དེ་རིང་ནི2025ལོའི་ཟླ05པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-12 07:31:49   |   2273

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ12ཚེས11ཉིན། བློ་མཐུན་སང་གོ་ཝེ་ཡི་སྐུ་གདུང་པེ་ཅིང་པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོར་ཞུགས་འབུལ་བྱས། ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་པ་པའོ་རི་བོར་ཞལ་གྱེས་གནང་བར་ཕེབས།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉེ་ཆར《ཕྱི་ནང་གི་ཚོང་དོན་གཞི་གཅིག་ཅན་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ》པར་འགྲེམས་བྱས།

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར13908.2ཡིན་ལ། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབོར་ནི་ཡང་བསྐྱར་ལོ་རྒྱུས་ཀྱི་ཆེས་ཐོ་ཤོས་ཡིན།

  • ཟླ11པར། རང་རྒྱལ་གྱི་རླངས་འཁོར་ཐོན་ཚད་ཁྲི309.3ཡིན་ལ། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • བཟོ་འཕྲིན་པུ་སོགས་སྡེ་ཁག་གསུམ་གྱིས་ཡིག་ཆ་བཀྲམ་ནས། རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་ཉུང་འཕྲི་གཏོང་བའི་ནུས་ཁུངས་གསར་པའི་རླངས་འཁོར་ཐོན་རྫས་ཀྱི་ལག་རྩལ་བླང་བྱར་ལེགས་སྒྲིག་བྱས།

新闻01.jpg

  • ཟླ11ཚེས30ཉིན་བར། རྒྱལ་ཡོངས་ལྕགས་ལམ་གྱི་ལས་གཉེར་ལམ་ཐག་སྤྱི་ལེ་ཁྲི15.55ལས་བརྒལ། དེའི་ནང་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི4.37ཡིན།

  • ལྗང་མདོག་ཕྱིར་ཚོང་གི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་དང་པོ་སྟེ《ལྗང་མདོག་ཕྱིར་ཚོང་དོ་དམ་ཚད་གཞི》ཉིན་ཤས་གོང་ཁྱབ་བསྒྲགས་བྱས་ཤིང་། ཐུམ་སྒྲིལ་རྒྱུ་ཆ་སྣ་ཚོགས་སྤྱོད་ཚད་ཉུང་དུ་གཏོང་དགོས་པ་གསལ་བོར་བཏོན་ཡོད།

  • ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འགག་སྒོའི“ངོས་ལེན་བྱས་ཟིན་པའི་ལས་གཉེར་མཁན”གྱི་ཕན་ཚུན་ངོས་འཛིན་བྱ་བ་ཚེས14ཉིན་དངོས་སུ་ལག་བསྟར་བྱེད་རྒྱུ་རེད།

  • ཨ་ཀེན་ཐིན་གྱི་ཙུང་ཐུང་གསར་པ་སྨི་ལའེ་ཡིས་ཚེས10ཉིན་རྒྱལ་ས་པུ་དབྱི་ནོ་སི་ཨེ་རི་སི་རུ་འགན་བཞེས་དམ་བཅའ་བཞག

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཚེས12ཉིན་གྱི་མཚན་མོ་ནས་ཚེས16ཉིན་བར། གྲང་རླུང་ཞིག་ཞིན་ཅང་ནས་འགོ་བརྩམས་ཏེ་ནུབ་ནས་ཤར་ཕྱོགས་སུ་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། དྲོད་ཚད་སྔ་རྗེས་སུ་ཏུའུ8ནས12བར་མར་འབབ་རྒྱུ་རེད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བསམ་འཆར་བསྡུ་ལེན་གྱི་མ་ཟིན་ཁྱབ་བསྒྲགས་བྱས་ནས། སློང་རྟེན་ལ་ཁ་གཡར་ནས་གཉེན་སྒྲིག་ལ་བརྟེན་ནས་རྒྱུ་ནོར་ལེན་རྒྱུ་གཏན་འགོག་བྱེད་པ་གཏན་འབེབས་བྱ་རྒྱུ།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་ཀྱིས་གནས་ཚུལ་ལྟར་ན། ཀུའེ་ཀྲོའུ་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ཞིབ་བཤེར་སུའོ་སོགས་སྨན་རྫས་ཞིབ་བཤེར་སྒྲིག་གཞི4ཡིས་ཞིབ་བཤེར་བྱས་པ་བརྒྱུད། རིམ་པ4ཡི་སྨན་རྫས་གཏན་འབེབས་དང་མི་མཐུན་པ་ཤེས་རྟོགས་བྱུང་།

