མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

2022-12-22 09:25:45   |   228

ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་དང་ཤིས་ཚིག་གལ་ཆེན། མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རང་ཞིང་གི་ལག་བསྟར་དང་དངོས་འབེབས་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་བྱ་བའི་ཡར་ཞུ་ལ་ཉན་པར་མ་ཟད་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་བའི་དུས་རིམ་གཉིས་པའི་མཐོ་རིམ་ཚོགས་འདུའི་མགོ་རྩོམ་མཛད་སྒོའི་སྟེངཕུལ་བའི་ཤིས་ཚིག་ལས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་བ་དང་སའི་གོ་ལའི་ཚེ་སྲོག་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་པ། དག་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་རྒྱས་འགྲེལ་བྱས་ནས། སའི་གོ་ལའི་སྐྱེ་དངོས་སྣ་མང་རང་བཞིན་བཅོས་སྐྱོང་བཟང་བོ་བྱེད་པར་ཁ་ཕྱོགས་བསྟན་པ་དང་། རྒྱལ་ཁབ་ཆེན་པོའི་ཁག་ཁུར་མངོན་པར་བྱས་ཡོད། ཤིས་ཚིག་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་ནས། སྐྱེ་ཁམས་དཔལ་ཡོན་མཐོ་སའི་སྟེང་དུ་གྲུབ་འབྲས་གསར་བ་གསར་སྐྲུན་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྩེ་ཚོགས་སྐབས་དང་པོ་དང་ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་ལ་ཞུགས་པར་མ་ཟད་སོ་ཏི་ཨ་རབ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱས་པ་ནི། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ལ་རང་རྒྱལ་གྱིས་ཨ་རབ་འཛམ་གླིང་ལ་གཞི་ཁྱོན་ཆེས་ཆེ་ཞིང་རྣམ་པ་རྒྱ་ཆེ་བའི་ཕྱི་འབྲེལ་འགུལ་སྐྱོད་ཐེངས་ཤིག་ཡིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རྗེས་སུ་མུ་མཐུད་དུ་ཨེ་ཤ་ཡ་ཤར་ལྷོ་ལ་བསྐྱོད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཕྱོགས་སུ་ལེགས་འགྲུབ་བྱུང་བའི་ལག་ལེན་ཞིག་ཡིན་པས། རང་རྒྱལ་གྱིས་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པ་དང་། ཀྲུང་གོ་དང་མཚོ་ཁུགས་མཉམ་ལས་ཀྱི་ཆགས་སྟངས་ཆེན་པོ་འགྲུབ་པར་བྱེད་པ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ནུས་པ་འདོན་པའི་ཡིད་ཆེས་བརྟན་པོ་དང་རྒྱལ་ཁབ་ཆེན་པོའི་ཁག་ཁུར་མངོན་པར་བྱས་ཡོད། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འཚམས་འདྲིར་སོང་ནས་བཏོན་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་རྒྱུ་གོ་སྐབས་སུ་བཟུང་སྟེ། རང་ཞིང་གིས་ཨ་རབ་རྒྱལ་ཁབ་དང་ཀྲུང་གོར་སྡོད་པའི་ཨ་རབ་མནའ་འབྲེལ་གཞུང་ཚབ་འཐུས་ཚབ་ཚོགས་པར་ཐུག་འཕྲད་དང་བརྗེ་རེས་བྱས་པའི་གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། ཧུར་ཐག་སྒོས་གྲོང་ཁྱེར་བར་དུ་མཛའ་མཐུན་འབྲེལ་བ་འཛུགས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ལ་རོགས་འདེགས་བྱེད་པ། དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་སོགས་ཕྱོགས་སུ་ཟུང་འབྲེལ་བྱེད་ས་འཚོལ་དགོས་ལ། དངོས་གཉེར་མཉམ་ལས་རྒྱ་སྐྱེད་པ་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས།

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བར་མཛུབ་སྟོན་གལ་ཆེན་གནང་བ་ནི་ང་ཚོས་དུས་རབས་གསར་བའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུབ་སྐྱོབ་བྱ་བ་བཟང་བོར་སྒྲུབ་པ་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་བསྲུང་བྱ་གལ་ཆེན་ཡིན། དག་སྲུང་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་། སྲུང་སྐྱོབ་དང་རྒྱུན་འཛིན་ཤུགས་ཚད་ཇེ་ཆེར་བཏང་ནས། མ་ལག་རང་བཞིན་གྱི་སྲུང་སྐྱོབ་རྣམ་པ་གསར་སྐྲུན་བྱེད་དགོས། སྔར་ལས་མང་བའི་མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱལ་ཁབ་རིམ་པ་དང་འཛམ་གླིང་རིམ་པའི་མིང་དེབ་ཏུ་འགོད་པར་སྐུལ་འདེད་གཏོང་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ནུས་པ་ཆེར་སྐྱེད་དང་བཀོལ་སྤྱོད་བཟང་བོ་བྱས་ནས། མང་ཚོགས་ལ་སྲུང་སྐྱོབ་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས།

གྲོས་ཚོགས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་ལ་ཞིང་ཆེན་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས་པ་དང་ཕྱི་ཚུལ་རིང་ལུགས་ལ་དག་ཐེར་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་བའི་བྱ་བའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན། གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་ལ། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་བསྲང་སྒྲིག་གཅུན་བྱས་ཤིང་། ཏན་ཏིག་སྒོས་སྤྱོད་ཚུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས།

གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཏང་ཙུའུ་ཡི་མགོ་ཁྲིད་པ་དང་པོ་དང་དེ་མིན་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་འགན་སྒྲུབ་དང་སྤྱོད་གཙང་གནས་ཚུལ་གསལ་ཞུ་བྱེད་པའི་བྱེད་ཐབས་ལ་གྲོས་ཞིབ་བྱས། གྲོས་ཚོགས་བསྟན་དོན། མགོ་ཁྲིད་ལས་བྱེད་པས་འགན་སྒྲུབ་དང་སྤྱོད་གཙང་གནས་ཚུལ་གསལ་ཞུ་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་གི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། ཏང་ལ་དོ་དམ་དང་བཅོས་སྐྱོང་ནན་མོ་བྱེད་པའི་ནུས་ལྡན་བྱེད་ཐབས་ཤིག་ཡིན། ཆབ་སྲིད་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པ་གཞི་རྩའི་ཆབ་སྲིད་ཀྱི་རེ་བ་རུ་བརྩི་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འགན་སྒྲུབ་དང་སྤྱོད་གཙང་གནས་ཚུལ་གསལ་ཞུ་བྱས་པ་བརྒྱུད་དེ་གནད་དོན་རྩད་ཆོད་རྗེས་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་པ་དང་དག་ཐེར་དང་བཅོས་སྒྱུར་ཤུགས་ཚད་ཇེ་ཆེར་གཏོང་དགོས། མཇུག་འབྲས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འགན་སྒྲུབ་དང་སྤྱོད་གཙང་གནས་ཚུལ་གསལ་ཞུ་བྱས་པའི་མཇུག་འབྲས་དེ་འགན་འཁྲི་ལག་བསྟར་དང་སྤྱོད་གཙང་བརྩི་སྲུང་བྱས་པའི་ཐད་ནས་མཚོན་པར་བྱེད་དགོས།

གྲོས་ཚོགས་ནས་1925ལོ་ནས1978ལོའི་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་ལོ་རྒྱུས་ཞེས་པའི་རྩོམ་སྒྲིག་པར་སྐྲུན་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

བཀྲ་ཤིས་འབུམ་གྱིས་བསྒྱུར། 


མཉམ་སྤྱོད།