དེ་རིང་ནི2025ལོའི་ཟླ05པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་ཆུང་ལྔ་པས་མཚོ་བྱང་ཁུལ་ལ་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་འཕྲིན་བཅར་ཐེར་འདོན་གནད་དོན10སྤྲད།

2023-12-04 11:50:18   |   520

སྒྲིག་སྒྱུར།  དོན་འགྲུབ་མཚོ།   ཡོང་ཁུངས།  མཚོ་བྱང་མདོ་ལ་ཚགས་པར།    བཤེར་འབེབས།  རིན་ཆེན་ཚེ་རིང་།


2023ལོའི་ཟླ11པའི་ཚེས25ཉིན།ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་ཆུང་ལྔ་པས་མཚོ་བྱང་ཁུལ་ལ་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་མང་ཚོགས་ཀྱི་འཕྲིན་བཅར་ཐེར་འདོན་གནད་དོན་སྡོམ་པས10སྤྲད།གནད་དོན་དེ་དག་ནི་རྫོང4ལ་འབྲེལ་ཡོད་ཅིང་།འཇུ་ལག་རྫོང་ལ་གནད་དོན3དང་། མདོ་ལ་རྫོང་ལ་གནད་དོན3དང་། རྐང་ཚ་རྫོང་ལ་གནད་དོན1དང་། མདའ་བཞི་རྫོང་ལ་གནད་དོན3བཅས་ཡོད།

མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གནད་དོན་ཁྲོད་དུ་སྐྱེ་ཁམས་གཏོར་བརླག་དང་འབྲེལ་བའི་གནད་དོན2དང་། ཆུ་དང་ས་གཤིས་སྦགས་བཙོག་དང་འབྲེལ་བའི་གནད་དོན4དང་།རླུང་ཁམས་ཆེན་མོའི་སྦགས་བཙོག་དང་འབྲེལ་བའི་གནད་དོན2དང་། འཛེར་སྒྲའི་སྦགས་བཙོག་དང་འབྲེལ་བའི་གནད་དོན1དང་།སྦགས་བཙོག་གཞན1བཅས་ཡོད།མིག་སྔའི་བར་དུ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་ཆུང་ལྔ་པས་མཚོ་བྱང་ཁུལ་ལ་སྤྲད་པའི་འཕྲིན་བཅར་ཐེར་འདོན་གྱི་གནད་དོན་ཚང་མ་འབྲེལ་ཡོད་རྫོང་དང་སྡེ་ཚན་ལ་སྤྲད་པ་དང་། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་གོ་རིམ་ལྟར་སྒྲུབ་བཞིན་ཡོད།

微信图片_20231204120055.jpg


མཉམ་སྤྱོད།