དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་གྱིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་འཚམས་འདྲི་གནང་བ་དང་འབྲེལ་ལས་དོན་སྦྲེལ་མཐུད་བྱས་པ།

2023-12-07 11:27:17   |   369

སྒྲིག་སྒྱུར། དོན་འགྲུབ་མཚོ། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དུ་འཚམས་འདྲི་གནང་བར་ཕྱིན་པ་དང་། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་རེན་ལིའུ་ཧའོ་ཉན་དང་མཉམ་དུ་མཚོ་བྱང་གི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་འབྲེལ་ཡོད་ལས་དོན་ཐད་བཞུགས་མོལ་གནང་།

1~1.jpg

ཀྲང་ཧྲིང་ཡོན་གྱིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྨན་བཅོས་སྒྱུར་བཅོས་དང་། བོད་ཀྱི་གསོ་རིག་འཕེལ་རྒྱས། སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་བཅས་ཀྱི་ཐད་དུ་མཚོ་བྱང་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་དངུལ་གྱི་རྒྱབ་སྐྱོར་གནང་བ་ལ་ཐུགས་རྗེ་ཆེ་ཞུས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རིམ་གསུམ་སྨན་ཁང་གསར་འཛུགས་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣ་གསོ་སྦྱོང་། ཚོགས་སྒྲིག་རྣམ་པའི་རོགས་སྐྱོར། གཙོ་གནད་ཚན་ཁག་དང་ཁྱད་ལྡན་ཚན་ཁག་འཛུགས་སྐྲུན། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྐྱོད་པ་སོགས་ཀྱི་ལས་དོན་ལ་གཟིགས་སྐྱོང་གནང་རོགས་ཞུས་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བདེ་ཐང་མཚོ་བྱང་འཛུགས་སྐྲུན་བྱེད་པ་གཞི་རྟེན་བྱས་ཏེ། འཕྲོད་བསྟེན་བདེ་ཐང་གི་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་།  སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ། ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོར་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱས་ནས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།

ཀྲུའུ་རེན་ལིའུ་ཧའོ་ཉན་གྱིས་ཀྲང་ཧྲིང་ཡོན་དང་བཅས་པར་དགའ་བསུ་ཞུས་ཤིང་། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། སྨན་བཅོས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་དང་དམ་ཟབ་རྣམ་པའི་སྨན་བཅོས་མཉམ་སྒྲིག་འཛུགས་སྐྲུན་སོགས་ཀྱི་ཐད་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་། མཚོ་བྱང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་གལ་ཆེན་བློ་ལ་བརྟན་པོར་ངེས་པར་བྱས་ཏེ། ཧྲན་ཏུང་གི་རོགས་སྐྲུན་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ལྟེ་གནས་ཆེན་པོ་ལྔ་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་མཚོ་སྐོར་སྨན་བཅོས་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མཚོ་བྱང་འཕྲོད་བསྟེན་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྔར་བཞིན་འཕྲོད་བསྟེན་བདེ་ཐང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། རིམ་པ་གསུམ་པའི་སྨན་ཁང་གསར་འཛུགས། ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྲུན་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མཚོ་བྱང་གི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་མི་དམངས་ལ་བདེ་ཐང་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་པའི་རེ་བ་ཡོད་ཅེས་བསྟན།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧྲི་ཆི་ལུའུ་དང་། འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞུང་དོན་ཁང་དང་། སྨན་དོན་དོ་དམ་ཅུ། འཆར་འགོད་ཁྲུའུ་སོགས་འབྲེལ་ཡོད་ཁྲུའུ་དང་ཁང་དང་། དེ་བཞིན་མཚོ་བྱང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག སྲིད་གཞུང་གི་དྲུང་ཆེ་ཧོ་ཏེ་ལུང་། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།


མཉམ་སྤྱོད།