དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་ཞིང་གིས་སྒོར་ཁྲི5000བཏང་ནས་མཚོ་ཤར་གྱི་གེགས་སེལ་ལ་རོགས་སྐྱོར་བྱས།

2023-12-20 09:36:55   |   1960

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར།  ཟླ12པའི་ཚེས19ཉིན་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་དུས་ཐོག་ཏུ་ཡོམ་འགོག་གེགས་སེལ་གྱི་ཁ་གསབ་མ་དངུལ་སྒོར་ཁྲི5000གཤམ་སྤྲོད་བྱས། 

མ་དངུལ་དེ་དག་མཚོ་ཤར་གྲོང་ཁྱེར་གྱི་གནོད་ཁུལ་གྱི་རོགས་སྐྱོབ་བྱ་བའི་ཐད་བཀོལ་སྤྱོད་བྱ་རྒྱུ་རེད། གཙོ་བོར་མི་སྣ་འཚོལ་སྐྱོབ་དང་སྨན་བཅོས་སྐྱོབ་བཅོས། འཕྲོད་བསྟེན་རིམས་འགོག དངོས་ཟོག་གསོག་འཇོག གནོད་འཚེ་གྲལ་བཤེར།  རྨང་གཞིའི་སྒྲིག་ཆས་སླར་གསོ།  ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཐག་གཅོད་སོགས་ཀྱི་བྱ་བའི་ཐད་གཅིག་གྱུར་གྱིས་བཀོལ་སྤྱོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་གནོད་ཁུལ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་དང་རྒྱབ་སྐྱོར་བྱ་རྒྱུ་རེད།


མཉམ་སྤྱོད།