དེ་རིང་ནི2025ལོའི་ཟླ05པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་དུ་ལུ་གུ་མང་རྩེབས་ལག་རྩལ་གྱིས་དམངས་ཀྱི་ཡོང་འབབ་འཕར།

2023-12-13 09:18:43   |   2238

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ12པའི་ཚེས9ཉིན། གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་ལ་སླེབས་དུས། ཆ་རྡུལ་ཚོད་ལྟ་ཁང་དུ་ལག་རྩལ་མི་སྣས་འཚོལ་བསྡུ་བྱས་པའི་ཁྲག་གི་མ་དཔེར་ལུ་གུ་མང་རྩེབས་ཀྱི་གཞི་རྒྱུའི་ཞིབ་དཔྱད་ཚད་ལེན་བྱེད་བཞིན་ཡོད།

640.jpg

640 (1).jpg

མིག་སྔར་བོད་ལུག་ལུ་གུ་མང་རྩེབས་འདེམས་གསོ་བྱེད་པའི་དུས་ཡིན་པ་དང་། བོད་ལུག་ལུ་གུ་མང་རྩེབས་གསོ་སྐྱོང་ར་བའི་ནང་མཚེ་མ་ལུ་གུ་ཆ་གཅིག་ཨ་མའི་འགྲམ་དུ་འབྱར་ནས་འོ་མ་ནུ་བཞིན། རྩེད་འཇོར་རོལ་བཞིན་གཉོམ་ལག་རྒྱས་བཞིན་འདུག དེ་ནི་མཚོ་བྱང་ཁུལ་གྱིས་སྤེལ་བཞིན་པའི་བོད་ལུག་ལུ་གུ་མང་རྩེབས་འདེམས་གསོའི་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན་གྱི་ཚན་ཞིབ་གྲུབ་འབྲས་ཤིག་ཡིན་པ་དང་། ལག་རྩལ་དེས་བོད་ལུག་གི་གསོན་ཚད50%ཡན་མཐོ་རུ་གཏོང་སྲིད།

640 (2).jpg

640 (3).jpg

ལུག་གི་ཐོན་ལས་དེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་འཚོ་གནས་དང་འཕེལ་རྒྱས་ལ་བརྟེན་པའི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན་པའི་ངོས་ནས་མཚོ་བྱང་ཕྱུགས་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ལྡན་ཐོན་ལས་དང་གཙོ་ཁྲིད་ཐོན་ལས་ཤིག་རེད། ལག་རྩལ་གསར་པ་དེས་མཚོ་སྔོན་པོ་འགྲམ་གྱི་དཔེ་སྟོན་ཁྱིམ་ཚང་ལ་བོད་ལུག་ཚན་རིག་དང་མཐུན་པའི་སྒོ་ནས་འཚོ་བའི་བཟང་ཆ་ཐོབ་ཏུ་བཅུག་པས་ཁོ་ཚོར་མངོན་སུམ་གྱི་ཐོབ་སྣང་སྦྱིན་ཡོད།

640 (4).jpg

640 (5).jpg


མཉམ་སྤྱོད།