དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས(རྒྱ་སྐྱེད)གཙོ་སྐྱོང་གནང་སྟེ་འཚོགས་ཞིང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས།

2023-12-15 11:01:44   |   1919

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས14ཉིན། ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས(རྒྱ་སྐྱེད)གཙོ་སྐྱོང་གནང་སྟེ་འཚོགས། ཚོགས་ཐོག་ཏུ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་ཤིང་། དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་བླང་བྱ་བཏོན།

1.jpg

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ད་ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ། སང་ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩ་བའི་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་ཡོད། དེ་ལ་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཀྱི་དོན་སྙིང་གལ་ཆེན་ལྡན། དེ་བས་ཁུལ་གྱི་གོང་འོག་ཚང་མས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཞིབ་འཇུག་ཇུས་འགོད་ནན་ཏན་བྱེད་པ། དངོས་སྒྲུབ་ཀྱི་བྱེད་ཐབས་སྤྱོད་པ་བཅས་བྱས་ཏེ་ཚོགས་འདུའི་དགོངས་དོན་དེ་ལོ་མཇུག་གི་བྱ་བ་ཡོད་ཚད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བ་དང་། སང་ལོའི་བྱ་བའི་མགོ་ཡག་པོ་རྩོམ་པའི་བྱ་སྤྱོད་དངོས་ཀྱི་སྟེང་སྤྱོད་དགོས་ཞེས་བསྟན།

2.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། གཅིག བསམ་བློའི་གོ་རྟོགས་མཐོ་རུ་བཏང་སྟེ། བསམ་བློ་དང་བྱ་སྤྱོད་དེ་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བླང་བྱའི་ཐོག་གཅིག་གྱུར་ཡོང་ཐབས་བྱས་ཏེ། 2024ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་དང་། ཡར་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད། སྔོན་འཛུགས་རྗེས་གཏོར་བཅས་ཀྱི་མཛུབ་ཁྲིད་རང་བཞིན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་དགོས། བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་ལ་སྐུལ་འདེད། དམངས་ཕན་ལས་དོན། ཉེན་ཁ་འགོག་སྲུང་བཅས་ལ་སྐུལ་འདེད་བཏང་སྟེ། དུས་དང་རྣམ་པ་ཀུན་དུ་སེམས་ཁུར་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྔར་བས་འཕེལ་རྒྱས་ཡག་པོ་ཡོང་བར་འབད་བརྩོན་བྱ་དགོས། གཉིས། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་བ་དང་། “མཚོ་བྱང་ལྔའི”འཛུགས་སྐྲུན་ལས་འགན་ལ་དམིགས་ནས་འཕེལ་རྒྱས་ཀྱི་དམིགས་ཚད་ཁ་གསལ་དང་འཕེལ་རྒྱས་ཀྱི་བྱེད་ཐབས་གསར་གཏོད་བྱེད་དགོས་པ་དང་། མཚོ་བྱང་འཕེལ་རྒྱས་གཏོང་རྒྱུ་དེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཁོག་ནང་འདུ་བར་བྱས་ཏེ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ནང་བསྟན་པའི་སྲིད་ཇུས་ཀྱི་གོ་སྐབས་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས། ད་ལོའི་ལས་དོན་ལ་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། ཞན་ཆའི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་དགོས། “མདུན་གྲལ་དུ་སྐྱོད་པ་གསུམ”གྱི་བླང་བྱ་དང་། ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་དང་། རྣམ་གྲངས་གལ་ཆེན་འཆར་འགོད་བརྩོན་ལེན། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཚོང་འགུགས་མ་འདྲེན་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ཏེ། སང་ལོའི་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་ལས་གྲྭའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བ།“123”རིམ་པAཅན་གྱི་མཛེས་ལྗོངས་ཁུལ་གཏོད་པ། མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི། 221རྟེན་གཞིའི་གནས་རྙིང་སྲུང་སྐྱོབ་བེད་སྤྱོད་བྱེད་པ་སོགས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་ཞིབ་འཇུག་འཆར་འགོད་བྱེད་དགོས། གསུམ། ལོ་མཇུག་གི་ལས་དོན་ཁག་ཡག་པོ་བསྒྲུབ་ནས་ལོ་མགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ལ་ཞིབ་བསྡུར་བྱས་ཏེ་ནུས་ཤུགས་ཡོད་རྒུས་མཐའ་མཇུག་གི་གདོང་མཆོང་ཡག་པོ་བྱེད་པ་དང་། ལྷག་པར་དུ་ལས་རིགས་ཀྱི་གྲངས་གཞི་དང་སྡོམ་རྩིས་སྡེ་ཚན་དང་གོང་རིམ་སྡེ་ཚན་གྱི་སྙན་སེང་སྦྲེལ་མཐུད་ཡག་པོ་བྱས་ཏེ། ད་ལོའི་དམིགས་ཚད་ལས་འགན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་སྒྲུབ་ཐུབ་པ་བྱེད་དགོས། དམངས་འཚོ་འགན་ལེན་བྱེད་པའི་ལས་དོན་ལ་དམ་འཛིན་བྱས་ཏེ། ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་དང་། འགྲིམ་འགྲུལ་ཟོག་འགྲེམས་ཤར་གཏོང་འགན་ལེན་ཡག་པོ་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་གེགས་འགོག་གེགས་སེལ་ལས་དོན་ལ་དམ་འཛིན་ནན་མོ་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ། ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུར་འགན་ལེན་བྱེད་པ་བཅས་སེམས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་དཀའ་ངལ་སེལ་ཐབས་དང་རེ་སྒུག་མངོན་འགྱུར་ཡོང་ཐབས་བྱེད་དགོས།

3.jpg

ཁྱིམ་དུ་གནས་པའི་ཁུལ་རིམ་པའི་མགོ་ཁྲིད་དང་། ཁུལ་ཨུའི་སྡེ་ཚན་ཁག ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཚན་པ་ཁག མང་ཚོགས་ཚོགས་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།