དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཡོམ་འགོག་གེགས་སེལ་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས།

2023-12-20 17:42:28   |   2596

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12ཚེས20ཉིན། ཁུལ་ཡོངས་ཀྱི་ཡོམ་འགོག་གེགས་སེལ་བཀོད་འདོམས་པུ་ཡི་ཚང་འཛོམས་གྲོས་ཚོགས་འཚོགས་རྗེས། རྐང་ཚ་རྫོང་གིས་མགྱོགས་མྱུར་གྱིས་ཡོམ་འགོག་གེགས་སེལ་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི། མདའ་བཞི་རྫོང་ཡོམ་འགོག་གེགས་སེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་སངས་འབུམ་གྱིས་ཡོམ་འགོག་གེགས་སེལ་གྱི་འབྲེལ་ཡོད་ལས་དོན་ལ་སླར་ཡང་བཀོད་སྒྲིག་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡོམ་འགོག་གེགས་སེལ་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རང་བྱུང་གནོད་འཚེ་སོགས་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ། བདེ་འཇགས་ཀྱི་མཐའ་ཚད་བསྲུངས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན།

11.jpg

མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་མདའ་བཞི་རྫོང་སྲིད་གཞུང་གི་རྫོང་དཔོན། མདའ་བཞི་རྫོང་ཡོམ་འགོག་གེགས་སེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཧྲི་དབྱིན། མདའ་བཞི་རྫོང་ཡོམ་འགོག་གེགས་སེལ་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།