དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་ལྔ་པས་བཏོན་པའི་གནད་དོན་ནན་ཏན་གྱིས་དག་ཐེར་བྱེད་དགོས་པ་ནན་གྱིས་བསྟན།

2023-12-14 10:04:16   |   1872

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མདའ་བཞི་རྫོང་དུ་བསྐྱོད་དེ་ཡུལ་དངོས་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་ལྔ་པས་བཏོན་པའི་གནད་དོན་དག་ཐེར་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས།

1.jpg

མདའ་བཞི་རྫོང་གསེར་ཐང་ཞང་ཡོ་ཧྥུང་སྡེ་བ་རུ་ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་ཡིག་བསྐུར་ཐེར་འདོན་གནད་དོན་ལ་ལྟ་ཞིབ་བྱས་ཤིང་། གནད་དོན་ལ་བརྟག་དཔྱད་བྱས་ཚུལ་དང་ཐག་གཅོད་བྱས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་ཏེ་ནན་གྱིས་བསྟན་དོན། རྫོང་དང་ཞང་། སྡེ་བ་བཅས་ཀྱི་ཁོངས་གཏོགས་ཀྱི་སྐྱེ་ཁམས་འགན་འཁྲི་ནན་ཏན་གྱིས་འཁུར་ཏེ། གནད་དོན་དག་ཐེར་གྱི་རྗེས་མཐུད་ལྟ་སྐུལ་དོ་དམ་དང་དག་ཐེར་བརྟན་སྲུང་གི་ལས་དོན་ཡག་པོ་བསྒྲུབ་སྟེ། དུས་རྒྱུན་དུ་ཕན་འབྲས་ཐོན་མིན་ལ་རྗེས་འདེད་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་བསྒྲུབ་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་བཏང་སྟེ། གཅིག་ཤེས་ཀུན་གྲོལ་དང་གནད་གཅིག་གིས་ཁྱོན་ཡོངས་ལ་གྲལ་བཤེར་བཅོས་སྐྱོང་བྱས་ཏེ་གནད་དོན་གཅིག་ཐག་གཅོད་བྱས་རྗེས་སྐྱོན་ཆ་གཅིག་ཡོ་བསྲང་བྱེད་ཐུབ་པ་བྱེད་དགོས། ས་ཁོངས་ནང་གི་གད་སྙིགས་དང་དངོས་རྫས་རྣམས་ཕྱོགས་ཡོངས་ནས་གཙང་བཤེར་བྱས་ཏེ། མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཐག་གཅོད་མཐར་ཕྱིན་པ་བྱེད་དགོས་ཞེས་བསྟན། 

