མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས08ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་འབྲོང་ཡུལ་དུ་རྟོག་ཞིབ་གནང་།

2023-12-28 15:10:32   |   2538

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས25ཉིན་ནས་ཚེས26ཉིན་བར། མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཀན་སུའུ་ཞིང་ཆེན་འབྲོང་ཡུལ་གྲོང་ཁྱེར་དུ་བསྐྱོད་དེ་རྟོག་ཞིབ་བརྗེ་རེས་གནང་། དེའི་རིང་། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། འབྲོང་ཡུལ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལུའུ་ཞའོ་ཧིན་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་མཚོ་བྱང་ཁུལ་དང་འབྲོང་ཡུལ་གྲོང་ཁྱེར་གཉིས་དབར་ལ་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག མཚོ་བྱང་ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། སུང་ཞུག་ཙུང་། སངས་འབུམ། སི་ཅི་ཧྲིན། འབྲོང་ཡུལ་གྲོང་ཁྱེར་གྱི་མགོ་ཁྲིད་ཡུས་ཡུང་མའེ་དང་ཀྲང་ཝུན་ཧྲིན། ཆའོ་ཀྲིན་ཧྭ། ལིག་ལི་ཅང་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས།   

ཉིན་གཉིས་ཀྱི་རིང་། འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་སྔ་རྗེས་སུ་མདོ་ལ་རྫོང་དང་མིང་ལེ་རྫོང་གི་ས་གྲོལ་ཕྱུགས་ར་དང་།    འབྲོང་ཡུལ་ཚད་བརྒལ་འཕེལ་རྒྱས་ཞིང་ལས་ཚད་ཡོད་སྤྱི་གཉེར་ཁང་དེང་རབས་རིག་ནུས་དྲོད་ཁང་བཟོ་ལས་ཅན་འདེབས་འཛུགས་དཔེ་སྟོན་ལས་གཞི། ཀན་སུའུ་ཡུན་ཀྲིན་ཡིག་ལི་ཞིང་ཕྱུགས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་། ཀན་སུའུ་ཀའོ་ཐའེ་ལས་བྱེད་སློབ་གླིང་། ལིན་ཙེ་རྫོང་ཐུང་ཆོན་གྲོང་རྡལ་ཆུང་བ། ཀན་ཀྲིག་ཆུས་ཀན་ཅུན་གྲོང་རྡལ་སུའུ་ཀྲན་སྡེ་བ། འབྲོང་ཡུལ་ཏན་ཞའི་འཛམ་གླིང་ས་གཤིས་སྤྱི་གླིང་། འབྲོང་ཡུལ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུ། འབྲོང་ཡུལ་ལན་པེའོ་སྐྱེ་དངོས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་བཅས་སུ་བསྐྱོད་དེ་ཡུལ་དངོས་ནས“མདོ་ལ་ནས་རྩེབ་སྟེ་ཀན་སུའུ་རུ་གསོ་བའི”ས་གྲོལ་ཕྱུགས་ར་དང་།  སྒྲིག་བཀོད་ཞིང་ལས་ཆས་རྟགས་གཏོད་ཚུལ། རྒྱལ་ཁབ་ཀྱི5Aརིམ་པའི་ལྗོངས་ཁུལ་ལས་གཉེར། གྲོང་གསེབ་དར་སྤེལ་གྱི་ཕྱོགས་བསྡུས་སྒྲིག་གཞི་འཛུགས་སྐྲུན། རིག་ལྡན་འབྲོང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་སྟེགས་བུའི་འཛུགས་སྐྲུན། དེ་བཞིན་ལས་བྱེད་པའི་གསོ་སྦྱོང་སློབ་གསོ་སོགས་ཀྱི་བྱ་བར་རྟོག་ཞིབ་གནང་།

