དེ་རིང་ནི2025ལོའི་ཟླ05པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-13 07:29:38   |   3319

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

01.jpg

  • ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ཟླ12་ཚེས་11ནས་ཚེས12ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་།

02.jpg

  • ས་གནས་དེ་གའི་དུས་ཚོད་ཟླ12ཚེས12ཉིན་གྱི་ཕྱི་དྲོར། ཧ་ནོ་དབྱི་རུ་འབྱོར་མ་ཐག་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུའེ་གུང་ཀྲུང་དབྱང་སྡོད་གནས་སུ་ཝེ་ཐི་ནམ་གུང་ཁྲན་ཏང་གི་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་གྲོས་མོལ་གནང་ཞིང་། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཝེ་ཐི་ནམ་གུང་ཁྲན་ཏང་དང་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ངེས་གནས་གསར་པ་དང་། ཀྲུང་གོ་དང་ཝེ་ཐི་ནམ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བའི་རྨང་གཞིའི་ཐོག  མཉམ་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐི་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་ཁྱབ་སྒྲོག་བྱས།

  • ཟླ12ཚེས་12ཉིན། ཧ་ནོ་དབྱི་རུ་ཕེབས་ནས་ཝེ་ཐི་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐི་ནམ་གྱི《མི་དམངས་ཚགས་པར》ཐོག《འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཡུའེ་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ནས། མཉམ་དུ་དེང་རབས་ཅན་དུ་སྐྱོད་པའི་ལེའུ་གསར་པ་གཏོད་པ》ཞེས་པའི་མཚན་བཀོད་རྩོམ་ཡིག་སྤེལ།

  • ས་གནས་དེ་གའི་དུས་ཚོད་ཟླ12ཚེས12ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་གྱིས་ཧ་ནོ་དབྱི་རུ་ཝེ་ཐི་ནམ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་གི་སྐུ་ཟླ་ཝུའུ་ཧྲི་མིན་གྱི་གདན་ཞུ་ལྟར། མཉམ་དུ་ཝེ་ཐི་ནམ་གྱི་བུད་མེད་རྟེན་མཛོད་ཁང་ལ་ལྟ་སྐོར་གནང་བ་མ་ཟད་ཇ་བཞེས་གནང་།

  • ད་ལོའི་དུས་ཚིགས་སྔོན་མ་གསུམ་པོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་གི་སྡོམ་འབོར་དུས་མཚུངས་ལས5.22%འཕར་བ་དང་། རྒྱལ་ཡོངས་ཀྱི་སྡོད་དམས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ5.99%དངོས་སུ་འཕར་ཡོད།

  • མིག་སྔའི་བར་དུ། ལྷོ་ཆུ་བྱང་འདྲེན་གྱི་ཤར་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གཞིར་ཕྱོགས་ཡོངས་ནས་ཆུ་ཤར་གཏོང་ཐུབ་ནས་ལོ9འགོར་བ་དང་། རིམ་རྩིས་བྱས་ན་བྱང་ཕྱོགས་སུ་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར670ལས་བརྒལ་ཡོད།

03.jpg

  • ཚེས12ཉིན། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི་བརྒྱ་རིམ་པའི་མཚོ་ཐོག་རླུང་གློག་རྣམ་གྲངས་ཐོག་མ་ཕྱོགས་ཡོངས་ནས་འཛུགས་བསྐྲུན་བྱས་ཏེ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ལོ་གཅིག་གི་གློག་གཏོང་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར30ཙམ་ཡིན།

  • ཕ་ལེ་སི་ཐན་འཕྲོད་བསྟེན་སྡེ་ཁག་དང་དབྱི་སི་རལ་ཕྱོགས་ཀྱི་གནས་ཚུལ་གནས་ཚུལ་ལྟར་ན། ཚེས12ཉིན་བར། ཐེངས་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་དམག་འཁྲུག་གིས་ཕྱོགས་གཉིས་པོའི་མི་ཁྲི1.96ལྷག་ཤི་རུ་བཅུག

སྤྱི་ཚོགས།

  • ཚེས13ནས་ཚེས16ཉིན་བར། རང་རྒྱལ་གྱི་དབུས་ཤར་རྒྱུད་ས་ཁུལ་དུ་སླར་ཡང་གཞི་ཁྱོན་ཆེ་བའི་ཁངས་ཆར་དང་གྲང་ངར་ཆེ་བའི་གནམ་གཤིས་ཡོང་རྒྱུ་དང་། ཀྲུང་གོ་གནམ་གཤིས་ཅུས་ཀྱིས་གནམ་གཤིས་ཀྱི་གནོད་འཚེ་ཚབས་ཆེན(གྲང་རླབས་དང་ཁངས་འཚུབ)རིམ་པ་གཉིས་པའི་འཚུབ་བསྟུན་གྲ་སྒྲིག་བྱས།

