མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་ཨུའི་བརྗོད་དོན་སློབ་གསོའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཚོགས།

2023-12-27 09:10:18   |   2088

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས།  མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  བཤེར་འབེབས། རིན་ཆེན་ཚེ་རིང་།    


ཉེ་ཆར། མཚོ་བྱང་ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་བརྗོད་དོན་སློབ་གསོའི་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་བློ་མཐུན་ལི་ཀན་ཅེ་ཡི་རྒྱལ་ཡོངས་སུ“གཞི་རིམ་དུ་སྐྱོད་པ་བཞི”དོན་འཁྱོལ་བྱེད་པའི་སྤེལ་རེས་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་སྐོར་སྐྱོད་མཛུབ་ཁྲིད་ཚན་ཆུང་བཅུ་བཞི་པས་མཚོ་བྱང་དུ་རྟོག་ཞིབ་གནང་སྐབས་ཀྱི་བྱ་བའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོའི་དུས་མཚམས་རང་བཞིན་གྱི་ཕན་འབྲས་ལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་ཏེ། ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུ་པུ་ཀྲང་། ཁུལ་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པའམ་གཞུང་ལས་ཁང་གི་ཀྲུའུ་རིན་སི་ཅི་ཧྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་།

微信图片_20231227094554.jpg

    ཚོགས་འདུའི་ཐོག་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་མཛུབ་ཁྲིད་ནུས་ལྡན་འོག  ཁུལ་ཡོངས་ཀྱི་གོང་འོག་ཚང་མས“དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་ལེན་གཙོ། བྱས་རྗེས་འཇོག་”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། དོན་དངོས་ཀྱི་བླང་བྱ་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ“དངོས་སྒྲུབ་མཚོ་བྱང་”གི་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། དམངས་ཀྱི་ཡིད་ཆེས་ཐོབ་པ་བྱས་པས་བརྗོད་དོན་སློབ་གསོར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོབ། ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོར་རྩ་འཛུགས་མགོ་ཁྲིད་ནུས་ལྡན་དང་གོ་རིམ་ལྡན་ལ། རིགས་པའི་གཞུང་ལུགས་སློབ་སྦྱོང་རྒྱུན་མཐུད་གཏིང་ཟབ་ཡིན་པ། ཏང་གཤིས་སྦྱོང་བརྡར་གྱི་ཕན་འབྲས་མངོན་གསལ་དོད་པ། བརྟག་དཔྱད་ཞིབ་འཇུག་དངོས་སྒྲུབ་དང་གོ་ཆོད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དམ་འཛིན་དངོས་སྒྲུབ་ཡིན་པ། ཞིབ་བཤེར་དག་ཐེར་ལ་ཐོག་མའི་ཕན་འབྲས་ཐོན་པ་བཅས་ཀྱི་ཁྱད་ཆོས་མངོན་པས་གོང་རིམ་གྱི་ཁས་ལེན་གང་ལེགས་དང་མང་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད་པ་བསྟན།

微信图片_20231227094600.jpg

    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་སློབ་གསོ་དེ་གཏིང་ཟབ་ཏུ་སྤེལ་བ་དང་སྔོན་དཔག་གི་ཕན་འབྲས་དངོས་ཐོབ་པར་བརྩོན་ལེན་བྱེད་པའི་འགག་སྒྲོལ་དུས་མཚམས་སུ་སླེབས་ཡོད་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་དམ་འཛིན་ཡག་པོ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་མཇུག་གི་བྱ་བ་ལེགས་སྒྲུབ་བྱེད་པའི་གནད་འགག་གི་དུས་སུའང་སླེབས་ཡོད་པས། ས་གནས་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་སློབ་གསོའི་ཁྲོད་གྲུབ་པའི་ཕན་ནུས་ལྡན་པའི་བྱེད་ཐབས་དང་རྒྱལ་ཁའི་ཉམས་མྱོང་རྒྱུན་འཁྱོངས་ཡག་པོ་བྱེད་པ་དང་། བརྗོད་དོན་སློབ་གསོའི་ཁྲོད་གནས་པའི་གནད་དོན་དང་ཞན་ཆ་ཐག་གཅོད་ཡག་པོ་བྱེད་པ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་སྔར་བས་མཐོང་ཆེན་དང་རིགས་དབྱེ་མཛུབ་སྟོན་ལ་སྔར་བས་མཐོང་ཆེན། རྨང་རྩ་གཉིས་བརྟན་ཡོང་བར་སྔར་བས་མཐོང་ཆེན། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་ཡོང་བར་སྔར་བས་མཐོང་ཆེན། མགོ་ཁྲིད་མཛུབ་སྟོན་ལ་སྔར་བས་མཐོང་ཆེན་བཅས་བྱ་དགོས་ལ།   ལྷག་པར་ཏུ་ཕྱི་ཚུལ་རིང་ལུགས་སོགས་ཀྱི་སྣང་ཚུལ་ངན་པ་ཐོན་རྒྱུ་སྔོན་འགོག་བྱས་ཏེ་བརྗོད་དོན་སློབ་གསོར་དམ་འཛིན་ཏན་ཏིག་བྱས་ནས་སྤུས་ཚད་མཐོ་བ་དང་ཕན་འབྲས་བཟང་བོ་ཐོན་དགོས་པ་ནན་གྱིས་བསྟན།

    རྫོང་བཞིའི་རྫོང་ཨུའི་ལས་བགོས་འགན་གཉེར་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་པུ་པུ་ཀྲང་། ཁུལ་ཨུའི་སྡེ་ཚན་ཁག ཁུལ་ཐད་གཏོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། བརྗོད་དོན་སློབ་གསོའི་འབྲེལ་གཏུག་བྱ་བའི་མཛུབ་ཁྲིད་ཚན་ཆུང་སོ་སོ། ཁུལ་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཁོངས་མི་ཡོངས་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།