ཚེས26ཉིན་འཚོགས་པའི་འབྲོང་ཡུལ་གྲོང་ཁྱེར་དང་མཚོ་བྱང་ཁུལ་གྱི་འཕེལ་རྒྱས་བརྗེ་རེས་བཞུགས་མོལ་ཚོགས་འདུའི་ཐོག ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་འབྲོང་ཡུལ་གྲོང་ཁྱེར་གྱིས་དུས་ཡུན་རིང་པོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞུས།  ཁོང་གིས་འབྲོང་ཡུལ་གྲོང་ཁྱེར་དང་མཚོ་བྱང་ཁུལ་ནི་རི་ཆུ་གཅིག་ལ་འབྲེལ་བས་གྲོགས་པོ་བཟང་པོ་དང་ཁྱིམ་མཚེས་བཟང་པོ། སྤུན་ཟླ་བཟང་པོ་བཅས་ཡིན་ལ། ཐེངས་འདིའི་འཚམས་འདྲིའི་བརྗེ་རེས་ནི་གཙོ་བོ་བཀའ་དྲིན་ཞུ་བའི་བསམ་པ་བཅངས་ནས་གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་བྱེད་པ་དང་། གུས་བཀུར་ཡི་རང་བྱེད་པའི་བསམ་པའི་སྟེང་ནས་ཉམས་མྱོང་ལེན་པ། རེ་སྒུག་ཆེ་བའི་བརྩེ་སེམས་ཀྱིས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་དམིགས་ཡུལ་འོག འབྲོང་ཡུལ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོར་དངོས་སུ་རོལ་མྱོང་ཐུབ་ཅིང་། མཚོ་བྱང་གི་སློབ་སྦྱོང་གི་ཚད་གཞི་དང་མིག་དཔེ་བཟང་པོ་ཞིག་ཡིན་པར་བཤད། ཁོང་གིས་ཕྱོགས་གཉིས་ཀྱིས་དུས་མཚམས་གོང་མའི་མཉམ་ལས་ལ་ཕན་འབྲས་བཟང་པོ་ཐོབ་པའི་རྨང་གཞིའི་ཐོག་མཉམ་ལས་ཀྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་དང་བར་དམ་ཆུའི་འབབ་རྒྱུད་ཀྱི་སྲུང་སྐྱོབ་མནའ་འབྲེལ་གྱི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་གྲུབ་འབྲས་མཉམ་སྤྱོད་བྱ་ཤུགས་ཆེ་རུ་གཏོང་དགོས། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཐུན་མོང་ཐོག་ཡག་པོར་གཏོད་པ་དང་། མདོ་ལ་རི་བོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་།  ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་ལས་སྣོན་ཞིབ་ཚགས་བྱེད་པའི་ཁེ་ལས་དང་སྦྲེལ་མཐུད་འོས་སྦྱོར་བྱས་ནས“མདོ་ལ་ནས་རྩེབ་ཏེ་ཀན་སུའུ་རུ་གསོ་བའི”ཁེ་ལས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་ལག་གདང་སྦྲེལ་ནས“ས་གྲོལ་གསོ་སྤེལ”གྱི་གདང་རིམ་སྤོར་བར་སྐུལ་འདེད་བཏང་སྟེ་མཉམ་དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རོགས་བྱ།  རིག་གནས་གནས་སྐོར་གྱི“ཐོན་ཁུངས་མཉམ་སྤྱོད་དང་ལམ་ཐིག་མཉམ་སྐྲུན། འགྲུལ་ཁུངས་སྐྱེལ་རེས། དྲིལ་སྒྲོག་མཉམ་འགུལ”བཅས་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ནས་འོས་འཚམ་ངང་རིག་གནས་དང་གནས་སྐོར་དྲིལ་སྒྲོག་འོས་སྦྱོར་བྱེད་སྒོ་སྤེལ་རེས་བྱེད་པ་དང་། གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཉམས་ཞིབ་དང་ལས་བྱེད་པའི་གསར་བརྗེའི་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་མཉམ་དུ་གཉེར་བ། གསར་བརྗེའི་ལོ་རྒྱུས་རིག་གནས་ཐོན་ཁུངས་སྲུང་སྐྱོབ་རྒྱུན་འཛིན་གསར་གཏོད་ལ་མཛུབ་ཁྲིད་དང་རོགས་རམ་བྱེད་པ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་མགྱོགས་མྱུར་སྒོས་གཏོད་པ་བཅས་བྱས་ནས་ས་ཁུལ་གཉིས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་ས་ཁུལ་གཉིས་ཀྱི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་བསྐྲུན་དགོས་པར་བཤད།

