དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

2022-11-25 14:45:28   |   574

ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀོང་ཞི་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་དེ་མིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་ཀྱི་དགོངས་དོན་སོགས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་བསྟན་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་དང་པོར་བརྩིས་ཏེ། མགྱོགས་མྱུར་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་སློང་དགོས་པ་དང་། མཚོ་བྱང་ཁུལ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། དུས་རབས་གསར་བའི་མཚོ་བྱང་གསར་བ་དང་འཕེལ་རྒྱས་གསར་བ་མངོན་འགྱུར་བྱེད་པར་མཛུབ་སྟོན་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བར་སྐྱོད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ལས་ཁུངས་དང་སྡེ་ཁག་གིས་མྱུར་དུ་རྩ་འཛུགས་བྱས་ཏེ་སློབ་སྦྱོང་དང་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་།  རིམ་པ་བཞིན་དྲིལ་སྒྲོག་བཟང་བོ་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཀུན་ལ་ཤེས་སུ་འཇུག་པར་འགན་སྲུང་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་རང་སྟེང་གི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རིགས་གཞུང་བགྲོ་གླེང་གཏིང་ཟབ་ཏུ་སྤེལ་བ་དང་ཞིབ་བཤེར་ཞིབ་འཇུག་ལ་ཤུགས་བསྣན་ནས། བསམ་ཕྱོགས་གསལ་བར་བྱེད་པ་དང་གནད་ས་གཅིག་སྡུད་བྱེད་པ། བྱེད་ཐབས་གསར་སྐྲུན་བྱེད་དགོས་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱིས་བྱ་བར་མཛུབ་སྟོན་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ནས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་མཚོ་བྱང་གི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་ཚིས་ལེགས་བཅོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་སོགས་ཀྱི་ཁྱབ་ཁོངས་གཙོ་བོ་གཅིག་སྡུད་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་དམིགས་འབེན་དང་ལས་འགན་ཞིབ་ཕྲ་ཅན་དང་དངོས་གཉེར་ཅན། དམིགས་འབེན་ཅན་དུ་སྒྱུར་ནས། མཚོ་བྱང་ཁུལ་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་སུ་དངོས་འབེབས་བཟང་བོ་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་དང་དམངས་ཚིས་འགན་སྲུང་། བདེ་འཇགས་བརྟན་འཇགས། ཏང་གི་འཛུགས་སྐྲུན། རིམས་ནད་འགོག་སྡོམ་སོགས་བྱ་བ་གཙོ་བོ་བཟང་བོར་སྒྲུབ་ནས། ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱེད་དགོས།

བཀྲ་ཤིས་འབུམ་གྱིས་བསྒྱུར། 


མཉམ་སྤྱོད།