མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མདོ་ལ་རྫོང་དཔེ་མཛོད་ཁང་ལ་རྒྱལ་ཡོངས་ཀྱི་མཚན་སྙན་འདི་ཐོབ་འདུག

2023-12-28 11:18:46   |   5349

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ལས་བཟོ་བའི་བསམ་བློའི་ཆབ་སྲིད་དང་རིག་གནས་བྱེད་སྒོ་སྤེལ་ཡུལ་གྱི་འཛུགས་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ལས་བཟོ་བའི་བསམ་བློ་དང་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལྷག་པར་སྐོང་བ་དང་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་སྔར་ལས་གཏིང་ཟབ་ཏུ་སྤེལ་ཕྱིར། མདོ་ལ་རྫོང་དཔེ་མཛོད་ཁང་གིས་རྒྱལ་ཁབ་རིམ་པའི་ལས་བཟོའི་དཔེ་ཁང་ལ་སྙན་སེང་ཧུར་ཐག་ཞུས་ནས། རིམ་པ་བཞིན་ཞིབ་བཤེར་བྱས་པ་བརྒྱུད་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས“རྒྱལ་ཡོངས་བཟོ་ཚོགས་ལས་བཟོའི་དཔེ་ཁང་དཔེ་སྟོན་ས་ཁུལ་གྱི་ལས་བཟོའི་དཔེ་ཁང”ལ་དཔྱད་འདེམ་བྱས།

微信图片_20231228114543.jpg

微信图片_20231228114549.jpg

ཉེ་བའི་ལོ་ཤས་རིང་། གོང་རིམ་སྡེ་ཚན་གྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག མདོ་ལ་རྫོང་གི་དཔེ་དེབ་ལྟ་ཀློག་བྱ་ཡུལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ་དང་། མང་ཚོགས་ཀྱི་དཔེ་ཀློག་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ཡོད་ཅིང་། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བར་མ་ཟད། དམངས་ཡོངས་ཀྱི་རིག་གནས་བྱང་ཚད་སྔར་བས་མཐོ་རུ་ཕྱིན་ནས། བསམ་པའི་དཔལ་ཡོན་གྱི་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད།

微信图片_20231228114555.jpg

མ་འོངས་པའི་བྱ་བའི་གོ་རིམ་ཁྲོད་མདོ་ལ་རྫོང་དཔེ་མཛོད་ཁང་གིས་སྔ་ཕྱི་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དམ་པོར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། དཔེ་མཛོད་ཁང་གི“རིན་མེད་སྒོ་དབྱེའི”འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་དཔེ་དེབ་ལྟ་ཀློག་ལས་དོན་གྱི་བསམ་ཕྱོགས་གསར་གཏོད་དང་དཔེ་ཀློག་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བཞིན། མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད།


མཉམ་སྤྱོད།