དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་འཐུང་ཆུའི་བདེ་འཇགས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བཟང་བོ་བྱས།

2022-11-25 14:40:53   |   479

ཉེ་བའི་ལོ་འགའི་རིང་ལ།   མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་རོང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་དེ་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་རྩ་བའི་འགན་སྲུང་དུ་བརྩིས་ནས་དམ་འཛིན་བྱས་ཏེ་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་དང་ཞིང་སྡེའི་ཆུ་འདོན་འགན་སྲུང་བྱ་བར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།    གཅིག་བསྡུས་ཀྱིས་ཆུ་འདོན་ཚད་དང་རང་འབབ་ཆུའི་ཁྱབ་གདལ་ཚད།  ཆུའི་སྤུས་ཚད་ཚད་གཞིར་ལོན་ཚད།   ཆུ་འདོན་འགན་སྲུང་ཚད་བཅས་མཐོར་འདེགས་གཏོང་རྒྱུ་དམིགས་འབེན་དུ་བཟུང་བ་དང་།    རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་ཉམས་གསོ་སྲུང་སྐྱོབ་དང་ཆུ་འདོན་འགན་སྲུང་ལས་གཞི་བསྒྱུར་བཀོད་ཤུགས་ཚད་ཆེ་རུ་བཏང་སྟེ་རོང་འབྲོག་མང་ཚོགས་ཀྱི་འཐུང་ཆའི་བདེ་འཇགས་ལ་འགན་སྲུང་བཟང་བོ་བྱས།

མཚོ་བྱང་ཁུལ་གྱིས་ཆུ་བེད་འཕེལ་རྒྱས་མ་དངུལ་དང་གྲོང་གསེབ་དར་སྤེལ་གཉིས་ནུས་ཡོད་སྒོས་སྦྲེལ་མཐུད་བྱས་ནས་མ་དངུལ་སྒོར་བྱེ་བ་དྲུག་དང་འབུམ་ལྔ་ཁྲི་ལྔ་བརྩོན་བྱས་པ་དང་།    རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་ཉམས་གསོ་སྲུང་སྐྱོབ་དང་འཐུང་ཆུའི་བདེ་འཇགས་བསྒྱུར་བཀོད་བཟོ་སྐྲུན་ཉེར་གཅིག་ལག་བསྟར་བྱས་ཏེ་ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཉེར་དགུ་དང་སྡེ་བ་གོ་བདུན་གྱི་འཐུང་ཆུའི་བདེ་འཇགས་ཆུ་ཚད་ལེགས་བཅོས་དང་མཐོར་འདེགས་སུ་བཏང་།    སྡེ་བ་རེ་རེ་དང་བཟོ་སྐྲུན་རེ་རེར་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་དང་།  དབུལ་ཐར་ས་ཁུལ་དང་དབུལ་ཐར་མི་གྲངས།    ཆུ་དཀོན་སའི་མང་ཚོགས་ཀྱི་འཐུང་ཆུའི་གནས་ཚུལ་ལ་སྒུལ་རྣམ་ལྟ་ཞིབ་ཚད་ལེན་བྱས་པར་མ་ཟད།    གནད་དོན་རྩིས་ཁྲ་དང་དག་ཐེར་རྩིས་ཁྲ་བཙུགས་ནས་གནད་དོན་རྙེད་མ་ཐག་ཏུ་དེ་ལེགས་བཅོས་བཟང་བོ་བྱས་ནས་རོང་འབྲོག་མང་ཚོགས་ཀྱིས་གཏན་འཇགས་ཀྱི་ཆུ་དང་སྤུས་ཚད་བཟང་བོ་ཆུ་འཐུང་ཐུབ་པར་འགན་སྲུང་བྱས།    རྒྱ་ཆེའི་རོང་འབྲོག་མང་ཚོགས་རྣམས་ལ་རོང་འབྲོག་ཁུལ་གྱི་བདེ་འཇགས་འཐུང་ཆུའི་ཡོངས་བསྒྲགས་བྱང་བུ་བྱིན་ཏེ་མང་ཚོགས་ཀྱི་ལྟ་སྐུལ་དོ་དམ་བགྲོད་ལམ་ཡག་པོར་བཟོས་པ་དང་།     རོང་འབྲོག་མང་ཚོགས་ཀྱིས་ཕྱིར་ལྡོག་བྱས་པའི་དུས་ཚིགས་རང་བཞིན་གྱི་ཆུ་དཀོན་པ་དང་ཆུ་ཆད་པ།   ཆུའི་སྤུས་ཚད།  ཞིག་གསོ་སོགས་ཐད་ཀྱི་གནད་དོན་དུས་ཐོག་ཏུ་རྗེས་འདེད་ཐག་གཅོད་བྱས།

གོ་རིམ་རྗེས་མར།    མཚོ་བྱང་ཁུལ་གྱིས་འཐུང་ཆུའི་བཟོ་སྐྲུན་འཁོར་སྐྱོད་དོ་དམ་དང་ཆུ་བཀོལ་བདེ་འཇགས་ལྟ་སྐུལ་དོ་དམ་ཐད་མུ་མཐུད་དུ་ཤུགས་བསྣན་ནས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཆུ་འདོན་གཏན་འཇགས་ཡོང་བར་འགན་སྲུང་བྱེད་རྒྱུ་ཡིན་པ་དང་།     གནད་དོན་ཁྲིད་ཕྱོགས་ཇེ་དྲག་ཏུ་གཏོང་བ་དང་ཉིན་རྒྱུན་གྱི་སྐོར་ཞིབ་ལ་ཤུགས་སྣོན་པ།  གནད་དོན་དུས་ཐོག་ཏུ་རྙེད་པར་བྱེད་པ་དང་ཐག་གཅོད་སོགས་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་འཐུང་ཆའི་བདེ་འཇགས་ལ་འགན་སྲུང་ཡག་པོ་བྱེད་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།


མཉམ་སྤྱོད།