དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་སྔོ་ཁེབས་ལེགས་སྒྱུར་བྱེད་ཕྱོགས་ཧ་ཅང་བཟང་།

2022-12-22 08:26:02   |   488

ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱིས་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་དར་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ལ། ཁུལ་ཁོངས་ནང་གི་ཆུའི་འགོ་ཁུངས་ཀྱི་གསོ་སྐྱོང་ནུས་པ་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་ཞིང་། འཁྱགས་སའི་གཏན་འཇགས་རང་བཞིན་རྒྱུན་མ་ཆད་པར་ཇེ་མཐོར་སོང་ལ། ཚོད་ལྟའི་སྔོན་དང་བསྡུར་ན། སྔོ་ཁེབས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ང་གཅིག་དང་གྲངས་ཆུང་གཉིས་བདུན་ཇེ་མང་དུ་སོང་བ་དང་། སུམ་ཆའི་གཅིག་ཡན་གྱི་སྔོ་ཁེབས་སྤྱིའི་ཆ་ནས་ཇེ་ལེགས་སུ་འགྲོ་བའི་རྣམ་པ་མངོན་ལ། སྔོ་ཁེབས་ཀྱི་རིམ་པ་དང་པོའི་ཐོན་སྐྱེད་ནུས་ཤུགས་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་དྲུག་བདུན་ཇེ་མཐོར་སོང་བ་དང་། སྐྱེ་ཁམས་མ་ལག་གི་ཐཱན་སྲ་བརྟན་དང་དབྱང་དབུགས་འདོན་ཚད་བརྒྱ་ཆའི་བདུན་དང་གྲངས་ཆུང་བདུན་ཇེ་མང་དུ་སོང་ཞིང་། སྔོ་ཁེབས་སྐྱེ་ཁམས་ཀྱི་རྒྱུ་སྤུས་དམིགས་ཚད་བརྒྱ་ཆའི་བདུན་དང་གྲངས་ཆུང་གསུམ་ཇེ་མཐོར་སོང་བ་དང་། ས་ངོས་ཀྱི་ཆུའི་སྤུས་ཚད་སྤྱིའི་ཆ་ནས་རིམ་པ་གཉིས་པའི་ཡན་དུ་སླེབས་ལ། སྐྱེ་ཁམས་ཁོར་ཡུག་ཐད་ནས་རྣམ་པ་གསར་བ་མངོན།

སྐྱེ་ཁམས་མ་ལག་གི་བདེན་དངོས་རང་བཞིན་དང་ཆ་ཚང་རང་བཞིན། གཏན་འཇགས་རང་བཞིན་ལ་ནུས་ལྡན་གྱི་སྲུང་འཛིན་ཐོབ། སྤྱི་གླིང་ནང་གི་གཏེར་ལས་དོན་བརྒྱད་ཀྱི་དབང་ཆ་ཡོངས་རྫོགས་སྤྱོད་མཚམས་བཞག་པ་དང་མེད་པར་བཟོས་པར་མ་ཟད་སླར་གསོ་བཅོས་སྐྱོང་བྱེད་ཐབས་ལག་བསྟར་བྱས་པ་དང་། ཕྱིར་འབུད་པའི་བྱ་བ་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་སྤེལ། ཚད་གཞི་མཐོ་བའི་དོ་སྲུང་ས་ཚིགས་བཞི་བཅུ་བཙུགས་པ་དང་། སྐོར་ཞིབ་རླངས་འཁོར་ང་བཞི་བཀོད་སྒྲིག་བྱས། སྐོར་སྲུང་དྲ་མིག་སྟོང་གཉིས་དང་སུམ་བརྒྱ་སོ་དགུ་དབྱེ་འབྱེད་གཏན་འབེབས་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་དང་མཐའ་འཁོར་ཁུལ་ཁོངས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི་གཉིས་དང་སྟོང་དྲུག་ཏུ་ཁེབས་ཡོད་ལ། སྲུང་སྐྱོབ་ནུས་པའི་ཐད་ནས་མཆོང་བརྒལ་རང་བཞིན་གྱི་མཐོར་འདེགས་བྱུང་།

