དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དགུན་དུས་ཀྱི་མེ་ཟོན་བདེ་འཇགས་སྐོར་གྱི་རྒྱུན་ཤེས།

2023-12-27 11:19:03   |   1665

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་མེ་ཟོན་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


དགུན་ཁར། ནམ་ཟླ་ཇེ་འཁྱག་ཏུ་སོང་བ་དང་བསྟུན་ནས་མེ་དང་གློག་བཀོལ་སྤྱོད་བྱེད་ཚད་ཇེ་མང་ཡིན་པ་དང་། སའང་ཤིན་ཏུ་སྐམ་པས་མེ་སྐྱོན་འབྱུང་སླ། དེ་བས་ང་ཚོས་མེ་ཟོན་སྐོར་གྱི་རྒྱུན་ཤེས་ཡིད་ལ་འཇགས་པར་བྱས་ཏེ། མེ་སྐྱོན་འབྱུང་བ་སྔོན་འགོན་བྱེད་པ་ནི་ཁྱེད་དང་ང་ཚོའི་བདེ་སྐྱིད་དང་འབྲེལ་བའི་འགན་འཁུར་ཞིག་ཡིན། གཤམ་དུ་མེ་ཟོན་སྐོར་གྱི་རྒྱུན་ཤེས་འགའ་ངོ་སྤྲོད་བྱེད་པར་བྱ།

1

སྟོན་དུས་དང་དགུན་དུས་ནི་མེ་སྐྱོན་བྱུང་མང་བའི་དུས་ཚིགས་ཡིན་པས། འབྲེལ་ཡོད་སྡེ་ཁག་གིས་སྐོར་ཞིབ་བྱེད་པར་ཤུགས་སྣོན་དགོས་པ་དང་།  མེ་སྐྱོན་གྱི་ས་བོན་ཙམ་ཡང་མེད་པ་བྱེད་དགོས། 

2

དགུན་དུས།  གློག་དྲོད་སྟེང་དུ་ལྭ་བ་སྐམ་མི་རུང་བ་དང་། གློག་དྲོད་དང་འབར་སླ་བའི་དངོས་པོའི་དབར་བར་ཐག་ངེས་ཅན་འཇོག་དགོས།

1.png

3

རླངས་སྣུམ་དང་། སོལ་སྣུམ། ཆང་བཅུད་སོགས་ཀྱིས་མེ་སོན་བྱེད་མི་རུང་།

4

ཉལ་སའི་ནང་དུ་དུ་བ་མི་འཐེན་པ་དང་། དུ་སྣེ་གང་སར་གཡུག་མི་རུང་།

2.png

5

འཚོ་བའི་ཁྲོད་གློག་ཆས་ཡང་དག་པའི་སྒོ་ནས་སྤྱོད་དགོས་པ་དང་། གང་བྱུང་དུ་གློག་སྐུད་འཐེན་མི་རུང་ལ།  གློག་རྩོལ་ལས་བརྒལ་མི་རུང་།      གློག་ཆས་རྙིང་བ་དང་སྐུད་ལམ་རྙིང་བ་དུས་ཐོག་ཏུ་བརྗེ་དགོས། ཕྱི་ལ་འགྲོ་དུས་དུས་ཐོག་ཏུ་གློག་ཁུངས་ཀྱི་སྒོ་གཏན་དགོས།

4.png

6

བྱིས་པར་མེ་ཟོན་སྐོར་གྱི་སློབ་གསོ་གཏང་དགོས་ལ། མེ་ཆས་བྱིས་པས་ལེན་མི་ཐུབ་པའི་གནས་སུ་འཇོག་དགོས།

7

སོལ་རླངས་དང་རང་བྱུང་སོལ་རླངས་སོགས་ཀྱིས་ཟ་མ་གཡོ་སྐོལ་བྱེད་དུས། མིའི་ལྟ་རྟོག་དང་བྲལ་མི་རུང་། སོལ་རླངས་ཕྱིར་ཐོན་པའི་གནས་ཚུལ་བྱུང་ཚེ། སྒོ་དང་དྲ་མ་ཕྱེས་ཏེ་རླུང་རྒྱུག་དགོས་པ་དང་། མེ་དང་གཏན་ནས་འཕྲད་མི་རུང་།

3.png

8

མེ་སྐྱོན་བྱུང་ཚེ། མྱུར་དུ119ལ་ཉེན་བརྡ་གཏོང་དགོས་པ་དང་། རང་གི་ཉེ་འགྲམ་དུ་མེ་སྐྱོན་གྱི་ས་བོན་ཡོད་ཚེ། མྱུར་དུ96119ལ་ཐེར་འདོན་བྱེད་དགོས།

6.png

9

མེ་སྐྱོན་བྱུང་དུས། རྒྱུ་དངོས་ལ་ཞེན་ཆགས་མི་སྐྱེ་བར་མྱུར་དུ་ཡུལ་དངོས་ལས་འབྲོ་དགོས། འབྲོ་དུས་གློག་སྐད་ལ་སྡོད་མི་རུང་ཞིང་། གང་བྱུང་དུ་དྲ་མ་ལས་ལྡིང་ཡང་མི་རུང་། རབ་ཡིན་ན་ལྭ་བ་དང་ལག་ཕྱིས་རློན་པ་ཡིས་རང་གི་ཁ་སྣ་བསུམ་སྟེ་མགོ་སྒུར་སྒུར་བྱས་ནས་འབྲོ་དགོས། 

10

ཚོང་ཁྲོམ་དུ་མེ་སྐྱོན་བྱུང་ཚེ། བདེ་འཇགས་འགྲོ་ལམ་བཙལ་ནས་ཕྱིར་འབྲོ་དགོས།

7.png


མཉམ་སྤྱོད།