དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-12-21 07:33:31   |   2404

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཞི་ཅིན་ཕིང་གིས་“ཞིང་གསུམ”ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།

    1.jpg

  • ཟླ12པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་ཐུགས་འཕྲད་གནང་།

  • ཟླ12པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནི་ཁ་ར་ཀྭའི(尼加拉瓜)ཙུང་ཐུང་ཨོར་ཐེ་ཅ་དང་ཞལ་པར་ལམ་ནས་བཀའ་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་ནི་ཁ་ལ་ཀྭ་གཉིས་ཀྱིས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དངོས་སུ་འཛུགས་རྒྱུ་ཁྱབ་བསྒྲགས་གནང་།

  • ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་བྱས་ཏེ་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་ནས་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཡོམ་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱེད་པར་སྒོར་དུང་ཕྱུར2བཏང་། 

  • ཚེས19ཉིན། ཀྲུང་དབྱང་ནོར་སྲིད་ཀྱིས་འཕྲལ་མར་སྒོར་དུང་ཕྱུར2.2བཏང་སྟེ། ཀན་སུའུ་དང་མཚོ་སྔོན་གྱི་ས་ཡོམ་གེགས་ཁུལ་དུ་ཞིང་ལས་དང་ཆུ་བེད་ཀྱི་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས།

  • ཚེས20ཉིན་གྱི་ཕྱི་དྲོའི་བར་དུ། ཀན་སུའུ་ཆུ་མ་མཁར་གྱི་རིམ་པ6.2ཅན་གྱི་ས་ཡོམ་གྱིས་མི134རྐྱེན་ལམ་དུ་ཤོར་དུ་བཅུག

  • ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཀྱི་གློག་འཕྲིན་ལས་སྒོའི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར15548ཟིན་པ་དང་། གློག་འཕྲིན་ལས་སྒོའི་སྡོམ་འབོར་དུས་མཚུངས་ལས16.6%འཕར་ཡོད།

  • ཞིང་ལས་དང་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཅུ་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་མི་སྣས་ལས་ཀ་ལས་བཞིན་པའི་སྡོམ་འབོར་ཁྲི3298.25ཡིན་པ་དང་། དམིགས་ཚད་ལས་འགན་ལས་མི་ཁྲི279.08ཀྱིས་བརྒལ་ཡོད།

  • ཉེ་ཆར། ལྷ་གྲུ་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆུང་གིས་གོ་སྐབས་འཛོམས་རྗེས་གྲུ་ཚང་ནས་ཐེངས་དང་པོར་ཕྱིར་སྐྱོད་རྒྱུ་རེད།

  • ཚེས19ཉིན། ཨ་རིའི་ཁོ་ལོ་ལ་ཏུའོ་མངའ་སྡེ(科罗拉多州)ཡི་ཆེས་མཐོའི་ཁྲིམས་ཁང་གིས་དེ་སྔའི་ཙུང་ཐུང་ཁྲོམ་ཕུ་ལ་མངའ་སྡེ་དེ་ག་རུ2024ལོའི་ཙུང་ཐུང་འདེམས་བསྐོའི་ཏང་ནང་གི་ཐོག་མའི་འདེམས་བསྐོའི་ཐོབ་ཐང་མེད་ཅེས་ཁྲུན་ཐག་བཅད།

    སྤྱི་ཚོགས།

    2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་དྲོད་ཚད་དམའ་བའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་དེ་རིང་ནས་ཚེས23ཉིན་བར། དྲོད་ཚད་དམའ་ཤོས0℃ཀྱི་ཐིག་ཚད་དེ་ཀུའེ་ཀྲོའུ་ཡི་ལྷོ་རྒྱུད་ནས་ཧྭ་ལྷོའི་བྱང་རྒྱུད་བར་དུ་གནས་རྒྱུ་རེད།

  • ཟླ11པར་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར339ཡི་ཆ་སྙོམས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་སྡུར་གྲངས92.5%ཟིན། 2019ལོའི་དུས་མཚུངས་ལས་བརྒྱ་ཆའི་གྲངས7.1འཕར་ཡོད།

  • ད་ལོའི་ཚུན་དུ། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་ཉེས་གསོག་གྱོད་གཞི་ཁྲི1ལྷག་ཙམ་རྩད་ཆོད་ཅིང་། ཉེས་གསོག་དོགས་ཅན་ཁྲི1.4ལྷག་ཙམ་འཛིན་བཟུང་བྱས་ཡོད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས20ཉིན་གྱི་ཆུ་ཚོད་བརྒྱད་པའི་བར་ཀན་སུའུ་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་མེ་འཁོར་ཚང་མ་རྒྱུན་གཏན་ལྟར་སླར་ཡང་འཁོར་སྐྱོད་ཐུབ་ཡོད།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཧོ་པེ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཝང་ཞུའེ་ཡིས་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་སྤྱད་དེ་ལྐོག་རྔན་བླངས་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

