མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་གྱིས་བརྗོད་དོན་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་བགྲོ་གླེང་ཚོགས་འདུ་འཚོགས་པ།

2023-12-12 15:38:03   |   1752

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས11ཉིན། མཚོ་བྱང་ཁུལ་ཨུས་བརྗོད་དོན་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་བགྲོ་གླེང་ཚོགས་འདུ་འཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་སྤྱད་དེ་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ཐད་བགྲོ་གླེང་དང་། ཧེ་བག་དང་མི་འདང་བའི་གནས་ལ་རྒྱུས་ལོན། བསམ་ཕྱོགས་དང་བྱ་ཐབས་ལ་ཞིབ་འཇུག་བཅས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་གནད་དོན་ཐག་གཅོད་བྱེད་པར་བསྒྱུར་བ་དང་། “མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པའི་དོན་དངོས་ཀྱི་ཕན་འབྲས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་། ཀྲུང་དབྱང་སྐོར་སྐྱོད་མཛུབ་ཁྲིད་ཚན་ཆུང་བཅུ་བཞི་པ་དང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་མགོ་ཁྲིད་ཚོགས་འདུར་ཕེབས་ནས་མཛུབ་སྟོན་གནང་། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཕྱོགས་སྡོམ་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཚན་གཙོ་ཞུའེ་ཅན་ཧྭ་ཡིས་དཔྱད་བརྗོད་སྤེལ།     

1~2.jpg 

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་གི་སྤྱིའི་གནས་ཚུལ་གྱི་ཁྱབ་བརྡ་བཏང་བ་དང་། བློ་མཐུན8ཀྱིས་རང་སོ་སོའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ་བརྗེ་རེས་གཏམ་བཤད་སྤེལ་ཞིང་། གནད་དོན་དང་ཞན་ཆར་དབྱེ་ཞིབ་དང་ཞན་ཆ་གསབ་པའི་ཐབས་ཇུས་བསམ་ཕྱོགས་བཅས་བགྲོ་གླེང་བྱས་ཏེ།  བརྟག་དཔྱད་ཞིབ་འཇུག་དང་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་བགྲོ་གླེང་བརྗེ་རེས་བྱས་པ་བརྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས། དགོངས་པའི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་ལ་སྔར་ལས་གཏིང་ཟབ་པའི་རྒྱུས་ལོན་བྱུང་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་ལག་ལེན་ལ་མཛུབ་སྟོན་དང་བྱ་བར་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་ཚོགས་ཞུགས་ཀུན་གྱིས་བརྗོད། ཚང་མས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ལ་བརྩིས་ཏེ། བརྟག་དཔྱད་ཞིབ་འཇུག་གི་ནོར་བུ་དེ་ཡག་པོར་སྤྱད་དེ། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གེགས་དང་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། གནད་དོན་དངོས་ཐག་གཅོད་ཐུབ་པ་བྱས་ཏེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་བཤད། 

2~1.jpg

ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཚན་གཙོ་ཞུའེ་ཅན་ཧྭ་ཡིས་མཚོ་བྱང་ཁུལ་གྱི་བརྗོད་དོན་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ཐད་བགྲོ་གླེང་བརྗེ་རེས་བྱས་ཚུལ་ལ་དཔྱད་བརྗོད་གནང་བ་སྟེ།  ཁོང་གིས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་མཚོ་བྱང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྤྱོད་ཚུལ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། དྲང་ཕྱོགས་ཀྱི་དཔེ་མཚོན་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བཅོས་སྒྱུར་གྱི་དགོས་མཁོ། གཞི་རིམ་གྱི་རེ་སྒུག དམངས་ཀྱི་འདོད་བློ་བཅས་དང་འབྲེལ་བ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་ཁག་ཅིག་ཞིབ་འཇུག་དང་ཐག་གཅོད་བྱས་པས་སྔོན་དཔག་གི་འབྲས་བུ་ཐོན་ཡོད་ཅེས་བསྟན། ཁོང་གིས་ནན་གྱིས་བསྟན་དོན། གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་དང་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དངོས་སུ་བཀོལ་སྤྱོད་བྱས་པའི་གསལ་ཐོ་བཟོ་བ་དང་། ལས་འགན་བླང་བྱ་ཁ་གསལ་དང་ཐག་གཅོད་བྱ་ཐབས་ཁ་གསལ་ཡོང་བར་བྱེད་དགོས་ལ། ལམ་སྲོལ་ཆགས་པར་སྐུལ་འདེད་བཏང་སྟེ།  བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་མ་ལག་ཚན་རིག་དང་མཐུན་ལ་ཡང་དག་ཅིང་ལག་བསྟར་ཐུབ་པའི་སྒྲིག་སྲོལ་ལམ་སྲོལ་དུ་འགྱུར་བར་བྱེད་པ་དང་། བྱ་བར་སྐུལ་འདེད་དང་འགག་སྒྲོལ་དཀའ་སེལ་གྱི་དངོས་སྒྲུབ་བྱ་ཐབས་སུ་འགྱུར་བར་བྱེད་པ། དམངས་འཚོ་ཇེ་ལེགས་དང་བདེ་སྐྱིད་བསྐྲུན་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཏུ་འགྱུར་བ་བཅས་བྱེད་དགོས། མུ་མཐུད་དུ་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་རྩ་བའི་ལས་འགན། ཞིབ་ཕྲའི་བླང་བྱ་བཅས་ལ་དམིགས་ཏེ། གཙོ་ཤུགས་གཞི་རུམ་དུ་བྱིང་བ་དང་། རིགས་དབྱེ་མཛུབ་སྟོན་ལ་ཤུགས་སྣོན། དཔེ་མཚོན་སྣེ་ཁྲིད་ལ་སྣང་ཆེན་བཅས་བྱས་ནས་ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས་ཚུལ་བསྟན།