2.jpg

སྟོང་མདའ་ཆུ་ཤུགས་གློག་ཁང་དུ་ཤ་བོ་སྐྱབས་ཀྱིས་ཁེ་ལས་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཁན་ཡིན་པའི་འགན་འཁྲི་བསྒྲུབ་ཚུལ་ལ་ཞིབ་ཕྲའི་རྒྱུན་ལོན་བྱས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་ལྔ་པས་བཏོན་པའི་ཆུ་ཤུགས་གློག་ཁང་ཆུང་གྲས་གཙང་བཤེར་དག་ཐེར་ནན་མོ་མིན་པའི་གནད་དོན་ཤིན་ཏུ་རྒྱ་ཆེ་ལ་ངེས་པར་དུ་དོ་སྣང་བྱེད་དགོས། ང་ཚོས་ངེས་པར་དུ་ནན་ཏན་གྱིས་བསམ་གཞིགས་ཞིབ་བསྡུར་བྱས་ཏེ། བློ་ཐག་རྦད་ཆོད་ཀྱི་སེམས་ཤུགས་དང་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་འཕྲལ་སྒྲུབ་འཕྲལ་བཅོས་དང་། དག་ཐེར་ནན་མོ། དག་ཐེར་མཐར་ཕྱིན་པ་བཅས་བྱེད་དགོས་ཞེས་བཤད། ཁོང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཨུ་ལྷན་གྱི་མགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། “ས་ཚིགས་གཅིག་ལ་ཐབས་ཇུས་གཅིག”མཐའ་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དག་ཐེར་བྱེད་ཐབས་བཟོ་བ། ལས་ཀའི་བྱེད་ཐབས་ཞིབ་ཚགས་ཅན་དང་ཏན་ཏིག་ཅན་དུ་གཏོང་བ་བཅས་བྱས་ཏེ། བྱེད་ཐབས་ཡོད་པ། ཕན་འབྲས་ཐོན་པ་བྱེད་དགོས། འགན་འཁྲི་དོན་འཁྱོལ་བྱས་ཏེ་ཞིང་ཆེན་དང་ཁུལ་གྱི་མཉམ་འགུལ་དང་ལྟ་སྐུལ་རོགས་རམ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་ཁོངས་གཏོགས་ཀྱི་འགན་འཁྲི་དང་། ལས་རིགས་གཙོ་གཉེར་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི། ཆུ་མཛོད་ཀྱི་འགན་འཁྲི་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཁེ་ལས་ཀྱིས་དག་ཐེར་མཁན་གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ། དག་ཐེར་གྱི་བླང་བྱ་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་། དུས་ཚོད་དང་མཚམས་ཚིགས་ཁ་གསལ་བཟོ་བ། ལས་ཀའི་བྱེད་ཐབས་དོན་འཁྱོལ་བྱེད་པ། གནད་དོན་ཁག་ཕྱོགས་ཡོངས་དང་རྦད་དེ་དག་ཐེར་བྱེད་པ་བཅས་བྱས་ཏེ་གཙང་པོའི་སྐྱེ་ཁམས་མ་ལག་སྐྱོན་བྲལ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས་ཞེས་བསྟན།

3.jpg

ཟུར་གསུམ་གྲོང་རྡལ་གྱི་བཙོག་ཆུ་གཙང་བཟོའི་བཟོ་གྲྭར་ཤ་བོ་སྐྱབས་ཀྱིས་སྒྲིག་ཆས་འཁོར་སྐྱོད་དང་གཙང་སེལ་གྱི་བརྒྱུད་རིམ་ལ་ཞིབ་ཕྲའི་འདྲི་རྩད་གནང་བ་དང་། ཡུལ་དངོས་ནས་བཙོག་ཆུ་སྒྲིག་བཀོད་འཁོར་སྐྱོད་བྱེད་ཚུལ་ལ་གཟིགས་ཞིབ་གནང་སྟེ་ནན་གྱིས་བསྟན་དོན། སྐོར་ཞིབ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་དང་ཁེ་ལས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ལས་ཀའི་ཚད་གཞི་མཐོ་རུ་གཏོང་བ། སྦགས་བཙོག་གཙང་སེལ་སྒྲིག་བཀོད་དང་དྲ་ཐོག་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སོགས་ཚད་ལྡན་དུ་གཏོང་བ། བཙོག་ཆུའི་གྲངས་གཞི་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་པ། བཙོག་ཆུ་བསྡུ་རུབ་དང་གཙང་སེལ་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཆུའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཆུའི་སྤུས་ཚད་བརྟན་ཞིང་ཚད་ལྡན་ཡིན་པའི་འགན་སྲུང་བྱེད་དགོས། ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཅུའི་ཁྲིམས་འཛིན་སྡེ་ཚན་གྱིས་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་བསྣན་ཏེ། སྒྲིག་འགལ་གྱི་གནད་དོན་ཤེས་རྟོགས་བྱུང་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པ་དང་། དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བླང་བྱ་འདོན་དགོས་ཞེས་བསྟན།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་མ་རུའུ་ཞང་། མདའ་བཞི་རྫོང་སྲིད་གཞུང་དང་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཅུའི་འགན་འཁུར་བློ་མཐུན་གཙོ་བོས་ལྟ་སྐུལ་མཛུབ་ཁྲིད་ལ་ཕེབས་རོགས་བྱས། ཁུལ་ཆུ་བེད་ཅུ་དང་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུའི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་བྱས།


མཉམ་སྤྱོད།