མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས22ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-14 07:31:06   |   1310

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

01.jpg

  • ས་གནས་དེ་གའི་དུས་ཚོད་ཟླ12ཚེས13ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གཉིས་ཀྱིས་ཧ་ནོ་དབྱི་རུ་ཝེ་ཐི་ནམ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་བཟའ་ཟླ་གཉིས་དང་ལྷན་དུ་ཀྲུང་ཝེ་རྒྱལ་ཁབ་གཉིས་ཀའི་ན་གཞོན་དང་མཛའ་གྲོགས་མི་སྣའི་འཐུས་མིར་མཇལ་འཕྲད་གནང་།

02.jpg

  • ས་གནས་དེ་གའི་དུས་ཚོད་ཟླ12ཚེས13ཉིན་གྱི་ཕྱི་དྲོར། ཝེ་ཐི་ནམ་དུ་རྒྱལ་དོན་འཚམས་འདྲི་མཇུག་འགྲིལ་ནས་རྒྱལ་ནང་དུ་ལོག་ཉེར་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཝེ་ཐི་ནམ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་སྐུ་ཟླ་ཝུའུ་ཧྲི་མིན་དང་ཞལ་གྱེས་གནང་།

03.jpg

  • ས་གནས་དེ་གའི་དུས་ཚོད་ཟླ12ཚེས13ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱིའི་ཀྲུའུ་ཞིའི་ལས་ཤག་ཏུ་ཝེ་ཐི་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་དང་གྲོས་མོལ་གནང་།

04.jpg

  • ས་གནས་དེ་གའི་དུས་ཚོད་ཟླ12ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱི་སྲིད་གཞུང་གི་སྡོད་གནས་སུ་ཝེ་ཐི་ནམ་གྱི་ཙུང་ལི་ཧྥན་མིང་ཀྲེང་ལ་མཇལ་འཕྲད་གནང་།

05.jpg

  • ས་གནས་དེ་གའི་དུས་ཚོད་ཟླ12ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱི་རུ་ཝེ་ཐི་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་ལ་མཇལ་འཕྲད་གནང་།

  • ཟླ12ཚེས13ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐི་ནམ་ལ་རྒྱལ་དོན་འཚམས་འདྲི་གནང་བ་མཇུག་འགྲིལ་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ནས་རྒྱལ་ནང་དུ་ཕྱིར་ལོག

06.jpg

  • ས་གནས་དེ་གའི་དུས་ཚོད་ཟླ12ཚེས13ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱི་རུ་ཧུའུ་ཀྲི་མིང་གི་བང་སོར་མཇལ་བ་མ་ཟད་སྐུ་གདུང་ལ་མེ་ཏོག་གི་ཕྲེང་བ་ཕུལ།

07.jpg

  • ས་གནས་དེ་གའི་དུས་ཚོད་ཟླ12ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་གྱིས་ཝེ་ཐི་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་གི་སྐུ་ཟླ་ཕན་ཧྲི་ཆིང་དང་མཉམ་དུ་ཧ་ནོ་དབྱིའི་རྒྱལ་ཁབ་སློབ་ཆེན་ལ་ལྟ་སྐོར་གནང་།

  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས13ཉིན་གྱི་སྔ་དྲོར། ནན་ཅིང་དུ2023ལོའི་ནན་ཅིང་དམར་གསོད་ཆེན་པོར་རྐྱེན་ལམ་དུ་ཤོར་མཁན་གྱི་རྒྱལ་ཁབ་ཀྱི་སྤྱི་མཆོད་མཛད་སྒོ་གཟབ་རྒྱས་ངང་འཚོགས།

  • ཀྲུང་གོ་མི་དམངས་དངུལ་ཁང་གི་གཞི་གྲངས་ལྟར་ན། ད་ལོའི་ཟླ་སྔོན་མ11པོའི་ནང་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི21.58འཕར་བ་དང་། དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི1.55མང་དུ་འཕར།

  • ད་ལོའི་ཟླ1པོ་ནས་ཟླ11བར། རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར35.6སྐྱེལ་འདྲེན་བྱས་པ་དང་། དུས་མཚུངས་ལས་126%འཕར།

  • ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས་ཚེས13ཉིན་སྙན་ཞུ་ཁྱབ་བསྒྲགས་བྱས་ནས། 2023ལོའི་ཀྲུང་གོའི་དཔལ་འབྱོར་གྱི་ཡར་འཕར་སྔོན་དཔག5.2%བར་མཐོ་རུ་བཏང་།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས13ཉིན། གྲང་རླབས་དང་ཁངས་འཚུབ། འཁེང་འཁྱག་གི་ཉེན་བརྡ་སེར་པོ་དང་རླུང་ཆེན་གྱི་ཉེན་བརྡ་སྔོན་པོ་བཏང་།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའི་གནས་ཚུལ་ལྟར་ན། 2023ལོར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ནང་སྨན་རྫས126་གསར་སྣོན་བྱས།

  • ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཧྲའན་ཞི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རིན་གཞོན་པ་ལི་ཅིན་ཀྲུའུ་འཛིན་བཟུང་བྱ་རྒྱུ་ཐག་གཅོད་བྱས།

  • ཚེས13ཉིན། ལེའོ་ཉིང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཞུའེ་ཧེང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུའེ་ཧེང་ལོ་བཅུ་བདུན་རིང་གི་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད།

