མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་ཞིང་ཆེན་ཡོམ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་ཕྱོགས་ཡོངས་ནས་སླར་གསོ་བྱས།

2023-12-27 10:04:12   |   1059

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་། 


 ཟླ12པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། བ་ཡན་ཧའེ་རིགས་རང་སྐྱོང་རྫོང་། ཡ་རྫི་ཧའེ་རིགས་རང་སྐྱོང་རྫོང་བཅས་རྫོང་གསུམ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་ཕྱོགས་ཡོངས་ནས་སླར་གསོ་བྱས། དེའི་ཁྲོད་སློབ་གྲྭ་ཆུང་འབྲིང355དང་སློབ་མ་ཁྲི11.86གི་སྐུད་འོག་སློབ་ཁྲིད་སླར་གསོ་བྱས་ཤིང་། སློབ་གྲྭ་ཆུང་འབྲིང16དང་སློབ་མ7700ཡི་སྐུད་ཐོག་སློབ་ཁྲིད་སླར་གསོ་བྱས།

图片2.png

  ཤེས་རྟོགས་བྱུང་བར་གཞིགས་ན། གཞོང་ཐང་རྫོང་གིས་རྫོང་ནང་ཁུལ་དུ་ཁག་བགར་ནས་གནོད་འཚེ་ཚབས་ཆེན་ཐེབས་པའི་ཀོན་ཐིང་ཧོར་རིགས་སློབ་འབྲིང་གི་མཐོ་འབྲིང་སློབ་མ941ལོ་རིམ་ལྟར་རྫོང་གི་སློབ་འབྲིང་དང་པོ་དང་གཉིས་པར་བཀོད་སྒྲིག་བྱས་ཏེ། མཐོ་འབྲིང་སློབ་མའི་སློབ་ཁྲིད་ཕྱོགས་ཡོངས་ནས་སླར་གསོ་བྱུང་ཡོད། སློབ་གྲྭའི་ཁང་པའི་དཔྱད་དཔོག་གནས་ཚུལ་དང་སྦྱར་ནས་བདེ་འཇགས་ལ་འགན་ལེན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག དེ་སྔའི་ས་གནས་ནས་སློབ་ཆུང་དང་སློབ་འབྲིང106གི་སློབ་ཁྲིད་སླར་གསོ་བྱས། སློབ་གྲྭའི་ཁང་པར་ཉེན་ཁ་ཡོད་པའི་སློབ་གྲྭ་ཆུང་འབྲིང16ལ་སྐུད་ཐོག་ནས་སློབ་ཁྲིད་བྱེད་བཞིན་ཡོད། ཡ་རྫི་རྫོང་གིས་ཐེངས་མང་པོར་སློབ་གྲྭའི་ཁང་པར་དཔྱད་དཔོག་བྱས་པ་བརྒྱུད། བདེ་འཇགས་ལ་འགན་ལེན་ཐུབ་པའི་སློབ་གྲྭ་ཆུང་འབྲིང92ཀྱི་སློབ་ཁྲིད་སླར་གསོ་བྱས་ཤིང་། སློབ་ཁྲིད་ཀྱི་ཆ་རྐྱེན་མི་འཛོམས་པའི་རྡོ་སྦིས་བོད་རིགས་ཤང་གཏེར་ཁ་ལུང་སློབ་ཆུང་གི་སློབ་མ54རྡོ་སྦིས་ཤང་སློབ་ཆུང་དུ་ཁག་བགོས་ནས་བཀོད་སྒྲིག་བྱས། བ་ཡན་རྫོང་དུ་ས་ཡོམ་གྱི་གནོད་འཚེ་ཐེབས་ཚད་ཅུང་ཚབས་ཆེན་ཡིན་པའི་ཐ་རྒྱ་བོད་རིགས་ཤང་གི་སློབ་གྲྭའི་ཁང་པའི་བདེ་འཇགས་ལ་གསལ་འབྱེད་བྱེད་པའི་བྱ་བ་ལེགས་འགྲུབ་བྱས་མཐར་སློབ་མ81གི་སློབ་ཁྲིད་སླར་གསོ་ཐུབ་པ་བྱུང་།
      མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་དྲ་ཐོག་སློབ་ཁྲིད་སྔོན་ཇུས་ལག་བསྟར་བྱས་པ་དང་འབྲེལ། རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་རིག་ནུས་སློབ་གསོའི་འཕྲིན་སྟེགས་སོགས་ཐོན་ཁུངས་ལ་བརྟེན་ནས་དྲ་ཐོག་སློབ་ཁྲིད་ཀྱི་ཕན་འབྲས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

图片3.png


མཉམ་སྤྱོད།