དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-15 07:31:44   |   2518

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཚེས14ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཤིས་ནན་ཉིང་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། ཁོང་སྔ་རྗེས་སུ་ཀྲུང་གོའི་ཏུང་མུན་མནའ་འབྲེལ་ཆ་འཕྲིན་གྲུ་ཁ་མ་རྐང་ཚད་ཡོད་སྤྱི་གཉེར་དང་ལེའང་ཆིང་ཁུལ་ཕན་ལུང་སྡེ་ཁུལ་དུ་ཕེབས་ནས། ཀྲུང་གོའི་ཏུང་མུན་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བེད་སྤྱོད་ལ་དམིགས་ནས། གྲོང་ཁྱེར་སྡེ་ཁུལ་གྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པའི་ལས་དོན་སོགས་ལ་ཡུལ་དངོས་ནས་བརྟག་ཞིབ་གནང་།

  • ཟླ12ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁེན་ནི་ཡའི་ཙུང་ཐུང་ལུའུ་ཐུའོ་གཉིས་ཀས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས་ནས་རྒྱལ་ཁབ་གཉིས་ཀའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུས།

  • ད་ལོའི་སྔོན་གྱི་ཟླ11གི་ནང་། རང་རྒྱལ་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་འཕར་ཚད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི33.65ལ་ཐོན་པ་དང་། ལོ་གོང་མའི་དུས་མཚུངས་དང་བསྡུར་ན་སྒོར་དུང་ཕྱུར་ཁྲི2.79ཡི་མང་དུ་ཕྱིན་ཡོད།

  • བཟོ་འཕྲིན་པུའི་གནས་ཚུལ་ལྟར་ན། ད་ལོའི་སྔོན་གྱི་ཟླ11གི་ནང་། རང་རྒྱལ་གྱི་གྲུ་གཟིངས་ལས་པའི་འགྲུབ་ཚད་དང་མངགས་ཐོ་གསར་པ་དང་ལེན་བྱས་ཚད། མངགས་ཐོ་འབྱོར་ཚད་ཀྱི་(ལྗིད་ཚད་ཏུན་ལྟར་བརྩིས་ན)རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་བཅུ་ཆའི་ལྔ་ལས་བརྒལ་ཡོད།

  • 《མི་ལུས་དབང་པོའི་ཞལ་འདེབས་དང་སྤོ་སྒྱུར་སྲོལ་ཡིག》ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པ་དང་། སང་ལོའི་ཟླ5ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཟླ11པར། ཀྲུང་གོའི་སྐྱེལ་འདྲེན་ཐོན་སྐྱེད་སྟོན་གྲངས་ཚེག178.8ཡིན་པ་དང་། དུས་མཚུངས་ལས་32.6%འཕར་ཡོད།

  • ཟླ11པར། དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཡོངས་ཀྱིས་དངོས་ཟོག་དང་སྦྲག་ཐོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི71.9ཡིན་པ་དང་། གཞི་ཁྱོན་ལོ་རྒྱུས་ཀྱི་ཆེས་མཐོ་ཤོས་ཡིན།

  • ཕྱི་འབྲེལ་པུའི་ངག་ཚབ་པས་ཚེས14ཉིན་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱི་འདུམ་འགྲིག་འོག་འབར་མའི་ཕྱོགས་སོ་སོས་གནས་སྐབས་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག

02.jpg

  • སིང་ཀ་ཕོར་སྐྱེས་པའི་དོམ་ཁྲ་ཐོག་མ་སྟེ“ལེ་ལེ”ཞེས་པ་སང་ལོའི་ཟླ1ཚེས16ཉིན་ཕྱིར་ཀྲུང་གོར་ལོག་རྒྱུ་རེད།

སྤྱི་ཚོགས།

03.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་གྲང་རླབས་ཀྱི་ལི་མདོག་ཉེན་བརྡ་ཁྱབ་བསྒྲགས་བྱས། གྲང་རླུང་གི་རྐྱེན་གྱིས་དེ་རིང་ནས་ཚེས17ཉིན་བར་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་ནུབ་ནས་ཤར་ཕྱོགས་དང་། བྱང་ནས་ལྷོ་ཕྱོགས་སུ་སྔ་རྗེས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ་8ནས་12བར་མར་ཆག་རྒྱུ་རེད།

  • པེ་ཅིང་དང་ཐེན་ཅིན་གྱིས་བརྡ་ཐོ་བཏང་ནས། གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་སློབ་གྲྭ་ཆུང་འབྲིང་དང་བྱིས་སྐྱོང་ཁང་གི་སློབ་མས་དེ་རིང་ཁྱིམ་དུ་སློབ་སྦྱོང་བྱ་རྒྱུ།

  • ཚེས16ཉིན་ནས་བཟུང་། འགྲུལ་པ་ཚོས་སྤྱི་ལོའི་ལོ་གསར་གྱི་ངལ་གསོའི་ཉིན་དང་པོའི་མེ་འཁོར་སྤ་སེ་ཉོས་ཆོག

  • ཚེས14ཉིན། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་ཁྲིམས་འཛིན་སྡེ་ཚན་གྱིས་མཉམ་ལས་བྱས་ནས། ཧྥི་ལི་ཕིན་དུ་མཚོ་ཐོག་རྒྱལ་འཇོག་བྱེད་པའི་ཀྲུང་གོའི་སྤྱི་དམངས180ཕྱིར་སྐྱེལ་བྱས།