རྒྱལ་ཡོངས་ནས་ཐོག་མར་གསའ་སོགས་རི་དྭགས་གཙོ་བོར་རྗེས་འདེད་བྱས་པ་དང་། རང་རྒྱལ་གྱི་གསའ་སོགས་རི་དྭགས་གཙོ་བོའི་བྱ་འགུལ་ཁྱབ་ཁོངས་དང་གནས་སྤོ་ལམ་ཐིག་སོགས་ཕྱོགས་ཀྱི་ཞིབ་འཇུག་ཐད་ཀྱི་སྟོང་ཆ་བསྐངས་ལ། རི་དྭགས་གསའ་ཞིག་ལ་སྲོག་སྐྱོབ་བྱས་པར་མ་ཟད་འཁོར་སྐར་སྐེ་ཕྲེང་བཏགས་རྗེས་ཕྱིར་གཏོང་བྱས་ནས། རྒྱལ་ནང་གི་ཕྱི་རོལ་སྲོག་སྐྱོབ་ཐོག་མ་དང་ཚན་རིག་ཞིབ་འཇུག་ལྟ་ཞིབ་བྱེད་པ་གཉིས་ཟུང་འབྲེལ་བྱེད་པའི་དཔེ་མཚོན་གྱོད་གཞི་མངོན་འགྱུར་བྱས་ཏེ། གཅན་གཟན་ཆེན་པོའི་མཉམ་གནས་རྐྱེན་སྲོལ་ཞིབ་འཇུག་ཐད་རྨང་གཞི་བཏིངས་པ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཁྲུང་ཁྲུང་གནས་སྤོར་ལམ་ཐིག་དང་རྒྱུད་སྤེལ་ཇུས་ཆོད་སོགས་ཀྱི་ཚན་རིག་གི་ཆོས་ཉིད་གསལ་སྟོན་བྱས་ལ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ཐད་གཞུང་ལུགས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱས་པ་དང་། ཚན་རིག་ཞིབ་འཇུག་ཐད་ནས་མཆོང་བརྒལ་གསར་བ་མངོན་འགྱུར་བྱས།

རྒྱ་ཁྱོན་རྨིད་གྲུ་བཞི་མ་སྟོང་གསུམ་དང་དྲུག་བརྒྱ་དོན་བརྒྱད་ལྷག་ཡོད་པའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་རི་སྐྱེས་རི་དྭགས་སྐྱོབ་སྲུང་རྒྱུད་སྤེལ་ལྟེ་གནས་ནི་མདོ་དབུས་མཐོ་སྒང་གི་རྩོལ་ནུས་ཆེས་ཆ་ཚང་བ་དང་སྒྲིག་ཆས་ཆེས་སྔོན་ཐོན་ཡིན་པ། མྱུར་སྐྱོབ་ཆེས་སྟབས་བདེ་ཡིན་པའི་མྱུར་སྐྱོབ་རྒྱུད་སྤེལ་རྟེན་གཞིའི་གྲས་ཀྱི་གཅིག་ཡིན་པ་དང་། དེས་ཡུལ་དངོས་སྲུང་སྐྱོབ་བྱེད་པའི་ཁ་བསྐང་བ་དང་། རི་སྐྱེས་རི་དྭགས་མྱུར་སྐྱོབ་བྱེད་པའི་ནུས་པ་ཇེ་མཐོར་བཏང་ལ། ཚར་ཉེན་ཆེ་བའི་རི་སྐྱེས་རི་དྭགས་མྱུར་སྐྱོབ་རྒྱུད་སྤེལ་བྱེད་པའི་ཐད་སྤུས་ལེགས་ཀྱི་རྨང་གཞི་ཆ་རྐྱེན་འདོན་སྤྲོད་བྱས། ཟླ་བརྒྱད་པའི་ནང་མྱུར་སྐྱོབ་རྒྱུད་སྤེལ་ལྟེ་གནས་བཙུགས་ནས་ལག་བསྟར་བྱས་པའི་ཚུན་དུ། རི་སྐྱེས་རི་དྭགས་སོ་བཞི་མྱུར་སྐྱོབ་བྱས་པ་དང་། རི་དྭགས་བདུན་མྱུར་སྐྱོབ་བྱས་རྗེས་ཕྱིར་གཏོང་བྱས་ལ། སྲུང་སྐྱོབ་བྱེད་ཐབས་རྒྱུན་མ་ཆད་པར་ཇེ་མང་དུ་བཏང་བ་དང་། དོན་དངོས་སུ་སྤྱི་གླིང་ནང་བཙུགས་པའི་ཚེ་སྲོག་མྱུར་སྐྱོབ་ས་ཚིགས་ཞིག་རེད།



མཉམ་སྤྱོད།