དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་པྲོག་གསར་གློ་ཚད་ཀྱི་སྨན་བཅོས་ཐོན་ཁུངས་གྲ་སྒྲིག་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་།

2022-12-22 01:53:06   |   515

ཟླ12པའི་ཚེས20ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་མཚོ་བྱང་ཁུལ་མི་དམངས་སྨན་ཁང་དང་པོ་དང་དམངས་ཡོངས་ལུས་སྦྱོང་ལྟེ་གནས་ཀྱི་སྒྲོམ་ཚང་སྨན་ཁང་། མཚོ་བྱང་ཁུལ་ཀྲུང་བོད་གསོ་རིག་བདེ་ཐང་ཁམས་གསོ་ལྟེ་གནས་ཀྱི་གནས་གཏན་འཁེལ་སྨན་ཁང་། མདའ་བཞི་རྫོང་མི་དམངས་སྨན་ཁང་། མཚོ་སྔོན་པོ་ཞང་འཕྲོད་བསྟེན་ཁང་བཅས་སུ་བསྐྱོད་དེ་པྲོག་གསར་གློ་ཚད་ཀྱི་སྨན་བཅོས་ཐོན་ཁུངས་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་།

微信图片_20221222015821.jpg

ལྟ་སྐུལ་མཛུབ་ཁྲིད་གནང་སྐབས། ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་གནས་གཏན་འཁེལ་སྨན་ཁང་གི་སྨན་བཅོས་སྒྲིག་ཆས་བཀོད་སྒྲིག་དང་ཚ་རྒྱས་སྒོ་བསྟེན་སྨན་ཁང་འཛུགས་སྐྲུན། དེ་བཞིན་སྒྲོམ་ཚང་སྨན་ཁང་སྒྱུར་བཀོད་བྱས་ཚུལ་བཅས་ལ་ལྟ་ཞིབ་བྱས་ཤིང་། སྨན་ཁང་གི་སྐྱོབ་བཅོས་ཉལ་ཁྲི་བཀོད་སྒྲིག་བྱས་ཚུལ་དང་ནད་པར་སྨན་བཅོས་བྱས་ཚུལ། དེ་བཞིན་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་སྟོབས་ཤུགས་འཛུགས་སྐྱོང་བྱས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཤ་བོ་སྐྱབས་ཀྱིས་རིམས་ནད་འགོག་སྡོམ་བྱེད་ཐབས་མུ་མཐུད་དུ་ལེགས་སྒྲིག་བྱས་པ་དང་བསྟུན་ནས། རིམས་ནད་འགོག་སྡོམ་བྱ་རྒྱུ་དེ་དུས་རིམ་གསར་བ་ཞིག་ཏུ་སླེབས་ཡོད་པས། བསམ་བློའི་ངོས་འཛིན་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་། སྨན་བཅོས་ཐོན་ཁུངས་ཀྱི་གྲ་སྒྲིག་བྱ་བ་མགྱོགས་སུ་གཏོང་བའི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་སྔར་ལས་ཏན་ཏིག་གི་བྱ་བའི་སྤྱོད་ཚུལ་དང་བློ་ཐག་རྦད་ཆོད་ཀྱི་བྱ་བའི་བྱ་ཐབས་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས་པར་བསྟན།