  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་བརྡ་ཐོ་བཏང་ནས། དུས་ཡུན་ཟླ་བ་གཅིག་རིང་གི“དྭངས་གསལ་གྱི་བརྙན་ཐུང་གི་ཆ་འཕྲིན་ནང་དོན་གྱི་ཁྲིད་ཕྱོགས་མི་ལེགས་པའི་གནད་དོན་བཅོས་སྒྲིག་བྱེད་པའི”ཆེད་དོན་བྱ་སྤྱོད་སྤེལ་བ་ཁྱབ་སྒྲོག་བྱས།

  • ཧྲང་ཧའེ་གྲོང་ཁྱེར་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་རིན་ཏུང་ཡུན་ཧུའུ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕུད་ཅིང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས།

  • ཉེ་ལམ། ཞིབ་དཔྱོད་ལས་ཁུངས་ཀྱིས་ལེའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་ཧའོ་ཧུང་ཅུན་གྱིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

04.jpg

  • ཚེས11ཉིན། ནང་སོག་ཧུའུ་ལུན་པེར་ཨེར་ཀུའུ་ན་གྲོང་ཁྱེར་དུ་གྲང་ངར་ཆེ་བའི་གནམ་གཤིས་བྱུང་བ་དང་དྲོད་ཚད་ཆེས་དམའ་ཤོས-45.5°Cཡིན།

05.jpg

  • ཚེས12ཉིན། རོགས་སྐྱོབ་དང་དྲག་སྐྱེད་བྱུང་བའི་མཚོ་གཟིག23ལེའོ་ཉིང་ཏ་ལེན་དུ་རྒྱ་མཚོར་བཏང་།

སྲིད་ཇུས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཡིག་ཆ་བཀྲམ་ནས། འགན་འཁྲི་སྙན་སེང་ཞུ་མཁན་ལས་ཁུངས་ཀྱིས་ཆུ་ཚོད2ནང་གློ་བུར་དོན་རྐྱེན་བྱུང་བའི་ཆ་འཕྲིན་ཁོངས་གཏོགས་འཕྲོད་བསྟེན་སྡེ་ཁག་ལ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན།

  • ཁྲུང་ཆིང་གིས་སློབ་གྲྭ་འབྲིང་ཆུང་གིས་གཟའ་འཁོར་གཉིས་རེར་ཉུང་མཐར་ཡང་སེམས་ཁམས་བདེ་ཐང་སློབ་གསོའི་སློབ་ཁྲིད་གཅིག་བཀོད་སྒྲིག་བྱེད་དགོས་པ་དང་། སློབ་སྐབས་རེར་དུས་ཚོད10ལས་ཉུང་མི་ཆོག་པ་གསལ་བོར་བཏོན།

  • ཀྲེ་ཅང་གིས་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་ལོ་རེའི་རྩིས་ཁྲའི་ལྷག་གྲངས་དེ་རང་ཉིད་དམ་ཡང་ན་དེའི་གཉེན་ཉེའིHPVརིམས་འགོག་སྨན་ཁབ་རྒྱག་པར་བཀོལ་ཆོག་ཅེས་གསལ་བོར་བཏོན།

དེ་རིང་གི་གནམ་གཤིས།

06.jpg

  • ཞིན་ཅང་གི་བྱང་རྒྱུད་དང་། ཐེན་ཧྲན་རི་བོའི་རྒྱུད་ཀྱི་ས་ཁུལ་དང་ནང་སོག་གི་དབུས་རྒྱུད། བོད་ལྗོངས་ཀྱི་དབུས་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཧྲའན་ཞིའི་བྱང་རྒྱུད། ཧྭ་བྱང་གི་ས་ཆ་མང་ཆེ་བ། ཧོང་ཧོའེ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཡུན་ནན་གྱི་ས་ཆ་མང་ཆེ་བ། ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད། ཧོང་ཧོའེ་དབུས་ལྷོ་རྒྱུད། ཅང་ཧོའེ་ཡི་ས་ཆ་མང་ཆེ་བ། ཧུའུ་པེའི་ཤར་རྒྱུད་དང་ལྷོ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཧའེ་ནན་གླིང་ཕྲན་དང་ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།