04.jpg

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་དེ་རིང་ནས་བཟུང2024ལོའི་དྲན་གསོའི་དངུལ་ལོར་དང་དྲན་གསོའི་ཤོག་སྒོར་སྔ་རྗེས་སུ་འགྲེམས་སྤེལ་བྱས།

  • ཉིན་ཤས་གོང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་གཞི་ཡོད་པ་དང་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་ཉེས་བསགས་ཀྱི་མིང་ཐོག་ནས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་ནམ་ཧང་ཀྲང་གཞོན་པ་ཀྲོའུ་ཆིང་ཡུས་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུ་ཐག་གཅོད་བྱས།

  • ཉེ་ཆར། “ཕྱིར་བྲོས་གྱོད་འབྲེལ་མི་སྣ”སྟེ་ཕྱི་རྒྱལ་དུ་བྲོས་བྱོལ་བྱས་པའི་ལས་ཐོག་ཉེས་གསོག་གི་དོགས་གཞི་ཅན་ཁྲང་ཀའོ་ཚའེ་རྒྱལ་ནང་དུ་ལོག་ནས་རང་ཉེས་ངོས་ལེན་ཞུས།

05.jpg

  • རང་རྒྱལ་གྱི་གནོན་ཤུགས་ཆེ་ཤོས་ཀྱི་ཆུ་དོང་སྟེ། ཀྲུང་གོའི་མཚོ་སྣུམ་གྱི“མཚོ་གཏིང་ཨང་རྟགས་དང་པོའི”དུས་ཐེངས་གཉིས་པའི་རྣམ་གྲངསA12ཀྱི་ཁྲོན་འབིགས་ལེགས་འགྲུབ་བྱུང་ནས་འཁོར་སྐྱོད་བྱས་ཤིང་། རྒྱལ་ནང་གི་ཆུ་གཏིང་གསར་སྤེལ་གྱི་ཁྲོན་པའི་གནོན་ཤུགས་རིམ་པའི་ཟིན་ཐོ་གསར་པ་བཏོད།

  • ཚེས14ཉིན་གྱི་དགོང་མོར། པེ་ཅིང་གི་ས་འོག་ལྕགས་ལམ་གྱི་ཁྲང་ཕིང་ལམ་གྱི་མེ་འཁོར་འཁོར་སྒྲོམ་ཞིག་ནུབ་ཆི་གཉིས་པ་ནས་ཚེ་སྲོག་ཚན་རིག་གླིང་གི་དུམ་བུར་ཁ་གྱེས་བྱས་པའི་གནས་ཚུལ་བྱུང་། མིག་སྔར་མི30ལྷག་ཙམ་ལ་རྨས་སྐྱོན་ཕོག་པ་དང་མི་སྣ་ཤི་བའི་གནས་ཚུལ་བྱུང་མེད་པ་ཤེས་རྟོགས་བྱུང་།

སྲིད་ཇུས།

  • པེ་ཅིང་དང་ཧྲང་ཧའེ་ཡིས་ཁང་པ་ཉོ་བའི་སྲིད་ཇུས་དང་སྡོད་ཁང་དཀྱུས་མའི་ཚད་གཞི་སོ་སོར་ལེགས་སྒྲིག་བྱས་ནས། ཁང་པ་དང་པོའི་ཆེས་དམའ་བའི་ཐོག་མའི་དངུལ་སྤྲོད་བསྡུར་ཚད་བཅུ་ཆའི་གསུམ་མར་ཕབ།

  • ཨན་ཧུའེ་ཡིས་སང་ལོའི་ཟླ1ཚེས་1ཉིན་ནས་བཟུང་གསར་དུ་བསྐྲུན་པའི་བཅའ་སྡོད་ཁུལ་གྱི་གཏན་འཇགས་རླངས་འཁོར་འཇོག་ཡུལ100%ལ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་སྒྲིག་ཆས་བསྐྲུན་པའམ་ཡང་ན་སྒྲིག་སྦྱོར་ཆ་རྐྱེན་སྔོན་འཇོག་བྱེད་རྒྱུ་གསལ་བོར་བཏོན།

  • ཅང་ཤིས་ཀྱིས་ལོ་གཉིས་ཡན་གྱི་དངུལ་ལེན་དང་དངུལ་སྤྲོད་བྱས་མ་མྱོང་བ་མ་ཟད། སྤྱི་གསོག་མ་དངུལ་གྱི་དངུལ་བུན་མེད་པ་དང་ཁག་ཐེག་མེད་པ། བསྡམས་བཀག་བྱས་མེད་པ་བཅས་ཀྱི་ལས་བཟོ་བའི་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྩིས་ཐོར་གཙང་བཤེར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

དེ་རིང་གི་གནམ་གཤིས།

06.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་བྱང་ཤར་ས་ཁུལ་གྱི་དབུས་ལྷོ་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ཧྭ་བྱང་གི་ས་ཆ་མང་ཆེ་བ། ཧོང་ཧོའེ་ཡི་ས་ཆ་མང་ཆེ་བ། ཅང་ཧོའེ་ཡི་ནུབ་རྒྱུད། ཅང་ཧན་གྱི་ནུབ་རྒྱུད། ཁྲུང་ཆིང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ལ་ལར་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཅང་ཧོའེ་ཤར་རྒྱུད་དང་ཅང་ཧན་གྱི་ཤར་རྒྱུད། ཅང་ནན་གྱི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ནན་གྱི་དབུས་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།