མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-19 00:48:58   |   3341

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡིང་ཐའེ་རུ་པེ་ཅིང་དུ་ལས་འགན་སྒྲུབ་ཚུལ་སྙན་སེང་ཞུ་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་ཐུགས་འཕྲད་གནང་ཞིང་། ཤང་ཀང་གི་མིག་སྔའི་གནས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུར་གསན།

    2.jpg

  • ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡིང་ཐའེ་རུ་པེ་ཅིང་དུ་ལས་འགན་སྒྲུབ་ཚུལ་སྙན་སེང་ཞུ་བར་ཕེབས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་དང་ཐུགས་འཕྲད་གནང་ཞིང་། ཨའོ་མོན་གྱི་མིག་སྔའི་གནས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུར་གསན།

  • ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་ཝེ་ཐེའི་གསར་དུ་བསྐོ་གཞག་བྱས་པའི་ཨེ་སྨིར་སྨི་ཧྲ་ལེ་ལ་གློག་འཕྲིན་བཏང་ནས་ཁོང་གིས་ཁུ་ཝེ་ཐེའི་ཨེ་སྨིར་གྱི་འགན་བཞེས་པར་བཀྲ་ཤིས་བདེ་ལེགས་ཞུས།

  • ཀྲུང་དབྱང་དྲིལ་སྒྲོག་པུས་བློ་མཐུན་པའོ་ཝུའེ་ཀྲུང་ལ“དུས་རབས་ཀྱི་མིག་དཔེ”ཡི་མཚན་སྙན་རྗེས་སྤྲོད་བྱས།

  • ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གིས་བསམ་འཆར་པར་འགྲེམས་བྱས་ཏེ། སྲིད་དོན་ལས་དོན་ཚོགས་པ་སོགས་ཀྱི་དོ་དམ་ཚད་ལྡན་དུ་བཏང་ནས“མཛུབ་རྩེའི་ཕྱི་ཚུལ་རིང་ལུགས་”འགོག་བཅོས་བྱེད་དགོས་ཚུལ་བསྟན།

  • ཚེས18ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུ། ཁྲིམས་འཛིན་པུ་བཅས་ཀྱིས་མཉམ་འབྲེལ་ཐོག《ཆང་གིས་བཟི་རྗེས་རླངས་འཁོར་བསྐོར་བའི་ཉེས་དོན་གྱོད་གཞི་སྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས།

  • 2018ལོ་ནས་བཟུང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་གྱོད་གཞི་མི་འདྲ་བ་ཁྲི46.7རྩད་ཆོད་ཅིང་། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར2800ལྷག་ཙམ་གསབ་ཡོད།

    3.jpg

  • ས་གནས་དེ་གའི་ཚེས18ཉིན་གྱི་སྔ་དྲོར། ཀྲུང་གོའི་ལྷོ་སྣེའི་དགུན་སྒྲོལ་རུ་ཁག་གི་རྟོག་ཞིབ་ཐེངས40པ་དང་ཐེངས39པས་ལྕགས་རི་རིང་པོའི་ས་ཚིགས་ནས་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་སྒྲུབ་པ་ལེགས་པར་འགྲུབ།

  • ཀྲུང་གོའི་མཚོ་དམག་གི་མཚོ་འགྲུལ་སྲུང་སྐྱེལ་རུ་ཁག44པའི་མཚོ་འགྲུལ་སྲུང་སྐྱེལ་དང་མཚོ་ཐོག་མཉམ་འབྲེལ་འཁྲབ་སྦྱོང་སོགས་ཀྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་བ་དང་། ཚེས18ཉིན་ཀྲེ་ཅང་ཀྲོའུ་ཧྲན་གྱི་དམག་དོན་གྲུ་ཁ་ག་གེ་མོ་ཞིག་ཏུ་ཕྱིར་ལོག་བྱས།

    སྤྱི་ཚོགས།

4.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས18ཉིན་མུ་མཐུད་དུ་དྲོད་ཚད་དམའ་མོའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་དེ་རིང་ནས་ཚེས21ཉིན་བར་ཧྭ་བྱང་དང་། བྱང་ཤར། ཧོང་ཧོའེ་སོགས་ཀྱི་ས་ཁུལ་ཁག་ཅིག་གི་ཉིན་རེའི་དྲོད་ཚད་དམའ་ཤོས་ལོ་རྒྱུས་ཀྱི་དུས་མཚུངས་ལས5℃ཡན་དམའ་རྒྱུ་རེད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས2024ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་རིན་གོང་བརྟན་པོ་དང་སྤུས་ཚད་འགན་ལེན་གྱི་ལས་དོན་བཀོད་སྒྲིག་བྱས་ཤིང་། རིན་གོང་ཧམ་སྤོར་དང་རིན་གོང་མགོ་སྐོར་གཏོང་བ་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་རྒྱུ་རེད།

