མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས06ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

སྐབས་ལྔ་པའི་རྒྱལ་ཡོངས་བོད་འགྱིག་འགྲན་སྡུར་ཧོར་གྲོང་རྫོང་དུ་འཚོགས།

2023-12-14 11:41:58   |   2324

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


 ཉེ་སྔོན། 2023ལོའི“ཐེན་ཡིའུ་ཏུ”རྟགས་མའི་སྐབས་ལྔ་པའི་རྒྱལ་ཡོངས་བོད་འགྱིག་འགྲན་སྡུར་ཧོར་གྲོང་རྫོང་ཐེན་ཡིའུ་ཏུ་གསོལ་མགྲོན་ཁང་ཆེན་མོར་འཚོགས། རྒྱལ་ཡོངས་ཀྱི་ལྗོངས་ཞིང་ཁག་ཅིག་དང་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོ་ནས་ཡོང་བའི་བོད་འགྱིག་གི་འགྱིག་བ་རྩེ་གྲས་མང་པོ་ཕྱོགས་གཅིག་ཏུ་འཛོམས་ནས་བཙིར་འགྱིག་དང་རྒྱལ་པོ་སྒོ་གཉིས་སོགས་འགྱིག་གི་རྣམ་གྲངས་ཀྱི་འགྲན་སྡུར་ཁྲོད་ཞུགས།

1.jpg

 ཐེངས་འདིའི་འགྲན་སྡུར་ནི་ཀྲུང་གོ་གྲངས་ཉུང་མི་རིགས་ལུས་རྩལ་མཐུན་ཚོགས་ཀྱིས་མཛུབ་ཁྲིད་དང་། མཚོ་སྔོན་ཞིང་ཆེན་འགྱིག་རིགས་ལུས་རྩལ་མཐུན་ཚོགས་ཀྱིས་གཙོ་གཉེར། ཀྲུང་གོ་གྲངས་ཉུང་མི་རིགས་ལུས་རྩལ་མཐུན་ཚོགས་རིག་ནུས་ལུས་རྩལ་ཨུ་ཡོན་ལྷན་ཚོགས་དང་མཚོ་སྔོན་ཧོར་གྲོང་ཐེན་ཡིའུ་ཏུ་ནས་ཆང་མ་རྐང་ཚད་ཡོད་སྤྱི་གཉེར་གྱིས་འགན་སྒྲུབ་བྱས་པ་རེད།

2.jpg

བོད་འགྱིག་ནི་དམངས་ཁྲོད་ནས་བྱུང་བའི་སྤྲོ་གསེང་རོལ་རྩེད་ཅིག་ཡིན་པའི་ཆ་ནས་དེ་ནི་ངལ་རྩོལ་མི་དམངས་ཀྱིས་ཞིང་ཁའི་ཞིང་ཚིགས་བར་དང་རྩྭ་ཐང་དུ་ཕྱུགས་ཟོག་གི་རྫིར་འགྲོ་སྐབས་སོགས་སུ་བརྩེས་ཏེ་བྱུང་བའི་དམངས་ཁྲོད་ཀྱི་གཅེས་ནོར་ཞིག་ཡིན། དེ་ལ་དམངས་ཁྲོད་རིག་གནས་ཀྱི་རྫོང་མཐུག་པའི་ལོ་རྒྱུས་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་ཅིག་ཀྱང་ཡིན། བོད་འགྱིག་གིས་རྒྱ་ཆེའི་མི་དམངས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་མ་ཟད། ཕན་ཚུན་བར་གྱི་འབྲེལ་འདྲིས་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་ལ། ད་དུང་མི་སྒེར་གྱི་ལྟ་ཞིབ་དང་བརྡར་གཅོད། དབྱེ་ཞིབ། སྟབས་བསྟུན་བཅས་ཀྱི་ནུས་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པས། བློ་གྲོས་འཕེལ་བ་དང་ཀླད་པར་ཕན་པའི་རིག་ནུས་ལུས་རྩལ་ལེགས་པོ་ཞིག་ཡིན།

3.jpg

 ཉེ་བའི་ལོ་ཤས་རིང་། རང་ཞིང་གིས་རྒྱལ་ཡོངས་རང་བཞིན་གྱི་བོད་འགྱིག་འགྲན་སྡུར་བསྟུད་མར་ཐེངས་མང་བསྡུས་ཤིང་། རྒྱལ་ཡོངས་དང་རང་ཞིང་གི་བོད་འགྱིག་གི་སྡེ་རུ་ཚུར་སྣང་ཆེན་པོ་བྱུང་ལ། མིང་གྲགས་ཚད་ཀྱང་ཇེ་མཐོ་ནས་ཇེ་མཐོར་གྱུར་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བོད་འགྱིག་ལ་དགའ་བའི་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།


མཉམ་སྤྱོད།