དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་ལྗོངས་ཀྱིས་གཙོད་ལ་སྲུང་སྐྱོང་བྱེད་པའི་ཞིབ་འཇུག་ལྟེ་གནས་བཙུགས་པ།

2023-12-14 11:21:49   |   2215

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར། ཀུང་ཏོང་ཁྲེང་ལུང་སྡེ་ཚོགས་ཀྱིས་སྐྲུན་རོགས་བྱས་པའི་བོད་རང་སྐྱོང་ལྗོངས་གཙོད་ཀྱི་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས(བོད་རང་སྐྱོང་ལྗོངས་རི་སྐྱེས་སྲོག་ཆགས་བསྡུ་འཇུག་རོགས་སྐྱོབ་ལྟེ་གནས)ཀྱི་སྒོ་བྱང་བཀལ་ཞིང་། རྒྱུས་ལོན་པ་ལྟར་ན། རོགས་སྐྱོབ་ལྟེ་གནས་ཀྱིས་བསྡོམས་པས་རི་སྐྱེས་སྲོག་ཆགས402རོགས་སྐྱོབ་བྱས་པ་རེད། ཐེངས་འདིའི་སྤྱི་ཕན་འགུལ་སྐྱོད་ཁྲོད་རོགས་སྐྱོབ་ལྟེ་གནས་དེའི་ལས་དོན་མི་སྣ་སྐོར་ཞིག་བོད་བྱང་ཐང་གི་མི་མེད་ཁུལ་དུ་སོང་ནས་སྔོན་ཆད་རོགས་སྐྱོབ་བྱས་པའི་གསའ་ཕྱི་རོལ་དུ་བཏང་བ་རེད།

བོད་རང་སྐྱོང་ལྗོངས་གཙོད་ཀྱི་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས(བོད་རང་སྐྱོང་ལྗོངས་རི་སྐྱེས་སྲོག་ཆགས་བསྡུ་འཇུག་རོགས་སྐྱོབ་ལྟེ་གནས)ནི་ཀུང་ཏོང་ཁྲེང་ལུང་སྡེ་ཚོགས་ཀྱིས་མ་དངུལ་བཏང་ནས་སྐྲུན་རོགས་བྱས་པ་དང་། 2018ལོར་ནས་བཟུང་ཁྲེང་ལུང་སྡེ་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་། སྐྱེ་ཁམས་གནས་སྐོར་བྱ་གཞག་འཕེལ་རྒྱས་ལ་རམ་འདེགས་བྱས།

2018ལོ་ནས2023ལོའི་བར་དུ་ཀུང་ཏོང་ཁྲེང་ལུང་ཚོགས་པས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1བཏང་ནས་བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲུང་སྐྱོང་ས་ཚིགས73རེ་རེར་ཤེལ་གྱི་ཉི་འོད་ཁང་སྐྲུན་པ་དང་། ཆུ་ཤུར་རྫོང་དུ་བོད་རང་སྐྱོང་ལྗོངས་གཙོད་ཀྱི་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས(བོད་རང་སྐྱོང་ལྗོངས་རི་སྐྱེས་སྲོག་ཆགས་བསྡུ་འཇུག་རོགས་སྐྱོབ་ལྟེ་གནས)སྐྲུན་རོགས་བྱས་ནས། བོད་ལྗོངས་དང་རྒྱལ་ཡོངས་ཀྱིས་མཉམ་དུ་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་དང་སྐྱེ་ཁམས་གནས་སྐོར་ལས་རིགས་འཕེལ་རྒྱས་དམིགས་ཚད་འགྲུབ་པར་རམ་འདེགས་བྱས། །

图片2.png

རང་བྱུང་ཁམས་སུ་བཏང་བའི་གསའ།

图片1.png

དེ་སྔོན་རོགས་སྐྱོབ་ལྟེ་གནས་སུ་ཡོད་པའི་གསའ།

图片3.png

སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་གཙོད།

图片4.png

སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་གཙོད།


མཉམ་སྤྱོད།