དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རི་སྐྱེས་སྲོག་ཆགས་རོགས་སྐྱོབ་རྒྱུད་སྤེལ་གྱིས་མདོ་ལ་རི་བོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་རམ་འདེགས་བྱས་པ།

2022-12-22 08:26:58   |   482

མདོ་ལ་རི་བོ་ནི་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་སུ་བརྒལ་ཞིང་། དེ་ནི་ཀྲུང་གོ་ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་གནས་འཛུགས་སྐྲུན་བྱས་པའི་ཚུན། ས་ཁུལ་འདིའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་མངོན་གསལ་ཡིན་པ་དང་། ད་ལོའི་ཟླ7པར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་རྒྱུད་སྤེལ་ལྟེ་གནས་དངོས་སུ་འཁོར་སྐྱོད་བྱས་པ་དང་། འདི་ནི་མཚོ་བོད་མཐོ་སྒང་གི་བྱེད་ནུས་ཆ་ཚང་ཞིང་སྒྲིག་གཞི་སྔོན་ཐོན་ཡིན་པ། རོགས་སྐྱོབ་སྟབས་བདེ་ཡིན་པའི་རོགས་སྐྱོབ་རྒྱུད་སྤེལ་རྟེན་གཞིའི་གྲས་ཤིག་ཡིན། རྟེན་གཞི་འདིས་ཕན་ནུས་ལྡན་པའི་སྒོ་ནས་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ནུས་པ་མཐོ་རུ་བཏང་ནས། ཉེན་ཁར་བཅར་བའི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་རྒྱུད་སྤེལ་ལ་སྤུས་ལེགས་ཀྱི་ཆ་རྐྱེན་བསྐྲུན་ཡོད།

སྲུང་སྐྱོང་ནུས་ཤུགས་ལ་མུ་མཐུད་དུ་ཤུགས་སྣོན་བྱས་པ་དང་བསྟུན། མདོ་ལ་རི་བོའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སླར་གསོ་དང་མངོན་གསལ་གྱིས་ལེགས་བཅོས་བྱུང་ནས། སྲོག་ཆགས་རྩ་ཆེན་རིགས་མངོན་པས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་རི་མོ་ཞིག་ངང་གིས་གྲུབ་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།


མཉམ་སྤྱོད།