དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-08 07:18:47   |   430

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ12ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་ཉེར་བཞི་པར་ཕེབས་པའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེར་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་བ་ཡིན།

  • ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་དང་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་གི་གདན་ཞུས་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ12ཚེས12ནས་ཚེས13ཉིན་བར་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱས་ཏེ་ཀྲུང་གོའི(ཧྲང་ཧའེ)རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཆུ་ཚད་མཐོ་བའི་ལམ་ལུགས་ཀྱི་སྒོ་འབྱེད་སྐུལ་འདེད་གཏོང་བའི་སྤྱིའི་ཇུས་གཞི》པར་འགྲེམས་བྱས།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉིན་ཤས་གོང་། ཧོ་ནན་ཞིན་ཞང་སོགས་གྲོང་ཁྱེར25དང་ནན་ཅིང་ཅང་ཉིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སོགས་གླིང་ཁུལ10ཐཱན་ཏ་ཧྥུང་ཚོད་ལྟ་ཁག་དང་པོ་ཡིན་པར་གཏན་འཁེལ་བྱས།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཅུ་གཅིག་པར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི3.7ཟིན་པ་དང་ཟླ་རེའི་འཕར་ཚད་ཟླ་བཅུ་པའི་དུས་མཚུངས་ལས0.9%ནས1.2%བར་མཐོ་རུ་ཕྱིན་ཡོད།

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཅུ་གཅིག་པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར31718ཟིན་པ་དེ་ཟླ་བཅུ་པའི་ཟླ་མཇུག་དང་བསྡུར་ན2.28%འཕར་ཡོད།

  • རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་དང་པོས་ཏང་སྲིད་མགོ་ཁྲིད་ལས་བྱེད་པ17ལ་འགན་འཁྲི་བདའ་འདེད་བཏང་བ་རེད།

  • སློབ་གསོ་པུའུ་དང་མི་སྤྱི་པུས་གནས་ཚུལ་སྤེལ་བར་གཞིགས་ན། མཐོ་སློབ་མཐར་ཕྱིན་སློབ་མའི་གཞི་ཁྱོན་སྔོན་དཔག་བྱས་ན་མི་ཁྲི1179ཟིན་པ་དེ་དུས་མཚུངས་ལས་མི་ཁྲི21འཕར་ཡོད།

2.jpg

  • ཚེས7ཉིན། འཛམ་གླིང་ཐོག་ཆེས་གཏིང་ཟབ་ཤོས་དང་ཆེས་ཆེ་བའི་ས་འོག་ཚོད་ལྟ་ཁང་སྟེ“ཅིན་ཕིང་སྒྲིག་བཀོད་ཆེ་མོ”སི་ཁྲོན་ལེང་ཧྲན་དུ་ཚན་རིག་དང་མཐུན་པའི་འཁོར་སྐྱོད་བྱེད་མགོ་ཚུགས།

  • ཅི་ལིན་གྱིས་ཅཱ་རྡོ་འདུས་པའི་གཏེར་ཁ་ཆེ་གྲས་ཤིག་རྙེད་དེ་ཐོན་ཁུངས་ཀྱི་ཚད་ཏུན་དུང་ཕྱུར་12.52ཡོད་པ་གཏན་འཁེལ་བྱས་ཤིང་། རྒྱལ་ནང་གི་ཅཱ་རྡོའི་གཏེར་ཁའི་ཐོན་ཁུངས་ཀྱི་གཞི་ཁྱོན་ཟིན་ཐོ་གསར་པ་བཏོད་ཡོད།

སྤྱི་ཚོགས།

  • དེ་རིང་དང་སང་ཉིན་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། ཧྭ་བྱང་། ཧོང་ཧོའེ། བྱང་ཤར་ས་ཁུལ་གྱི་དྲོད་ཚད4℃ནས8℃བར་ཆག་རྒྱུ་དང་། ནང་སོག་དབུས་ཤར་རྒྱུད་དང་བྱང་ཤར་ས་ཁུལ་གྱི་དབུས་ལྷོ་རྒྱུད་ཀྱི་ཆག་ཚད12℃ཡན་ཟིན་རྒྱུ་རེད།

  • རྒྱལ་ཁབ་སྦྲག་སྲིད་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཅུ་གཅིག་པར་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར130ལས་བརྒལ་ཡོད།