微信图片_202212220158211.jpg

ཤ་བོ་སྐྱབས་ཀྱིས་གཅིག་ནས་མིག་སྔའི་དུས་ཚིགས་རང་བཞིན་གྱི་ཆམ་པ་དང་པྲོག་གསར་ནད་དུག་གདགས་གཤིས་ཡིན་པའི་ནད་པ་སྐྱོབ་བཅོས་བྱས་པ་ལས་བྱུང་བའི་འགྲན་སློང་ཉིས་བརྩེགས་ལ་ཞིབ་འཇུག་དང་བརྡར་གཅོད་གང་ལེགས་བྱེད་དགོས་ལ།  《ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་དོ་དམ་ཚད་གཞི》ཡི་བླང་བྱ་ལྟར།  ཚ་རྒྱས་སྒོ་བསྟེན་སྨན་ཁང་སྒྱུར་བཀོད་དང་འཛུགས་སྐྲུན་བྱེད་པ་མགྱོགས་སུ་བཏང་སྟེ། ངེས་པར་དུ་ཟླ12པའི་ཚེས25ཉིན་གྱི་སྔོན་དུ་ཚ་རྒྱས་སྒོ་བསྟེན་སྨན་ཁང་དང་གནས་གཏན་འཁེལ་སྨན་ཁང་སྒྱུར་བཀོད་འཛུགས་སྐྲུན་དང་སྨན་བཅོས་སྒྲིག་ཆས་ཉོ་སྒྲུབ་བྱེད་པའི་བྱ་བ་ལེགས་སྒྲུབ་བྱེད་དགོས་པར་མ་ཟད། དུས་ཐོག་ཏུ་སྤྱི་ཚོགས་ལ་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་གནས་ཡུལ་དང་ཁ་པར་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་མངོན་གསལ་དོད་པའི་མཚོན་རྟགས་བཙུགས་ཏེ་མང་ཚོགས་ཀྱིས་སྨན་པ་བསྟེན་རྒྱུར་སྟབས་བདེ་བསྐྲུན་དགོས་ཤིང་།  གཉིས་ནས་གཞི་རིམ་གྱི་སྨན་བཅོས་སྟོབས་ཤུགས་སྔར་ལས་ཆེ་རུ་བཏང་ནས་ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་སོགས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རོང་འབྲོག་ཁུལ་གྱི་སྐྱོབ་བཅོས་ནུས་པ་མཐོ་རུ་བཏང་ནས་མང་ཚོགས་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིར་བསྐྱོད་དེ་སྨན་པར་བསྟེན་པའི་དགོས་མཁོ་སྐོང་ཐུབ་པར་བྱེད་དགོས།  གསུམ་ནས་སྐྱོབ་བཅོས་ཉལ་ཁྲི་འདང་ངེས་བཀོད་སྒྲིག་བྱེད་དགོས་པ་དང་། ལྷག་པར་དུ་ནད་གཞི་ལྕི་རིགས་ཀྱི་ནད་པ་སྐྱོབ་བཅོས་བྱེད་པའི་ཉལ་ཁྲི་བཀོད་སྒྲིག་བྱེད་དགོས་ཏེ།    ནད་གཞི་ལྕི་རིགས་ཀྱི་ནད་པ་སྨན་བཅོས་བྱེད་པའི་མི་སྣ་དང་ནད་སྐྱོང་མི་སྣ་འོས་འཚམ་བཀོད་སྒྲིག་བྱས་ནས་དམིགས་བསལ་ནད་པར་སྐྱོབ་བཅོས་བྱེད་པའི་དགོས་མཁོ་འགན་ལེན་ཧུར་ཐག་བྱེད་དགོས། བཞི་ནས“90%ཅན་གསུམ”དང“95%ཅན་གཉིས”ཀྱི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ཏེ་ལོ་ལོན་སོགས་གཙོ་གནད་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས། ལྷག་པར་དུ་གཞི་གྲངས་ཆེན་མོ་དང་སྨན་བཅོས་འགན་བཅོལ། མི་འབོར་ཡོངས་ཁྱབ་ཞིབ་བཤེར་སོགས་ད་ཡོད་མི་འབོར་གྱི་གཞི་གྲངས་བེད་སྤྱད་དེ་ལོ60ཡན་གྱི་མི་ཚོགས་ཀྱི་གཞི་གྲངས་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་ཏེ2022ལོའི་ཟླ12པའི་ཟླ་མཇུག་གི་སྔོན་དུ་རྒྱག་འོས་ཡོངས་རྒྱག་ཐུབ་པ་བྱེད་དགོས།  ལྔ་ནས་སྔོན་འགོག་ཚོད་འཛིན་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྲིག་ཡག་པོ་བྱས་ཏེ། སྨན་རྫས་དང་གདོད་འགོག་བརྟག་དཔྱད་དངོས་རྫས་གྲབས་གསོག་བྱ་བར་མུ་མཐུད་ཤུགས་བསྣན་ནས་པྲོག་གསར་སྐྱོབ་བཅོས་སྨན་རྫས་དང་གདོད་འགོག་བརྟག་དཔྱད་དངོས་རྫས་གང་མགྱོགས་སྒོས་ཉོ་སྒྲུབ་བྱེད་དགོས་པར་མ་ཟད། རིམ་པ་སོ་སོའི་སྨན་ཁང་དང་ལྷག་པར་དུ་ཀྲུང་བོད་གསོ་རིག་སྨན་ཁང་གིས་བོད་སྨན་སྨན་རྫས་དང་ཀྲུང་ལུགས་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་བཏང་ནས། སྨན་རྫས་དང་བརྟག་དཔྱད་དངོས་རྫས་མཁོ་སྤྲོད་བྱེད་པ་གྲོང་ཁྱེར་གྲོང་གསེབ་དང་དྲང་གཞག་ཡོང་བར་བྱས་ཏེ་མང་ཚོགས་ཀྱིས་ཉོ་ཐུབ་པ་དང་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་སྐུལ་ལྕག་བྱེད་དགོས། དྲུག་ནས་སྨན་བཅོས་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་སྨན་བཅོས་མི་སྣའི་གྲངས་འབོར་རྒྱ་སྐྱེད་ཧུར་ཐག་བཏང་སྟེ། སྨན་བཅོས་མི་སྣར་སྐུལ་མ་གཏོང་བ་དང་བྱ་དགའ་སྤྲོད་ཤུགས་ཆེ་རུ་བཏང་ནས་སྨན་བཅོས་དཔུང་ཁག་གི་བརྟན་འཇགས་རང་བཞིན་དང་འཐབ་འཛིང་བྱེད་ནུས་རྒྱུན་འཁྱོངས་བྱ་དགོས་པའི་བླང་བྱ་བཏོན།

微信图片_202212220158212.jpg

ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲུའུ་ལིན། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས། ཁུལ་བཟོ་འཕྲིན་ཅུས་བཅས་དང་དེ་བཞིན་མདའ་བཞི་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་མཉམ་དུ་ལྟ་སྐུལ་མཛུབ་ཁྲིད་ལ་ཕེབས་རོགས་གནང་།


མཉམ་སྤྱོད།