དེ་རིང་ནི2025ལོའི་ཟླ05པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གིས་བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་བཏང་།

2023-12-11 16:48:00   |   2883

སྒྲིག་སྒྱུར།  དོན་འགྲུབ་མཚོ།   ཡོང་ཁུངས།  མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན་ཏུ།མཚོ་བྱང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ་ཡིས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་རིམ་སྤོར་བྱ་བའི་ལོ་ལྔའི་བྱ་སྤྱོད་ཀྱི་གཙོ་གནད་ལ་དམིགས་ནས་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་ཟམ་མི་ཆད་པར་ཆེ་རུ་བཏང་།

ད་ལོ་ནས་བཟུང་། མཚོ་བྱང་ཁུལ་གྱི་རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་གྲོང་ཚོའི་བསྡུར་ཚད100%ཡིན་ལ། ཁུལ་ཡོངས་སུ་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་སྒྲིག་བཀོད་དང་ལུད་རྫིང23འཛུགས་སྐྲུན་བྱས་པ་དང་།  གྲོང་ཚོ43གྱི་འཚོ་བའི་བཙོག་ཆུ་ཚང་མ་བསྡུ་རུབ་སྒོས་གཙང་སེལ་བྱེད་པ་མངོན་འགྱུར་བྱུང་ནས་ཁུལ་ཡོངས་ཀྱི་གྲོང་ཚོའི་སྡོམ་འབོར་གྱི20.09%བཟུང་ཡོད།  གྲོང་ཚོའི་གཙང་སྦྲ་མི་སྣ1492བཀོད་སྒྲིག་བྱས་པ་དང་། གྲོང་རྡལ་གྱི་གད་སྙིགས་སྦས་ས11འཛུགས་སྐྲུན་བྱས། སྙིགས་སྒམ1448དང་དུད་ཚང་གི་སྙིགས་སྒམ12839དང་། གད་སྙིགས་སྐྱེལ་འདྲེན་རླངས་འཁོར198བཀོད་སྒྲིག་བྱས་ཡོད། ད་ལོར། ཁུལ་ཡོངས་སུ་རིམ་རྩིས་བྱས་ན་རོང་འབྲོག་ཁུལ་གྱི་གད་སྙིགས་ཏུན13343གཙང་སེལ་བྱས་པ་དང་། གང་བྱུང་དུ་འཛུགས་སྐྲུན་བྱས་པའི་བཟོ་བཀོད་དངོས་པོ་དང་གྱང་རོ1015བཅོས་སྒྲིག་བྱས་ཤིང་། ཚད་ལྡན་མིན་པའི་གད་སྙིགས་སྤུངས་ས170བཅོས་སྒྲིག་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་མཚོ་བྱང་ཁུལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི14967བཏང་ནས་མི་སྡོད་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས6ལག་བསྟར་བྱས། མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། གྲོང་ཚོའི་གད་སྙིགས་དང་བཙོག་ཆུ་གཙང་སེལ། སྤྱི་པའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་བཟང་དུ་སོང་ཞིང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད། མིག་སྔའི་བར། ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་དུ་སྤྱི་པའི་གསང་སྤྱོད་ཁང306དང་། གྲོང་གསེབ་ཀྱི་གསང་སྤྱོད་ཁང39848འཛུགས་སྐྲུན་བྱས་ཤིང་། གྲོང་གསེབ་ཀྱི་གསང་སྤྱོད་ཁང་གི་ཁྱབ་ཚད85%ཟིན་ཡོད། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་གྱི“ཁུལ་གསུམ”དབྱེ་འབྱེད་གཏན་འབེབས་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ། ཁུལ་ཡོངས་ཀྱི་སྤྱིར་བཏང་གི་གཞི་ཁྱོན་ཡན་གྱི་གསོ་སྤེལ་ར་བའི་ཕྱུགས་ལུད་གཙང་སེལ་སྒྲིག་བཀོད་ལེ་ལག་ཚང་སྒྲིག་བྱེད་ཚད95%ཡན་ཟིན་པ་དང་། གཞི་ཁྱོན་ཆེ་བའི་གསོ་སྤེལ་ར་བའི་ཕྱུགས་ལུད་གཙང་སེལ་སྒྲིག་བཀོད་སྒྲིག་ཆས་ཆ་འགྲིག་བྱེད་ཚད100%ཟིན་ཡོད། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་སོགས་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད86%ཟིན་ཡོད།


མཉམ་སྤྱོད།