  • ཀྲུང་གོ་མི་དམངས་དངུལ་ཁང་གིས2024ལོའི་རྩ་ཆེའི་ལྕགས་རིགས་དྲན་གསོའི་དངུལ་ལོར་རྣམ་གྲངས་འགྲེམས་སྤེལ་འཆར་གཞི་ཁྱབ་བསྒྲགས་བྱས་ཏེ། རྣམ་གྲངས10དང་སྣ་ཁ53འགྲེམས་སྤེལ་བྱ་རྒྱུ་ཡིན།

  • ཚེས7ཉིན་ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པའི་འདྲི་གཅོད་དང་པོས་ཡོངས་བསྒྲགས་གིས་མཚོ་སྔོན་ཞིང་ཨུའི་དེ་སྔའི་རྒྱུན་ཨུ་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ལི་ཅེ་ཞང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་དེར་འདྲི་ཞིབ་བྱས་པ་རེད།

3.jpg

  • ཅིང་ཞུང་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཅིང་ཞུང་ཟམ་ཆེན་ཚེས6ཉིན་ལེགས་གྲུབ་བྱུང་བ་དང་། ཅིང་ཞུང་མྱུར་བགྲོད་གཞུང་ལམ་ལོ་མཇུག་ཏུ་ལམ་ཐིག་ཧྲིལ་པོ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

4.png

  • ཧོ་ནན་ཀྲེང་ཀྲོའུ་ཡི་གྲོང་མི་ལིའུ་ཅུན་ཅེ་ཡིས་ལུས་རྩལ་དང་བཟའ་བཏུང་ཚོད་འཛིན་བྱས་པ་བརྒྱུད། ཟླ་གཅིག་ལྷག་ཙམ་རིང་རྒྱ་མ་བཅུ་གསུམ་ཉུང་དུ་བཏང་ནས་ཁྲག་སྐྱེད་ཕྲ་ཕུང་གཙོ་བོ་ཞལ་འདེབས་ཕུལ་ཏེ་ཁྲག་ནད་ཕོག་མཁན་ཞིག་ལ་རོགས་སྐྱོབ་བྱས།

སྲིད་ཇུས།

  • ཧྲན་ཞི་ཡིས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་དཀའ་སེལ་ཐེབས་རྩ་བཙུགས་ཏེ། དམངས་གཉེར་ཁེ་ལས་ལ་དཀའ་སེལ་དང་འཕྲལ་སྡོམ་ཐད་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་ཁ་གསལ་བཏོན།

  • ཧེ་ལུང་ཅང་གིས་སྨན་རྫས་ཕྱིར་ཚོང་བྱེད་སྐབས། གཏན་འབེབས་ལྟར་སྨན་རྫས་ཀྱི་མིང་དང་། རིན་གོང་། རིན་གོང་འཇལ་བྱེད་བཅས་གསལ་པོར་འགོད་དགོས་པའི་བླང་བྱ་བཏོན།

  • སི་ཁྲོན་གྱིས་ཤེས་ལྡན་མི་སྣའི་ཆེད་གཏོགས་ཡིད་རྟོན་བྱང་བུ་བཏོན་ནས་ཆ་རྐྱེན་འཛོམས་པའི་མཐོ་རིམ་ཤེས་ལྡན་པར་གཏན་འཇགས་དངུལ་གྲངས་མཐོ་ཤོས་སྒོར་ཁྲི100ཡོད་པ་གཏན་འབེབབ་བྱས།

དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ས་ཁུལ་མང་ཆེ་བ། ཅི་ལིན་གྱི་བྱང་རྒྱུད། ཞིན་ཅང་གི་དབྱི་ལི་ལུང་ཤུར། བོད་ལྗོངས་ཀྱི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁ་བ་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། དེའི་ནང་ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁ་བ་འབྲིང་བ་ནས་ཆེ་བ་ཡོད། བོད་ལྗོངས་ཀྱི་ལྷོ་རྒྱུད་དང་། སི་ཁྲོན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཡུན་ནན། ཀུའེ་ཀྲོའུ་ཡི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཡུན་ནན་ནུབ་རྒྱུད་སོགས་ས་ཁུལ་ཁག་ཏུ་ཆར་པ་ཆེན་པོ་འབབ་རྒྱུ་ཡིན།


མཉམ་སྤྱོད།