མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས18ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད4)

2023-12-15 11:16:00   |   1828

རྩོམ་སྒྲིག   སངས་དོན།  ཡོང་ཁུངས།  དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


微信图片_20231214113248.jpg

ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ངོ་བོ་ནི་ཅི་ཞིག་ཡིན་ནམ།

         ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ངོ་བོ་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་། མི་རིགས་དར་རྒྱས་ཡོང་བ་དང་། མི་དམངས་བདེ་སྐྱིད་ལྡན་པ་བཅས་རེད། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་ཞེས་པ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་རྒྱུའི་རྨང་གཞིའི་ཐོག་འབྱོར་ཕྱུག་དང་དམངས་གཙོ་དང་། ཤེས་དཔལ་དང་། ཞི་མཐུན་དང་། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། མི་རིགས་དར་རྒྱས་ཞེས་པ་ནི་ཀྲུང་ཧྭ་མི་རིགས་སྔར་ལས་བློ་རྩ་བརྟན་ཞིང་ནུས་པ་ལྡན་པའི་སྒོ་ནས་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་རང་ཚུགས་སུ་ལངས་ཐུབ་པ་དང་། མིའི་རིགས་ལ་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འཇོག་པ། མི་དམངས་བདེ་སྐྱིད་ཡོང་བ་ཞེས་པ་ནི་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། མི་དམངས་ཀྱི་བདེ་སྐྱིད་ཇེ་ཆེར་གཏོང་བ། མིའི་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བཅས་བྱས་ཏེ་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱ་དགོས་པ་དེ་རེད།


མཉམ་སྤྱོད།