དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི་བོད་ལུག“ལོ་གཉིས་ནང་མངལ་ཐེངས་གསུམ་སྦྲུམ་པའི”ཕྱོགས་བསྡུས་རྒྱུད་སྤེལ་ཆ་སྒྲིག་ལག་རྩལ་ཁྱབ་གདལ་བྱེད་པའི་རྣམ་གྲངས་ཀྱི་སྔོན་དཔག་དམིགས་ཚད་ལེགས་པར་གྲུབ།

2023-12-14 10:32:32   |   1413

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་དུས། མཚོ་བྱང་གི་བོད་ལུག“ལོ་གཉིས་ནང་མངལ་ཐེངས་གསུམ་སྦྲུམ་པའི”ཕྱོགས་བསྡུས་རྒྱུད་སྤེལ་ཆ་སྒྲིག་ལག་རྩལ་ཁྱབ་གདལ་བྱེད་པའི་རྣམ་གྲངས་ཀྱི་སྔོན་དཔག་དམིགས་ཚད་ལེགས་པར་གྲུབ་ཟིན་པ་དང་།  དཔེ་སྟོན་དུད་ཚང་ཁག་གི་བོད་ལུག་གིས་ལོ་གཉིས་ནང་མངལ་ཐེངས་གསུམ་སྦྲུམ་ཐུབ་པ་བྱུང་ཡོད།  རྣམ་གྲངས་དེ2021ལོའི་ཟླ7པ་ནས་ལག་བསྟར་བྱེད་མགོ་ཚུགས་པ་དང་། རྣམ་གྲངས་ལ་ནོར་སྲིད་མ་དངུལ་སྒོར་ཁྲི500བཏང་ཞིང་། དཔེ་སྟོན་ས་ཚིགས19ནས་ལག་རྩལ་དཔེ་སྟོན་ཁྱབ་གདལ་བཏང་ཡོད།  ལོ་གཉིས་ཀྱི་རིང་ལ། ཞིང་ཆེན་དང་།  ཁུལ།  རྫོང་།  ཡུལ་ཚོ་བཅས་རིམ་པ་བཞིའི་ཕྱུགས་ལས་ལག་རྩལ་ཁྱབ་གདལ་སྡེ་ཁག་དང་དཔེ་སྟོན་ས་ཚིགས་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་རྣམ་གྲངས་ཀྱི་དམིགས་ཚད་སྣ་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་པ་དང་། ལྗིད་ཏིག་ཏིག་གི་གྲུབ་འབྲས་ཐོབ་ཡོད།

དཔེ་སྟོན་ས་ཚིགས19ཡི་མ་མོ8400ལ་ལོ་གཉིས་ལ་ཁྱོན་ལུ་གུ24532བཙས་པ་དང་། ལུ་གུ24129གསོན་ཡོད་པ་དང་ལུ་གུ་གསོན་ཚད་ཀྱིས98.35%ཟིན་ཡོད། ལུ་གུ་བཙས་མ་ཐག་པའི་ཆ་སྙོམས་ལྗིད་ཚད3.99kgདང་། ཟླ2སོན་པའི་ལུ་གུའི་ཆ་སྙོམས་ལྗིད་ཚད17.13kgདང་། ཟླ6སོན་པའི་བཤའ་ལུག་གི་ཆ་སྙོམས་ལྗིད་ཚད36.22kgབཅས་ཡིན་པ་དང་།  དོན་དངོས་ཀྱི་ཐོན་སྐྱེད་དང་རྣམ་གྲངས་ཀྱི་སྔོན་དཔག་ཐོན་སྐྱེད་དམིགས་ཚད་གཉིས་བསྡུར་ཚེ། ལུ་གུ་བཙས་པའི་སྟོན་གྲངས་བརྒྱ་ཆའི་གྲངས2.47གྱིས་མཐོ་བ་དང་། བཙས་མ་ཐག་གི་ལུ་གུའི་ལྗིད་ཚད་བརྒྱ་ཆའི་གྲངས5ཡིས་མཐོ་བ་དང་། ཟླ2སོན་པའི་ལུ་གུའི་ལྗིད་ཚད་བརྒྱ་ཆའི་གྲངས14.2ཡིས་མཐོ་བ་དང་། ཟླ6སོན་པའི་བཤའ་ལུག་གི་ལྗིད་ཚད་བརྒྱ་ཆའི་གྲངས3.77གྱིས་མཐོ།

བོད་ལུག“ལོ་གཉིས་ནང་མངལ་ཐེངས་གསུམ་སྦྲུམ་པའི”ཕྱོགས་བསྡུས་རྒྱུད་སྤེལ་ཆ་སྒྲིག་ལག་རྩལ་ཁྱབ་གདལ་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་པ་དེས། ཕྱུགས་ལས་ཀྱི་ལག་རྩལ་གསར་པ་མཚོ་བྱང་དུ་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་བ་མ་ཟད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་བསྒྱུར་བ་དང་།  ཡོང་འབབ་ཇེ་མང་དུ་གཏོང་བ། འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་དང་། ཞིང་ཕྱུགས་ལས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ་དང་།  སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན།


མཉམ་སྤྱོད།