08.jpg

  • ས་གནས་དེ་གའི་དུས་ཚོད་ཚེས12ཉིན། 2023ལོའི་རྒྱལ་སྤྱིའི་ལྗོད་འགྱོག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁ་ཐར་གྱི་བྱ་དགའ་ཆེན་པོའི་འགྲན་བསྡུར་གྱི་བུད་མེད་ཀྱི་སྤྱི་རྒྱ81རིམ་པའི་ལྗིད་འགྱོག་འགྲན་བསྡུར་ཁྲོད། ཀྲུང་གོའི་འགྲན་ཞུགས་པ་ལེང་ཞའོ་མེ་ཡིས་གསེར་གྱི་རྟགས་མ་གསུམ་བླངས།

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་སྲིང་བལ་གནོད་འབུའི་ལྗང་མདོག་འགོག་བཅོས་བྱེད་ཐབས་གསར་པ་བཏོན་པ་དང་། ཞིབ་འཇུག་གྲུབ་འབྲས་ཚེས་13ཉིན་རྒྱལ་སྤྱིའི་དུས་དེབ《དེང་རབས་སྐྱེ་དངོས་རིག་པའི》ཐོག་སྤེལ།

  • ཡུན་ནན་ཁྲལ་དོན་སྡེ་ཁག་གིས་ཡན་ཧྲན་རྫོང་ཨ་མོང་སྣུམ་སྣོན་ས་ཚིགས་ཀྱི་ཁྲལ་སྐུང་གྱོད་གཞིར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་དང་། སྣུམ་སྣོན་ས་ཚིགས་དེར་ཁྲིམས་ལྟར་བདའ་འདེད་བཏང་བ་མ་ཟད་སྒོར་ཁྲི501.81་ཡི་དངུལ་ཆད་བཅད།

09.jpg

  • ཅང་སུའུ་སུའུ་ཆན་གྱི་ལོ13ཡིན་པའི་དམའ་འབྲིང་སློབ་མ་དབྱང་ཞིན་གྱིས་ཁྱིམ་དུ་ལོག་པའི་ལམ་བར་དུ་ཤོག་སྒོར་ཁྲི15.8རྙེད་རྗེས། ཐེ་ཚོམ་སྤུ་ཙམ་མེད་པར་ཉེན་རྟོག་པར་ཁ་པར་བཏང་། མིག་སྔར། མངགས་གཏོང་ཁང་གི་ཉེན་རྟོག་པས་དངུལ་ཁུག་ཕྱིར་བདག་པོར་སྤྲད།

སྲིད་ཇུས།

  • ཧི་ནན་གྱིས་ཇུས་གཞི་པར་འགྲེམས་བྱས་ནས། ད་ལོ་ནས2025ལོའི་བར། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་རོགས་སྐྱོར་བྱ་ཡུལ་གསར་པར་གཏན་འཁེལ་བྱས་པའི་གྲོང་ཚོར་གྲོང་ཚོ་རེར་སྒོར་ཁྲི50ལས་མི་དམའ་བའི་ཁ་གསབ་སྤྲོད་རྒྱུ།

  • ཧྲང་ཧའེ་ཡིས་དྲ་རྒྱ་བཀོལ་ནས་རྒན་པ་དམིགས་ཡུལ་དུ་བྱེད་པའི་ཚོང་ཟོག་གམ་ཞབས་ཞུ་ཐད་གཏོང་བྱེད་པར་བདེ་ཐང་དང་ལུས་གསོའི་ཤེས་བྱ་ངོ་སྤྲོད་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས“ལྷ་རྗེ”དང“ལྷ་སྨན”སོགས་ཀྱི་བརྡ་ཁྱབ་རྫུན་མ་སྤེལ་མི་ཆོག་པ་གསལ་བོར་བཏོན།

  • ཀོང་ཏུང་གིས་བརྡ་ཐོ་བཏང་ནས། གནས་གཏན་འཁེལ་གྱི་སྨན་རྫས་སིལ་ཚོང་ཁང་གི་དྲ་ཐོག་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་ཐོག་ནས་སྨན་ཉོས་དེ་སྨན་བཅོས་འགན་བཅོལ་གྱི་སྤོ་འགུལ་གཏོང་སྤྲོད་དང་འབྲེལ་མཐུད་བྱ་རྒྱུ་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་ཁྱབ་བསྒྲགས་བྱས།

དེ་རིང་གི་གནམ་གཤིས།

10.jpg

  • ཞིན་ཅང་གི་ཤར་རྒྱུད་དང་ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད། ནང་སོག་གི་དབུས་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད། ཅི་ལིན་གྱི་ཤར་ལྷོའི་རྒྱུད་དང་། ལེའོ་ཉིང་དང་ཧྭ་པེ། ཧོང་ཧོའེ་བཅས་ཀྱི་བྱང་རྒྱུད་དང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཧོང་ཧོའེ་ལྷོ་རྒྱུད་དང་། ཅང་ཧའེ་དང་ཅང་ཧན། ཅང་ནན་བཅས་ཀྱི་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་བྱང་ཤར་རྒྱུད་དང་། ཡུན་ནན། ཀོང་ཞིའི་ས་ཆ་མང་ཆེ་བ། ཀོང་ཏུང་དང་ཤར་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།