    3.jpg

  • ཧོ་ནན་ཞིན་སྨི་གནའ་གྲོང་གནའ་ཤུལ་དུ་བཞི་སྐོར་ཅན་གྱི་ཕོ་བྲང་གི་བཟོ་སྐྲུན་ཚོམ་རྙེད་ཅིང་། དེས་ཞ་རྒྱལ་རབས་ཀྱི་ཕོ་བྲང་འཛུགས་སྐྲུན་ཀྱི་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞི་གསར་པ་མཁོ་འདོན་བྱས།

  • ཚེས20ཉིན། རང་རྒྱལ་ནང་ལོགས་ཀྱི་ལྷོ་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་བར་གྱི་མཁའ་ལམ་གསར་པ་ཐོག་མ་སྟེ། ཀོང་ཀྲོའུ་ནས་མོར་སི་པི་གྲུ་ཁ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་ཡོད།

    4.png

  • ཧང་ཀྲོའུ་ལིན་ཕིང་གི་གཞིས་ཆུང་ཞིག་གི་རྒན་རྒོན་ཞིག་གིས་སེམས་ཆུང་མ་བྱས་པར་ཐོག་བརྩེགས་བཞི་པ་དང་གསུམ་པའི་བར་གྱི་སྒྲིག་ཆས་སྟེགས་བུའི་བར་དུ་ལུས་པས་མར་ལྷུང་བའི་ཉེན་ཁ་ཤིན་ཏུ་ཆེ། དེ་དུས་ལམ་ཁ་རུ་འགྲོ་བཞིན་པའི་ཚགས་པར་སྐྱེལ་མཁན་ལི་ཞའོ་ཡོན་གྱིས་མཐོང་བ་ན། ལག་ཆ་གཅིག་ཀྱང་མེད་པར་ཕྱི་གྱང་ནས་ཡར་འགོས་ཏེ་རྒན་པ་དེ་ཉེན་ཁ་ལས་ཐར་བར་བྱས།

སྲིད་ཇུས།

  • ཀོང་ཏུང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་པ་སྟེ། ཞག་སྡོད་ལམ་ལུགས་མིན་པའི་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་དུ་སློབ་གྲྭའི་ནང་སྒོ་རྩིས་ཚོང་ཁང་དང་ཚོང་ཁང་སོགས་འཛུགས་མི་ཆོག་པའི་གཏན་འབེབས་བྱས།

  • ཧྲའན་ཞི་ཡིས་ཡིག་ཆ་བཀྲམ་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་གྱིས་རྒྱུན་རྣམ་ཅན་གྱི་ཕྱོགས་གཉིས་ཀྱི་ལས་གནས་རེས་སྐོར་བརྗེ་རེས་བྱེད་དགོས་པ་དང་། གྲོང་གསེབ་ཀྱི་སློབ་གྲྭར་སློབ་ཁྲིད་ལོ་གཅིག་ཡན་བྱས་པ་དེ་མཐོ་རིམ་གོ་མིང་རེ་ཞུ་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་དུ་བརྩི་དགོས་པའི་བླང་བྱ་བཏོན།

  • ཀོང་ཞི་ཡིས་བྱེད་ཐབས་པར་འགྲེམས་བྱས་ཏེ་གྲོང་ཚོའི་ས་ཆའི་ཁྱབ་ཁོངས་ནང་ཞིང་ལས་ཐད་དུ་སྤྱོད་པའི་སྟབས་བདེའི་སྡོད་ཁང་བསྐྲུན་པར་ཞིང་ས་རུ་ཞིང་ལས་སྒྲིག་བཀོད་བསྐྲུན་པའི་འགྲོ་ལུགས་སྒྲུབ་མི་དགོས་པར་བཟོས་ཡོད།

    དེ་རིང་གི་གནམ་གཤིས།

    5.jpg

  • ཞིན་ཅང་གི་བྱང་རྒྱུད་དང་ཧྲན་ཏུང་ཕྱེད་གླིང་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་རེད། དེའི་ནང་ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་དབྱི་ལི་ལུང་གཞུང་། ཧྲན་ཏུང་ཕྱེད་གླིང་གི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་ནས་ཁངས་ཆེན་འབབ་རྒྱུ་ཡིན་པ་དང་། ས་ཁུལ་ལ་ལར་ཁངས་ཆེན་ཆེན་པོ་འབབ་རྒྱུ་རེད། ཡུན་ནན་གྱི་དབུས་ལྷོའི་རྒྱུད་དང་། ཧའེ་ནན་གླིང་ཕྲན་གྱི་བྱང་ཕྱོགས། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།