06ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

གཏམ་བཟང། མཚོ་བྱང་ཁུལ་གྱི་ཚན་རྩལ་རྣམ་གྲངས་གསུམ་ལ་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཐོབ།

2023-12-04 15:46:43   |   180

  རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


1.png

ཟླ11པའི་ཚེས30ཉིན། 2022ལོའི་ལོ་འཁོར་མོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་དགའ་སྤྲོད་པའི་ཚོགས་ཆེན་དེ་ཟི་ལིང་དུ་གཟབ་རྒྱས་ངང་ཚོགས་པ་དང་། ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་ཚན་རིག་ལག་རྩལ་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་དོད་པོ་བཞག་ཡོད་པའི་ཚོགས་པ་དང་མི་སྒེར་ལ་གཟེངས་བསྟོད་བྱ་དགའ་སྤྲད་པ།

640.jpg

       རང་ཁུལ་གྱིས་གཙོ་བོ་ཟབ་ཞུགས་བྱས་ཏེ་ལེགས་འགྲུབ་བྱུང་བའི“མཐོ་གྲང་རྩྭ་རའི་ཕྱུགས་འཚོའི་སྐྱེ་ཁམས་མ་ལག་ཇེ་ལེགས་སུ་གཏོང་བའི་དོ་དམ་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན”ཞེས་པའི་རྣམ་གྲངས་ལ“མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་དང་པོ”ཐོབ་པ་དང་། “ནོར་གནག་གི་ཕྱུགས་སྤུས་ཇེ་མཐོར་གཏོང་པ་དང་འཚོ་བཅུད་དོ་སྙོམས་ཀྱི་གསོ་ཚགས་འགག་རྩའི་ལག་རྩལ་གཅིག་སྡུད་དཔེ་སྟོན་དང་ཁྱབ་གདལ”དང “ཕྱུགས་ཀྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལག་རྩལ་མ་དཔེ་ཞིབ་འཇུག་དང་ཉེར་སྤྱོད་ཁྱབ་གདལ”ཞེས་པའི་རྣམ་གྲངས་ལ“མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་གཉིས་པ”ཐོབ། དེ་དང་ཆབས་ཅིག་མཚོ་བྱང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གི་དོ་དམ་ཨུ་ལྷན་ཀྲོའུ་ཡུས་ཆིང་དང་ཀྲོའུ་ལེ་ལ“མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་དང་པོ”དང“མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་གཉིས་པ”སོ་སོར་ཐོབ་པ་དང་། མཚོ་བྱང་ཁུལ་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཧོ་ཁྲེང་ཅིར“མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་གཉིས་པ”ཐོབ། ཁྱོན་མི་སྒེར་གྱི་བྱ་དགའ་གསུམ་ཐོབ།

640 (1).jpg



མཉམ་སྤྱོད།