3~1.jpg

ཤ་བོ་སྐྱབས་ཀྱིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། བརྗོད་དོན་སློབ་གསོའི་སྲོག་ཤིང་ཇེ་བརྟན་དུ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་གི་རྩལ་ནུས་ཇེ་ལེགས་སུ་གཏོང་བ་དང་། “གཞི་རིམ་དུ་སྐྱོད་པ་བཞིའི”སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་སྒོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རང་རྟོགས་ངང་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་བརྒྱུད་རིམ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་ནས་ལག་ལེན་དངོས་ཀྱི་ཕྱོགས་སུ་སྤྱོད་པར་འགྱུར་བ་གཏོང་དགོས་་པ་དང་། འགན་ཁུར་འཁུར་སེམས་ཆེ་རུ་གཏོང་བ་དང་འཇོན་ཐང་ཆེ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཏུ་འགྱུར་བར་བྱེད་དགོས། དམིགས་ཚད་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རང་འགུལ་ངང་དཔེ་བསྡུར་སྒོས་ཐོན་ལས་ཀྱི“གནས་བཞིའི”འཕེལ་རྒྱས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་ལ་སྤྲད་པའི“མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་ཚད་བླང་བྱ་ལྟར་ཏན་ཏན་ཏིག་ཏིག་གིས་བརྟག་དཔྱད་ཞིབ་འཇུག་བྱ་བ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་སེལ་བ་དང་། དུས་ཡུན་རིང་པོའི་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཕོག་པའི“གནད་དོན་རྙིང་པ”དང་།  དུས་བབ་གསར་པ་དང་དུས་མཚམས་གསར་པར་ཐོན་པའི“གནད་དོན་གསར་པ”། མང་ཚོགས་ཀྱིས་བཤད་པའི“གནད་དོན་ངོ་མ”བཅས་ལ་དམ་པོར་དམིགས་ཏེ་བརྟག་ཞིབ་བྱ་བའི་ཁྲོད་ཀྱི“གནད་དོན་གྱི་གསལ་ཐོ”དེ“གྲུབ་འབྲས་ཀྱི་གསལ་ཐོར”བསྒྱུར་ནས་འགག་གནད་སེལ་བ་དང་དཀའ་གནད་སེལ་བ། ན་ཟུག་སེལ་བ་བཅས་ཀྱིས་སྤྱི་ཡོངས་ཀྱི་བྱ་བར་སྐུལ་ཁྲིད་བྱས་ཏེ་ཕན་འབྲས་ཆེ་རུ་གཏོང་དགོས། ཕན་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་གཏིང་ཟབ་བྱས་ནས་བསམ་ཕྱོགས་འཚོལ་ཞིབ་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་སླར་ཡང་བྱེད་ཐབས་འཚོལ་བ། བསམ་འཆར་ལ་ཉན་རྗེས་སླར་ཡང་མདུན་ལམ་འཚོལ་བ། ཁྱོན་ཡོངས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཚུལ་གསེད་བཀྲོལ་དང་ཕྱོགས་སྡོམ་བྱེད་པ། རྗེས་འདེད་ལ་མུ་མཐུད་དམ་འཛིན་བྱེད་པ། བརྟག་དཔྱད་ཞིབ་འཇུག་གི“དུས་མཇུག་གི་ལེ་ཚན”ཏན་ཏིག་སྒྲུབ་པ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་བྱ་སྤྱོད་ཅན་དང་ཇུས་གཞི་ཅན། ལམ་ལུགས་ཅན་བཅས་ལ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་རོགས་རམ་བྱེད་དགོས།

ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་། ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཁུལ་ཁྲིམས་ཁང་གི་ཡོན་ཀྲང་དང་ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན། ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་ཙུའུ(ཏང་ཨུ)ཡི་འགན་འཁུར་བློ་མཐུན་གཙོ་བོ་དང་བརྗོད་དོན་སློབ་གསོའི་ལྟ་སྐུལ་མི་སྣ་བཅས་ཞུགས།   


མཉམ་སྤྱོད།