དེ་རིང་ནི2025ལོའི་ཟླ05པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྟག་དཔྱད་ཟིན་ཐོ་གསར་ཤོས་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་འབབ་རྒྱུད་དུ་སྡོམ་པས་རླན་སའི་རྩི་ཤིང་རིགས385ཡོད།

2023-12-12 16:35:22   |   2006

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་པོའི་གླིང་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའི་བརྟག་དཔྱད་ཟིན་ཐོ་གསར་ཤོས་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་འབབ་རྒྱུད་དུ་སྡོམ་པས་རླན་སའི་རྩི་ཤིང་ཚན53དང་རྒྱུད194དང་། རིགས385བཅས་ཡོད་པ་རེད།

མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་ཕྱོགས་སུ་ཡོད་ལ། རང་རྒྱལ་གྱི་ཆེས་ཆེ་བའི་སྐམ་སའི་ཚྭ་མཚོ་དང་འཛམ་གླིང་གི་མཐོ་སྒང་སྐམ་སའི་མཚེའུ་རིགས་ཀྱི་དཔེ་མཚོན། རྒྱལ་སྤྱིའི་དུས་བྱའི་གནས་སྤོའི་བགྲོད་ལམ་གྱི་འགག་གནད་གལ་ཆེན་བཅས་ཡིན། 1992ལོར། མཚོ་སྔོན་པོའི་བྱ་གླིང་དེ་རྒྱལ་སྤྱིའི་རླན་ས་གལ་ཆེན་སྐོར་དང་པོའི་མིང་ཐོའི་ཁྲོད་ཚུད་པ་རེད།

1.jpg

མིག་སྔར། མཚོ་སྔོན་པོ་རྒྱལ་སྤྱིའི་རླན་སའི་རྩི་ཤིང་གི་སྣ་མང་རང་བཞིན་ལ་བརྟག་དཔྱད་དང་དཀར་ཆག་སྒྲིག་པའི་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་བྱས་པ་སྟེ། ཐེངས་འདིའི་རྣམ་གྲངས་ཁྲོད་གཙོ་བོ་མཚོ་སྔོན་པོའི་མཐའ་འཁོར་གྱི་མཚེའུ་འགྲམ་རླན་ས་དང་འབབ་རྒྱུད་གཙོ་བོའི་ཆུ་མགོའི་རླན་ས། ན་འདམ་རླན་ས་བཅས་ཀྱི་སྔོ་ཁེབས་རིགས་ལ་བརྟག་དཔྱད་དང་། ཕྱི་ཡོང་གནོད་ཅན་རྩི་ཤིང་ལ་བརྟག་དཔྱད་དང་དམར་དཔེ་འཚོལ་བསྡུ་སོགས་ཀྱི་བྱ་བ་བསྒྲུབས། བརྟག་དཔྱད་བརྒྱུད《མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རླན་སའི་རྩི་ཤིང་བརྟག་དཔྱད་སྙན་ཞུ》དང《མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཕྱི་ཡོང་གནོད་ཅན་རྩི་ཤིང་བརྟག་དཔྱད་སྙན་ཞུ》《 མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རླན་སའི་རྩི་ཤིང་རིས་འགྲེལ》 《མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རླན་སའི་སྐྱེ་ཁམས་མ་ལག་གི་བདེ་ཐང་གནས་ཚུལ་འདྲི་རྩད་སྙན་ཞུ》སོགས་བཏོན་ལ། རྩི་ཤིང་དམར་དཔེ300ལྷག་འཚོལ་བསྡུ་བྱས། 

རྣམ་གྲངས་འདིས་སྡོམ་པས་རྩི་ཤིང་རིགས7དང་ཁྱུ་ཚོགས11ལ་བརྟག་དཔྱད་བྱས་པ་དང་། བརྟག་དཔྱད་བརྒྱུད་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རླན་སའི་རྩི་ཤིང་ཁྲོད་ལུག་མིག་རྩི་ཤིང་གི་རྒྱུད20དང་རིགས64དང་། སྙེ་ཅན་རྩི་ཤིང་གི་རྒྱུད27དང་རིགས41དང་། གླ་སྒང་རྩི་ཤིང་གི་རྒྱུད7དང་རིགས35དང་། སྲན་ཚན་རྩི་ཤིང་གི་རྒྱུད7དང་རིགས24དང་། ལྒ་ཚའི་རྩི་ཤིང་གི་རྒྱུད11དང་རིགས22དང་། གདུགས་དབྱིབས་རྩི་ཤིང་གི་རྒྱུད11དང་རིགས17དང་། ཚལ་དམར་རྩི་ཤིང་གི་རྒྱུད11དང་རིགས17 དང་། རམས་ཚན་རྩི་ཤིང་གི་རྒྱུད8དང་རིགས16དང་། ན་རམ་རྩི་ཤིང་གི་རྒྱུད4དང་རིགས8དང་། ན་ཤུག་རྩི་ཤིང་གི་རྒྱུད1དང་རིགས1དང་། གཙོ་གནད་སྲུང་སྐྱོབ་རྩི་ཤིང་རིགས11དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་རྩི་ཤིང་རིགས4བཅས་ཟིན་ཐོར་བཀོད། གཞན་བརྟག་དཔྱད་ས་ཁོངས་ནས་ཕྱི་ཡོང་གནོད་ཅན་རྩི་ཤིང་གང་ཡང་མ་རྙེད།


མཉམ་སྤྱོད།