མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས18ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་གྱི2023ལོའི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་དམིགས་ཚད་དོ་དམ་ལམ་ལུགས་ཀྱི་དཔྱད་ཞིབ་བདེ་བླག་ངང་འགྲུབ།

2023-12-15 11:11:06   |   1268

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


ཞིང་ཆེན་སྨན་བཅོས་སྒྱུར་བཅོས་མགོ་ཁྲིད་ཚན་ཆུང་དྲུང་ཡིག་ཁྲུའུ་ཡི་ལས་དོན་བཀོད་སྒྲིག་གཞིར་བཟུང་སྟེ། ཟླ12་པའི་ཚེས12ནས་ཚེས13ཉིན་བར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་གཞོན་པ་ཅ་ནའེ་ཧུང་འཁོར་དང་བཅས་པས་མཚོ་བྱང་ཁུལ་གྱིས2023ལོའི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་དམིགས་ཚད་དོ་དམ་འགན་འཁྲི་ལེགས་སྒྲུབ་བྱས་ཚུལ་ལ་ཡུལ་དངོས་ནས་དཔྱད་ཞིབ་བྱས། 

微信图片_20231215112259.jpg

དཔྱད་ཞིབ་ཚན་ཆུང་སྔ་རྗེས་སུ་རྐང་ཚ་རྫོང་མི་དམངས་སྨན་ཁང་དང་། དཔལ་དགེ་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་། དཔལ་དགེ་གྲོང་རྡལ་གཉའ་ཞོལ་མ་གྲོང་ཚོའི་འཕྲོད་བསྟེན་ཁང་། མཚོ་བྱང་ཁུལ་མི་དམངས་སྨན་ཁང་དང་པོ། མདའ་བཞི་རྫོང་མི་དམངས་སྨན་ཁང་། མཚོ་སྔོན་པོ་ཞང་འཕྲོད་བསྟེན་ཁང་། ཟུར་གསུམ་གྲོང་རྡལ་ཧོང་ཚོ་གྲོང་ཚོའི་འཕྲོད་བསྟེན་ཁང་སོགས་སྨན་བཅོས་སྒྲིག་གཞིར་བསྐྱོད་དེ། སྙན་ཞུར་ཉན་པ་དང་། ཡུལ་དངོས་ནས་དཔྱད་གཞིའི་རྒྱུ་ཆར་ལྟ་བ། བཞུགས་མོལ་བགྲོ་གླེང་སོགས་ཀྱི་བྱ་ཐབས་བརྒྱུད་དེ། 《མཚོ་སྔོན་ཞིང་ཆེན་སྨན་བཅོས་སྒྱུར་བཅོས་མགོ་ཁྲིད་ཚན་ཆུང་དྲུང་ཡིག་ཁྲུའུ་ཡི2023ལོའི་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་དཔྱད་ཞིབ་ལས་དོན་གྱི་འཆར་འགོད་དཔར་འགྲེམ་བྱ་རྒྱུའི་ཐད་ཀྱི་བརྡ་ཐོ》དང་། 2023ལོར་ཞིང་ཆེན་སྲིད་གཞུང་དང་དམིགས་ཚད་འགན་བབ་འགན་འཁྲིའི་གན་རྒྱ་བཞག་པ་གཞིར་བཟུང་སྟེ། མཚོ་བྱང་ཁུལ་གྱིས་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་ཅིང་ཕྲ་བའི་དཔྱད་ཞིབ་བྱས།

微信图片_20231215112306.jpg

དཔྱད་ཞིབ་ཚན་ཆུང་གིས་མཚོ་བྱང་ཁུལ་སྲིད་གཞུང་གི་མགོ་ཁྲིད་ནུས་ལྡན་དང་། སྡེ་ཁག་བར་གྱི་གཞོགས་འདེགས་དམ་ཟབ་ལ་བརྟེན་ཏེ། ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེད་ཐབས་ལ་ནུས་པ་ཐོན་ཡོད་པས། མཚོ་བྱང་གི་ཁྱད་ཆོས་ལྡན་པའི་དཔེ་མཚོན་ཉམས་མྱོང་དང་རྒྱལ་ཁ་བླངས་ཡོད་ཅེས་བཤད།  དེ་དང་ཆབས་ཅིག་དཔྱད་ཞིབ་ཚན་ཆུང་གིས་རྗེས་ཕྱོགས་ཀྱི་ལས་དོན་ལ་བླང་བྱ་བཏོན་པ་སྟེ། གཅིག་ནི“གསུམ་གསལ་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུ”དམ་འཛིན་བྱས་ནས་སྨན་བཅོས་བསྒྱུར་བཅོས་ཟབ་སྤེལ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་ཀྱི་ཐབས་ལམ་དང་སྐུལ་འདེད་བྱེད་ཐབས་ཡང་དག་འཚོལ་བ། སྨན་བཅོས་བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།  གཉིས་ནི“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ”བརྗོད་དོན་གཙོ་བོར་བྱས་ནས་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། མ་ལག་དང་། ལག་རྩལ། རྣམ་པ། དོ་དམ། རིག་གནས་བཅས་ཀྱི་གསར་གཏོད་ཆེན་པོ་ལྔ་ལ་སྐུལ་འདེད་བཏང་ནས་གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དོན་འཁྱོལ་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་དགོས། གསུམ་ནི་“སྨན་བཅོས་ཀྱི་རྣམ་པ་གསར་པ་ཆགས་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ་”དམིགས་ཚད་དུ་བྱས་ནས་རིམ་དབྱེའི་སྨན་བཅོས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གོ་རིམ་ལྡན་པའི་སྨན་བཅོས་ཀྱི་རྣམ་པ་གསར་པ་སྔར་བས་གཏོད་དགོས་པ། བཞི་ནི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་དང་། “དྲ་སྦྲེལ་དང་སྨན་བཅོས་བདེ་ཐང”འཕྲོད་བསྟེན་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྤྱི་སྡོམ་སྐུལ་འདེད་བཏང་ནས། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་བློ་ཡིད་ཚིམ་པ་དང་ཐོབ་ཚོར་ཆེ་རུ་གཏོང་བ་བཅས་བྱས་ནས། བདེ་ཐང་མཚོ་བྱང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་འཇོག་དགོས་པར་བསྟན། 

微信图片_20231215112310.jpg

ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་དཔྱད་ཞིབ་ལ་ཕེབས་རོགས་གནང་།


མཉམ་སྤྱོད།