མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒན་གསོ་གཡོ་ལེན་ལ་རྡུང་རྡེག་དང་དག་ཐེར་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤྱི་བསྡོམས་ཚོགས་འདུ་བརྙན་ལམ་ནས་འཚོགས།

2022-12-22 08:31:34   |   234

ཟླ12པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒན་གསོ་གཡོ་ལེན་ལ་རྡུང་རྡེག་དང་དག་ཐེར་བཅོས་སྐྱོང་བྱས་པའི་ཆེད་དོན་འགུལ་སྐྱོད་སྤྱི་བསྡོམས་ཚོགས་འདུ་བརྙན་ལམ་ནས་འཚོགས། གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱིས་རྒན་གསོ་གཡོ་ལེན་ལ་རྡུང་རྡེག་དང་དག་ཐེར་བཅོས་སྐྱོང་བྱས་པའི་ཆེད་དོན་འགུལ་སྐྱོད་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་རྒན་གསོ་གཡོ་ལེན་ལ་རྡུང་རྡེག་དང་དག་ཐེར་བཅོས་སྐྱོང་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་བསྟན་དོན། ད་ལོའི་ཟླ5བར་ཆེད་དོན་འགུལ་སྐྱོད་སྤེལ་བ་ནས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ནན་ཏན་སྒོས་ལག་བསྟར་བྱས་ཏེ། གཅིག་གྱུར་སྒོས་འཆར་འགོད་དང་ནུས་ལྡན་སྒོས་ལག་བསྟར་བྱས་པ་དང་། ཁྲིམས་ལྟར་རྒན་གསོ་གཡོ་ལེན་གྱི་ཁྲིམས་འགལ་ནག་ཉེས་ལ་ཆད་པ་ནན་མོ་བཅད་ཅིང་རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱེལ་བའི་གཡོ་ལེན་གནས་ཚུལ་ལ་བཅོས་སྐྱོང་བྱས་ནས། བསྡོམས་པས་རྒན་གསོ་གཡོ་ལེན་གྱི་གྱོད་གཞི17རྩད་ཆོད་པ་དང་། དོགས་ཡོད་ཉེས་ཅན43འཛིན་བཟུང་བྱས་ལ། གཡོ་ལེན་བྱས་པའི་སྒོར་ཁྲི501ཕྱིར་བླངས་པ་དང་། ཁྲིམས་འགལ་ནག་ཉེས་ཚོད་འཛིན་བྱེད་པ་དང་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བརྟན་འཇགས་དང་འབྲེལ་བའི་ཉེན་ཁ་ཞི་འཇགས་སུ་གཏོང་བ། གཡོ་ལེན་ལ་ངོ་རྒོལ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་ཐད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་། སྤྱི་ཚོགས་སྒྲིག་ལམ་སྲུང་སྐྱོབ་དང་སྤྱི་ཚོགས་དར་སྲོལ་ལེགས་སྒྱུར། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བར་སྐུལ་འདེད་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་ནུས་པ་གལ་ཆེན་ཐོན།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བསམ་བློའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཁུངས་སྣེ་ལ་ཞིབ་བཤེར་བྱེད་པ་དང་རྡུང་རྡེག་དང་དག་ཐེར་བཅོས་སྐྱོང་བྱེད་པ། དྲིལ་སྒྲོག་སློབ་གསོ་སོགས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། རྒྱུན་རྣམ་ཅན་གྱི་སྒོ་ནས་རྒན་གསོ་གཡོ་ལེན་གྱི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་དང་དག་ཐེར་བཅོས་སྐྱོང་བྱེད་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་ཡིད་ཚིམས་ཚད་མཐོར་འདེགས་སུ་གཏོང་བའི་ཡུན་སྐྱོང་ཇུས་གཞི་རུ་བརྩི་བ་དང་། རྒྱུན་མཐུད་སྒོས་རྒན་གསོ་གཡོ་ལེན་གྱི་ཁྲིམས་འགལ་ནག་ཉེས་ལ་ཆད་པ་གཅོད་པའི་མཐོ་གནོན་གནས་བབ་རྣམ་སྲུང་འཛིན་བྱེད་པ། རྒྱུན་མཐུད་སྒོས་རྒན་གསོ་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ལས་རིགས་ལ་བཅོས་སྐྱོང་ནན་མོ་བྱེད་པ། རྒྱུན་མཐུད་སྒོས་རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་རྒན་རྒོན་ལ་དྲིལ་སྒྲོག་དང་སློབ་གསོ་གཏོང་བ། རྒྱུན་མཐུད་སྒོས་ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་འགན་འཁྲི་གཟབ་ནན་དུ་གཏོང་དགོས་པར་མ་ཟད། མུ་མཐུད་དུ་བྱ་བའི་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན། ཆེད་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། རྒྱ་ཆེའི་རྒན་རྒོན་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས། །


མཉམ་སྤྱོད།