དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀན་སུའུ་ཆུ་མ་མཁར་རྫོང་དུ་རིམ་པ6.2ཅན་གྱི་ས་ཡོམ་བྱུང་། རང་ཞིང་གི་མཚོ་ཤར་གྲོང་ཁྱེར་གྱི་མི9རྐྱེན་ལམ་དུ་ཤོར་ཞིང་། མི124ལ་རྨས་ཕོག

2023-12-19 07:49:07   |   3336

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ལྟ་དཔྱད། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས19ཉིན་གྱི་ཆུ་ཚོད4པའི་བར་དུ། ཀན་སུའུ་ཀ་ཅུ་ཆུ་མ་མཁར་རྫོང་དུ་རིམ་པ6.2ཅན་གྱི་ས་ཡོམ་བྱུང་བ་ཡིས་མི86རྐྱེན་ལམ་དུ་ཤོར་དུ་བཅུག་པ་དང་། མི96ལ་རྨས་ཕོག  རང་ཞིང་གི་མཚོ་ཤར་གྲོང་ཁྱེར་གྱི་མི9རྐྱེན་ལམ་དུ་ཤོར་ཞིང་། མི124ལ་རྨས་ཕོག མིན་ཧོ་རྫོང་དང་། ཞུན་ཧྭ་རྫོང་། ཧྭ་ལུང་རྫོང་བཅས་ཀྱི་སྡོད་དམངས་ཀྱི་ཁང་བ་དང་། ཆུ། གློག་སོགས་རྨང་གཞིའི་སྒྲིག་བཀོད་ལ་ཚད་རིམ་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད།

ས་ཡོམ་བྱུང་རྗེས། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་། ས་གནས་སྡེ་ཁག་གིས་མགྱོགས་མྱུར་ངང་ཕྱོགས་སོ་སོའི་འཕྲལ་བསྟུན་རོགས་སྐྱོར་མངགས་ཏེ། འཚོལ་སྐྱོབ་དང་། རྨས་མ་སྐྱོབ་བཅོས། གནས་སྤོ་བཀོད་སྒྲིག གནོད་སྐྱོན་གནས་ཚུལ་ཞིབ་བཤེར། རྨང་གཞིའི་སྒྲིག་བཀོད་སླར་གསོ་སོགས་ཡོམ་འགོག་གེགས་སེལ་གྱི་ལས་དོན་བསྒྲུབས། 


མཉམ་སྤྱོད།