དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-20 08:12:02   |   2002

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཀན་སུའུ་ཀ་ཅུ་ཁུལ་ཆུ་མ་མཁར་རྫོང་དུ་ས་ཡོམ་རིམ་པ6.2བྱུང་བར་མཛུབ་སྟོན་གལ་ཆེན་གནང་ཞིང་། ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན།

  • ཟླ12པའི་ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་པུའུ་ཏུའུ་ལེ་ཧྥ་ཐ་ཧོ·སའེ་ཤིས་ལ་གློག་འཕྲིན་བཏང་ནས་ཁོང་ཨ་རབ་ཨེ་ཅིབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

  • ཚེས19ཉིན། ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུས་འཕྲལ་མར་མ་དངུལ་སྒོར་དུང་ཕྱུར2བཏང་ནས་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ས་ཡོམ་གནོད་འཚེའི་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

  • ཚེས19ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ལ་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར2.5བཏང་ནས་ས་ཡོམ་གེགས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སླར་གསོ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ་རེད།

  • ཚེས19ཉིན་གྱི་ཆུ་ཚོད17བར་དུ། རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་སོགས་སྡེ་ཚན་གསུམ་གྱིས་རིམ་རྩིས་བྱས་ན་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ས་ཡོམ་གེགས་ཁུལ་ལ་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི13.35གཏོང་སྤྲོད་བྱས།

  • ཚེས19ཉིན་གྱི་ཕྱི་དྲོའི་བར་དུ། ཀན་སུའུ་ཀ་ཅུ་ཆུ་མ་མཁར་རྫོང་དུ་ས་ཡོམ་རིམ་པ6.2བྱུང་ནས་མི127རྐྱེན་ལམ་དུ་ཤོར་ཡོད།

  •  ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་ཁྲི8.07ཟིན་པ་དེ་དུས་མཚུངས་ལས4.8%འཕར་ཡོད།

  • ཉེ་ཆར། སློབ་གསོ་པུས་ཡིག་ཆ་བཀྲམ་ནས་ཆེད་ལས་སློབ་གནས་ཀྱི་ཞིབ་འཇུག་སློབ་མའི་བསྡུར་ཚད་སྔར་བས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན།

    ༡1.jpg

  • ཚེས18ཉིན་གྱི་དགོང་མོར། འཁྱགས་གླིང་གནམ་གཤིས་ཅུས་རྒྱལ་ཁབ་དེའི་ལྷོ་ནུབ་རྒྱུད་ཀྱི་ལེ་ཁེ་ཡ་ནེ་སི་ཕྱེད་གླིང་ཐོག་གི་མེ་རི་ཞིག་འཕྱུར་བ་ཁྱབ་བསྒྲགས་བྱས།

    སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་དམའ་བའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་དེ་རིང་ནས་ཚེས22ཉིན་བར། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། ནང་སོག ཧྭ་བྱང་། བྱང་ཤར་ས་ཁུལ་སོགས་ཀྱི་ཉིན་རེའི་དྲོད་ཚད་དམའ་ཤོས་སམ་ཡང་ན་ཆ་སྙོམས་དྲོད་ཚད་ལོ་རྒྱུས་ཀྱི་དུས་མཚུངས་ལས5℃ཡན་དམའ་བ་ཡོད།

  • ཚེས19ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་འཁོར་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སྒོར415དང་སྒོར400རེ་མར་ཆག་ཡོད།

  • ཚེས19ཉིན་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་ཚང་མས2023ལོའི་སྨན་བཅོས་ཞབས་ཞུའི་རིན་གོང་ལེགས་སྒྲིག་དཔྱད་དཔོག་ལེགས་གྲུབ་ཟིན་ཡོད།

  • ཚེས19ཉིན་གྱི་ཆུ་ཚོད9:46སྟེང་། ཤིན་ཅང་ཁེ་ཙི་ལེ་སུའུ་ཁོར་ཁེ་ཙི་རང་སྐྱོང་ཁུལ་ཨ་ཐུའུ་ཧྲི་གྲོང་ཁྱེར་དུ་ས་ཡོམ་རིམ་པ་5.5བྱུང་བ་དང་མིག་སྔར་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད།

  • ཉིན་ཤས་གོང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་ལེན་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་དེ་སྔའི་པུ་ཀྲང་གཞོན་པ་རིམ་པའི་ལས་བྱེད་པ་ལུའོ་ཡུས་ལིན་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།

  • རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་གི་གནའ་གཞུང་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ཡོངས་བཤེར་ལས་དོན་གྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཏེ།《ཀྲུང་གོའི་ཀྲུང་ལུགས་གསོ་རིག་གི་གནའ་གཞུང་སྤྱིའི་དཀར་ཆག་གསར་བསྒྲིགས》ཚེས19ཉིན་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་ཀྲུང་ལུགས་གསོ་རིག་གི་གནའ་གཞུང་ཁྱོན་སྡོམ8650བསྡུས་ཡོད།

    3.gif

  • ཚེས19ཉིན། རང་རྒྱལ་གྱིས་བསྐྲུན་པའི་གོ་ལ་ཧྲིལ་པོའི་ཏུན་གྲངས་ཆེ་ཤོས་ཀྱི་འགྲུལ་སྐྱེལ་གྲུ་གཟིངས“མོ་པི·ལེ་ཀེ་སི་རྟགས་ཅན”གྱི་གྲུ་གཟིངས་ཀོང་ཀྲོའུ་ནན་ཧྲ་རུ་མཚོ་སྐྱོད་མགོ་བརྩམས།

    4.gif

  • ཧྲན་ཏུང་ཧོ་ཙེའི་ཟླ་བ་བཅུ་ལྷག་ཙམ་གྱི་ཕྲུ་གུ་ལ་ཚ་བ་ཆེན་པོ་རྒྱས་ནས་བརྒྱལ་བ་དང་། ཁྱིམ་བདག་གིས་སྨན་ཁང་དུ་སྐྱེལ་བའི་ལམ་བར་དུ་དངོས་ཞབས་དམག་མི་ཧྥན་ཅིན་་དང་རུ་འཁྱུར་དམག་མི་རྒན་གྲས་ཁྲང་མིའོ་དང་འཕྲད་པ་དང་། ཁོང་གཉིས་ཀྱིས་ཕྲུ་གུ་འཁྱེར་ནས་སྨན་པར་བསྐྱལ་བ་དང་མིག་སྔར་ཕྲུ་གུ་ཉེན་ཁ་ལས་ཐར་ཡོད།

    སྲིད་ཇུས།

  • པེ་ཅིང་གིས་སང་ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པའི་འགྲོ་གྲོན་མཐོ་ཤོས་སྒོར5000བར་མཐོ་རུ་གཏོང་རྒྱུ་ཁ་གསལ་བཏོན།

  • ཀྲེ་ཅང་གིས་ཇུས་གཞི་པར་འགྲེམས་བྱས་ཏེ། ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲའི་ལྷག་གྲངས་རང་ཉིད་དམ་ཡང་ན་དེའི་གཉེན་ཉེསHPVརིམས་འགོག་སྨན་ཁབ་རྒྱག་རྒྱུར་སྤྱོད་ཆོག་པར་བསྟན།

  • ཨན་ཧུའེ་ཡིས་ཡིག་ཆ་བཏང་ནས་སྔར་ཡོད་རླངས་འཁོར་འཇོག་སར་གློག་བརྗེ་བའི་རྨང་གཞིའི་སྒྲིག་བཀོད་སྒྲིག་སྦྱོར་བྱེད་པར་ཐོ་འགོད་ཞིབ་མཆན་འགོད་པ་སོགས་ཀྱི་འགྲོ་ལུགས་གཉེར་མི་དགོས་པ་དང་། སང་ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད། ཞིན་ཅང་གི་བྱང་རྒྱུད། ཀན་སུའུ་ཡི་རྨ་ནུབ་ཁུལ། ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད། ཉིང་ཞའི་དབུས་རྒྱུད། ཧྲན་ཏུང་ཕྱེད་གླིང་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བ་བའི་བར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཧྲན་ཏུང་ཕྱེད་གླིང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་རེད། ཀྲེ་ཅང་གི་དབུས་ལྷོ་རྒྱུད་དང་། ཧྥུ་ཅན་གྱི་ས་ཆ་མང་ཆེ་བ། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་དབུས་ཤར་རྒྱུད། ཀོང་ཞིའི་ཤར་ལྷོའི་རྒྱུད། ཀོང་ཏུང་གི་དབུས་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ནུབ་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།