མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས04ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་རྒྱས་འཛོམས་ཚོགས་འདུ།

2023-12-15 13:53:32   |   1194

རྩོམ་སྒྲིག  དོན་འགྲུབ་མཚོ།   ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས13ཉིན་གྱི་སྔ་དྲོར། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་རྒྱས་འཛོམས་ཚོགས་འདུ་ཐེངས་སོ་བཞི་པ་དང་་ཀྲུའུ་རིན་ཚོགས་འདུ་ཐེངས་ཉེར་བཞི་པ་ཚོགས་ཤིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རིན་དབྱང་ཧའེ་ལུང་གིས་ཚོགས་འདུ་གཙོ་སྐྱོང་གནང་པ་དང་། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ་ཞུས་ཡུང་ཀུང་དང་ཀྲུའུ་རིན་གཞོན་པ་མཱ་ཁྲེང་ཀུའེ། ལི་ཞིས་ཀྲེན། བན་བཀྲ་ཤིས་དོན་འགྲུབ་བཅས་ཚོགས་འདུར་ཞུགས།

1~1.jpg

2~1.jpg

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་གླེང་གཞི། 《དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་དང་དུས་ཚིགས་བཞི་པའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གྲོས་མགོ》ཡི་བརྡ་ཐོའི་དགོངས་དོན། བློ་མཐུན་ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ཞིང་ཨུའི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན། སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས56པའི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

3~1.jpg

ཚོགས་འདུའི་ཐོག《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྲིད་གཞུང་གི་དམངས་འཚོའི་དོན་དངོས་ལ་འདེམས་ཤོག་འཕངས་ནས་ཐག་གཅོད་བྱ་རྒྱུའི་བྱ་ཐབས་(ཚོད་སྤྱོད)》གྲོས་སྡུར་མ་ཟིན་ལ་ཞིབ་འཇུག་གྲོས་བསྡུར་བྱས་པ་དང་ཁུལ་གྱི་སྐབས་བཅོ་ལྔ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་གྲོས་མགོའི་གྲོས་རིམ་དང་དེ་བཞིན་ཚོགས་འདུའི་དུས་ཚོད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་འཐུས་མིའི་ཐོབ་ཐང་འགྱུར་ལྡོག་དོན་ཚན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་མི་དོན་བསྐོ་འཐེན་དོན་ཚན་བཅས་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས།

དབྱང་ཧའེ་ལུང་གིས་བརྗོད་དོན་སློབ་གསོའི་ལས་འགན་ཁག་རྒྱུན་མཐུད་ངང་ལེགས་འགྲུབ་བྱ་དགོས་ཏེ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་གནད་དོན་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་ཀྱི་བྱ་ཐབས་སུ་བསྒྱུར་དགོས་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཞིབ་འཇུག་དང་བསམ་གཞིག་གཏིང་ཟབ་བྱས་ཏེ།  ལས་དོན་ཁྲོད་དང་བརྗོད་དོན་སློབ་གསོའི་ཁྲོད་ཤེས་རྟོགས་བྱུང་བའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དེ་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་གཏན་འཁེལ་བྱས་ཏེ་བརྗོད་དོན་སློབ་གསོའི་ཕན་འབྲས་སྔར་བས་སྲ་བརྟན་དང་རྒྱ་ཆེ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་སྒོ་ནས་ལོ་འཁོར་གྱི་དམིགས་ཚད་དཔྱད་ཞིབ་ལས་འགན་ལེགས་སྒྲུབ་བྱེད་དགོས་ཏེ། ཚང་བཤེར་ཆད་གསབ་དང་ཞན་ཆ་ཁ་གསབ་བྱེད་པ། མི་འདང་སར་ཤུགས་བསྣན་ནས་དཔྱད་ཞིབ་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཏན་ཏིག་བྱེད་དགོས། ཁུལ་གྱི་སྐབས་བཅོ་ལྔ་པའི་དམངས་ཆེན་གྲོས་ཚོགས་ཐེངས་ལྔ་པ་གྲ་སྒྲིག་གང་ལེགས་བྱས་ཏེ་རང་ཁུལ་གྱི་དམངས་ཆེན་འཐུས་ཚོགས་དུས་བཀག་ལྟར་དང་སྤུས་ཚད་མཐོན་པོའི་སྒོ་ནས་འཚོགས་ཐུབ་པའི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།


མཉམ་སྤྱོད།