    5.jpg

  • ཚེས18ཉིན་གྱི་ཆུ་ཚོད23:59སྟེང་། ཀན་སུའུ་ཀ་ཅུ་ཁུལ་ཆུ་མ་མཁར་རྫོང་དུ་ས་ཡོམ་རིམ་པ་6.2བྱུང་བ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྟོང་སྨི10ཟིན།

    6.jpg

  • ཚེས18ཉིན། རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བསྐྲུན་པའི་རྒྱ་མཚོ་ཆེན་པོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་ཐོག་མའི་མིང་ལ“ཕུགས་འདུན”རྟགས་ཅན་ཞེས་དངོས་སུ་བཏགས་པ་དང་། ཀོང་ཀྲོའུ་ནན་ཧྲ་རུ་ཚོད་ལྟའི་མཚོ་སྐྱོད་ཐེངས་དང་པོ་བྱས་པ་རེད།

7.jpg

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཤིན་ཏུ་སྲབ་ཅིང་ནུས་ཆེའི་འོད་རིག་བདར་གཟུགས་ཞིབ་འཇུག་གསར་སྤེལ་བྱས་པ་དང་། འབྲེལ་ཡོད་གྲུབ་འབྲས་ཉེ་ཆར་དངོས་ཁམས་རིག་པའི་དབང་གྲགས་དུས་དེབ《དངོས་ཁམས་དཔྱད་གཏམ་མྱུར་འཕྲིན》ཐོག་སྤེལ་ཡོད།

  • ཚེས18ཉིན། ཉེས་ཅན་ལའོ་རུང་ཀྲི་ལ་སྲོག་ཁྲིམས་བཅད།

  • དྲ་དཔོན་ལིན་ཆེ་གེ་མོས་མི་མང་པོའི་ཡིད་དབང་འགུག་ཆེད། “སྨན་ཁང་དུ་སྡོད་པའི་སྒྱུག་མོར་སྟབས་ཐུག་འཐུང་དུ་བཅུག་པ”ཞེས་པའི་ཆ་འཕྲིན་རྫུན་མ་སྤེལ་ཏེ་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་པས། ཉིན5ལ་བཀག་ཉར་བྱས།

    8.jpg

  • ཚེས18ཉིན། ཧེ་ནན་གླིང་ཕྲན་སྐོར་བའི་གནས་སྐོར་གཞུང་ལམ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་ཡོད།

  • ཧྲའན་ཞི་ཞི་ཨན་གྱི་ཟ་ཁང་ཞིག་གི་སྦྱིན་བདག་ཞུང་ཝུན་ཁྲེང་གིས“ཟས་ཨང6པ”དམིགས་སུ་བཙུགས་ནས་ལོ་ངོ་གསུམ་རིང་དཀའ་ངལ་ཡོད་པའི་མགྲོན་པོར་རིན་མེད་ལྟོ་ཆས་མཁོ་འདོན་བྱས།

    སྲིད་ཇུས།

  • པེ་ཅིང་གིས་སྤྱི་བསྒྲགས་སྤེལ་བ་སྟེ། 2024ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་རེ་ཞུ་དང་འཇལ་སྤྲོད་བརྒྱུད་རིམ་ལེགས་སྒྱུར་བྱས་ཏེ། གྲོན་དངུལ་འཇལ་མཁན་གྱིས་རང་འགུལ་ངང་ཁྲལ་དོན་སྡེ་ཚན་ལ་གྲོན་དངུལ་འཇལ་རྒྱུའི་རེ་ཞུ་བྱེད་པར་ལེགས་སྒྲིག་བྱས་ཡོད།

  • ཀོང་ཏུང་གིས་ཞིབ་སྲོལ་ཁྱབ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱོད་པའི་བྱ་སྤྱོད་ཐེར་འདོན་བྱ་རྒྱུར་སྐུལ་ལྕག་བཏང་ནས། མཐོ་ཤོས་ལ་ཐེངས་གཅིག་རང་བཞིན་གྱི་མ་དངུལ་སྒོར་ཁྲི20སྤྲོད་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

    9.jpg

  • ནང་སོག་གི་ཤར་རྒྱུད་དང་། ཅི་ལིན་གྱི་ཤར་ལྷོའི་རྒྱུད། ལེའོ་ཉིང་གི་དབུས་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་བྱང་རྒྱུད། ཀན་སུའུ་ཡི་རྨ་ནུབ་རྒྱུད། ཅང་ཧོའེ་ཡི་ཤར་རྒྱུད་དང་དབུས་ལྷོ་རྒྱུད། ཧུའུ་ནན་གྱི་དབུས་ནུབ་རྒྱུད། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་གི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཀྲེ་ཅང་གི་ས་ཆ་མང་ཆེ་བ་དང་། ཅང་ཞིའི་དབུས་ལྷོ་རྒྱུད། ཧུའུ་ནན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་དབུས་ལྷོ་རྒྱུད། ཀོང་ཞིའི་ས་ཆ་མང་ཆེ་བ། ཀོང་ཏུང་གི་བྱང་རྒྱུད་དང་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་འབབ་རྒྱུ་རེད།


མཉམ་སྤྱོད།