ཟླ12པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་ཤིས་ཚིག་གལ་ཆེན། མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་རེའི་ཞིང་ཆེན་གྱི་ལག་བསྟར་དང་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་དང་། འབྲེལ་ཡོད་བྱ་བའི་ཡར་ཞུར་ཉན་པ་མ་ཟད་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དུས་རིམ་གཉིས་པའི་མཐོ་རིམ་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་སྟེང་ཕུལ་བའི་ཤིས་ཚིག་གི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་བ་དང་། སའི་གོ་ལའི་ཚེ་སྲོག་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱེད་པ། དག་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་རྒྱས་འགྲེལ་བྱས་ནས། སའི་གོ་ལའི་སྐྱེ་དངོས་སྣ་མང་རང་བཞིན་བཅོས་སྐྱོང་བཟང་བོ་བྱེད་པར་ཁ་ཕྱོགས་གསལ་སྟོན་དང་། རྒྱལ་ཁབ་ཆེན་པོའི་འགན་ཁུར་མངོན་པར་བྱས། ཤིས་ཚིག་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བཟང་བོ་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་ནས། སྐྱེ་ཁམས་དཔལ་ཡོན་ས་མཐོའི་སྟེང་གྲུབ་འབྲས་གསར་བ་གསར་སྐྲུན་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བར་མཛུབ་སྟོན་གལ་ཆེན་གནང་བ་ནི་ང་ཚོས་དུས་རབས་གསར་བའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུབ་སྐྱོབ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པ་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བསྲུང་བྱ་གལ་ཆེན་ཡིན། དྲང་སྲུང་གསར་སྐྲུན་རྒྱུན་འཁྱོངས་དང་། སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཤུགས་ཇེ་ཆེར་བཏང་ནས། མ་ལག་རང་བཞིན་གྱི་སྲུང་སྐྱོབ་རྣམ་པ་གསར་སྐྲུན་བྱེད་དགོས། མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྔར་ལས་མང་བ་རྒྱལ་ཁབ་རིམ་པ་དང་འཛམ་གླིང་རིམ་པའི་མིང་ཐོའི་ནང་འགོད་པར་སྐུལ་འདེད་གཏོང་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ནུས་པ་ཆེར་སྐྱེད་དང་བཀོལ་སྤྱོད་བཟང་བོ་བྱས་ནས། མང་ཚོགས་ལ་སྲུང་སྐྱོབ་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་ཞེས་བསྟན།
གྲོས་ཚོགས་སྟེང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་ལ་ཞིང་ཆེན་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས་པ་དང་ཕྱི་ཚུལ་རིང་ལུགས་ལ་དག་ཐེར་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་བའི་བྱ་བའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན། གྲོས་ཚོགས་སྟེང་ཏང་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་ལ་ང་ཚོས་རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་བསྲང་སྒྲིག་གཅུན་དང་། ནན་ཏན་གྱིས་སྤྱོད་ཚུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། བྱ་བ་སོ་སོར་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་བླངས་པར་བསྟན། སྤྱོད་ཚུལ་ལེགས་སྐྱོང་དམ་འཛིན་བྱེད་པར་རྒྱུན་སྐྱོང་བ་ལས། མཚམས་མི་འཇོག་པ་ཡིན། ནམ་ཡང་བགྲོད་ལམ་ཐོག་བློ་བརྟན་འགྱུར་མེད་དང་དམ་འཛིན་ལྷོད་མེད་བྱས་ཏེ་དོ་དམ་བཟང་པོ་གཟབ་ནན་བྱེད་པ་དང་། དོ་དོམ་བྱེད་ཕོད་པ་དང་གཟབ་ནན་བྱེད་ཕོད་པ། ཡུན་རིང་ལ་དོ་དམ་ཡུན་རིང་ལ་གཟབ་ནན་བྱེད་པར་སྟོབས་ཤུགས་ཕུལ་ནས་ཕན་འབྲས་ཐོན་པ་བྱེད་དགོས། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱེད་ཐབས་ཁག་དོན་འཁྱོལ་བཟང་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕུགས་ཕན་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས། ཁུར་པོ་ཡང་དུ་གཏོང་བའི་གྲུབ་འབྲས་ཀྱིས་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མི་དམངས་མང་ཚོགས་ལ་ཕན་པ་སྔར་ལས་བཟང་པོ་ཐོབ་པ་བྱེད་དགོས་པར་ནན་གྱིས་བསྟན།
གྲོས་ཚོགས་སྟེང《མཚོ་སྔོན་ཞིང་ཆེན་ཏང་ཨུ(ཏང་ཙུའུ)》ཡི“མགོ་ཁྲིད་དང་པོ”དང་དེ་མིན་གྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་འགན་སྒྲུབ་དང་སྤྱོད་གཙང་གནས་ཚུལ་གསལ་ཞུ་བྱེད་པའི་བྱེད་ཐབས་ལ་གྲོས་ཞིབ་བྱས། གྲོས་ཚོགས་སྟེང་མགོ་ཁྲིད་ལས་བྱེད་པས་འགན་སྒྲུབ་དང་སྤྱོད་གཙང་གནས་ཚུལ་གསལ་ཞུ་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་གི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། ཏང་ལ་དོ་དམ་དང་བཅོས་སྐྱོང་ནན་མོ་བྱེད་པའི་ནུས་ལྡན་བྱེད་ཐབས་ཤིག་ཡིན། ཆབ་སྲིད་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པ་གཞི་རྩའི་ཆབ་སྲིད་ཀྱི་རེ་བ་རུ་བརྩི་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འགན་སྒྲུབ་དང་སྤྱོད་གཙང་གནས་ཚུལ་གསལ་ཞུ་བྱས་པ་བརྒྱུད་དེ་གནད་དོན་རྩད་ཆོད་རྗེས་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་པ་དང་དག་ཐེར་དང་བཅོས་སྒྱུར་ཤུགས་ཚད་ཇེ་ཆེར་གཏོང་དགོས། མཇུག་འབྲས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འགན་སྒྲུབ་དང་སྤྱོད་གཙང་གནས་ཚུལ་གསལ་ཞུ་བྱས་པའི་མཇུག་འབྲས་དེ་འགན་འཁྲི་ལག་བསྟར་དང་སྤྱོད་གཙང་བརྩི་སྲུང་བྱས་པའི་སྟེང་ནས་མཚོན་པར་བྱེད་དགོས་པར་ནན་གྱིས་བསྟན།
གྲོས་ཚོགས་སྟེང《ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་ལོ་རྒྱུས(1925-1978)》ཞེས་པའི་རྩོམ་སྒྲིག་པར་སྐྲུན་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།