  • ཚེས11ཉིན། ་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་སྒྲིག་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པའམ་རང་སྐྱོང་ལྗོངས་ལྟ་སྐུལ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རིན་གཞོན་པ་དབྱིན་ཞུའེ་རུའུ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། དབྱིན་ཞུའེ་རུའུ་ལ་དུས་བཀག་བཙོན་འཇུག་ལོ་བཅུ་གཅིག་བྱ་རྒྱུའི་ཁྲིམས་ཐག་བཅད།

新闻02.jpg

  • ཀྲེ་ཅང་ཉིང་པོའི་ཁྲེན་ཝང་གནའ་ཤུལ་ནས་གནའ་ཤུལ་མང་པོ་ཐོན་པ་དང་། ལོ་རབས་ནི་ཧོ་མུའུ་ཏུའུ་རིག་གནས་ཀྱི་དུས་ཐེངས་བཞི་པ་ནས་ཐང་སུང་དུས་སྐབས་བར་རྒྱུན་མཐུད་བྱས་ཡོད།

新闻03.gif

  • ཚེས11ཉིན་གྱི་ཐོ་རེངས་སུ། རླངས་འཁོར700ལྷག་ཁངས་བབས་པའི་རྐྱེན་གྱིས་ཅིང་ཁུན་མྱུར་བགྲོད་གཞུང་ལམ་དུ་ལུས་ཤིང་། ཧྲན་ཞི་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་ཉེན་རྟོག་པས་ཉེན་རྟོག་པའི་རླངས་འཁོར་གྱིས་མྱུར་ཚད་ཚོད་འཛིན་དང་ལམ་ཁྲིད་པའི་བྱེད་ཐབས་སྤྱད་དེ་ལུས་ཡོད་པའི་རླངས་འཁོར་བདེ་འཇགས་ངང་ཁངས་ལམ་ནས་བསྐྱོད་པར་རོགས་རམ་བྱས།

སྲིད་ཇུས།

  • ཀན་སུའུ་ཡིས་སྲོལ་ཡིག་བཟོ་བཅོས་བྱས་ནས། སྤྱི་པའི་ལུས་རྩལ་ཐང་གི་སྒྲིག་བཀོད་དེ་སྤྱི་ཚོགས་ལ་རིན་མེད་དམ་ཡང་ན་རིན་དམའ་བའི་སྒོ་ནས་སྒོ་འབྱེད་བྱེད་དགོས།

  • ཐེན་ཅིན་གྱིས་ཡིག་ཆ་བཀྲམ་ནས། སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ནང་གི་གནས་གཏན་སྨན་བཅོས་སྒྲིག་གཞི་ཁག་བར་རྒྱལ་ཡོངས་ཀྱི་གཅིག་གྱུར་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས་སྨན་ཐོ་འཁོར་རྒྱུག་བྱེད་པར་རྒྱབ་སྐྱོར་བྱས།

  • ཧྲེན་ཀྲེན་གསལ་བོར་བསྟན་ནས། སང་ལོའི་ཟླ1ཚེས1ཉིན་ནས་བཟུང་། རང་འགུལ་འགྲེམས་སྟོན་དུས་སྐབས་དང་རང་འགུལ་དངུལ་སྤྲོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པའི་དྲ་རྒྱའི་ཉོ་ཚོང་གཉེར་སྐྱོང་མཁན་གྱིས་རང་འགུལ་དངུལ་སྤྲོད་ཁས་ལེན་བྱེད་མི་རུང་།

དེ་རིང་གི་གནམ་གཤིས།

新闻04.jpg

  • ཞིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། ཧྲའན་ཞིའི་ལྷོ་རྒྱུད། ཧོ་ནན་གྱི་ལྷོ་རྒྱུད། ཅི་ལིན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་འབབ་པའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ། དེའི་ནང་ཞིན་ཅང་བྱང་རྒྱུད་ཀྱི་ཤར་རྒྱུད་དང་དབྱི་ལི་ལུང་གཞུང་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་པོ་དང་ཁངས་འཚུབ་འབབ་རྒྱུ། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཡུན་ནན་གྱི་དབུས་ལྷོ་རྒྱུད། ཀུའེ་ཀྲོའུ་ཤར་རྒྱུད། ཀོང་ཞིའི་ས་ཆ་མང་ཆེ་བ། ཧུའུ་ནན་གྱི་ལྷོ་རྒྱུད། ཧུའུ་པེའི་ནུབ་བྱང་རྒྱུད། ཨན་ཧུའེ་ཡི་དབུས་ལྷོ་རྒྱུད། ཀྲེ་ཅང་དང་ཧྥུ་ཅན་གྱི་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་ཆར་འབྲིང་ཙམ་འབབ་རྒྱུ།


མཉམ་སྤྱོད།