ལུའུ་ཞའོ་ཧིན་གྱིས་འབྲོང་ཡུལ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་འབྲོང་ཡུལ་དུ་རྟོག་ཞིབ་ལ་ཕེབས་པར་དགའ་བསུ་ཞུས། ཁོང་གིས་མཚོ་བྱང་དང་འབྲོང་ཡུལ་ནི་མདོ་ལ་རི་བོའི་དབང་གིས་ཕན་ཚུན་འབྲེལ་བ་དང་བར་དམ་ཆུ་བོའི་རྐྱེན་གྱིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་ཕན་ཚུན་སྦྲེལ་ཡོད།  ཕན་ཚུན་འགྲོ་འོང་བྱེད་ཚད་མང་བ་དང་མཉམ་ལས་བརྗེ་རེས་བྱེད་ཐེངས་མང་ཞིང་། མི་དམངས་བར་ལྷག་བསམ་ཟོལ་མེད་ཀྱི་མཛའ་མཐུན་ལྡན་ཞེས་བཤད།  ད་ལོ་ནས་བཟུང་། ཕྱོགས་གཉིས་ཀྱིས་ཐུན་མོང་འབད་བརྩོན་བྱས་པར་བརྟེན་ས་ཁུལ་གཉིས་དང་ཁྱབ་ཁོངས་མང་པོ་ཞིག་ཏུ་ཕན་ཚུན་བརྗེ་རེས་རྒྱ་ཁྱབ་བྱས་ནས་སྐྱེ་ཁམས་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་ནུས་པ་སྔར་བས་ལྡན་པ་དང་ཐོན་ལས་སྦྲེལ་དྲ་སྔར་བས་དམ་ཟབ་བྱེད་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་སྔར་ལས་མང་བ། ཁྱིམ་མཚེས་མཛའ་མཐུན་སྔར་བས་གཏིང་ཟབ་བཅས་བྱུང་སྟེ་གཡུར་དུ་ཟ་བའི་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་ཡོད། ཁོང་གིས་མཚོ་བྱང་དང་འབྲོང་ཡུལ་ནི་ལན་གྲུ་དང་ཟི་ལིང་གྲོང་ཁྱེར་ཁྱུ་ཚོགས་ཀྱི་ལྷུ་ཚིགས་གལ་ཆེན་གཉིས་ཡིན་པའི་ངོས་ནས་བརྗོད་ན་འཕེལ་རྒྱས་འབྲེལ་ཚད་མཐོ་བ་དང་གསབ་རེས་རང་བཞིན་ཆེ་བས་མཉམ་ལས་ཀྱི་བར་མཐོངས་ཧ་ཅང་རྒྱ་ཆེན་པོ་ཡོད།   ཕྱོགས་གཉིས་ཀྱིས་ཐེངས་འདིའི་རྟོག་ཞིབ་གོ་སྐབས་སུ་བཟུང་ནས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་བར་དམ་ཆུ་བོའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་དམིགས་ནས་སྐྱེ་ཁམས་ཁོར་ཡུག་མཉམ་གཏོད་མཉམ་བཅོས་ལ་ཤུགས་བསྣན་ཏེ་རྨང་གཞིའི་འཛུགས་སྐྲུན་དང་ཞིང་ཕྱུགས་ཐོན་ལས། རིག་གནས་དང་གནས་སྐོར་ཐོན་ལས།  ཚོགས་འགྲེམས་ཐོན་ལས།   ཚོང་དོན་འཁོར་རྒྱུག་སོགས་ལ་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ཕན་ཚུན་སྐུལ་འདེད་དང་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།   སྤྱི་པའི་ཞབས་ཞུ་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།   མི་རིགས་མཐུན་སྒྲིལ་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་མཉམ་འདྲེས་ཐུབ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ས་ཁུལ་གཉིས་ཀྱི་མཉམ་ལས་དེ་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་དབར་མཉམ་ལས་གཏིང་ཟབ་ཏུ་ཧུར་ཐག་གཏོད་པའི་དམིགས་ཚད་དང་དཔེ་སྟོན་དུ་གཏོད་རྒྱུའི་རེ་བ་ཡོད་པར་བསྟན།

ཁུལ་འཕེལ་སྒྱུར་དང་ཞིང་ཕྱུགས། རིག་གནས་གནས་སྐོར། འགྲིམ་འགྲུལ་བཅས་དང་དེ་བཞིན་རྐང་ཚ་རྫོང་ཨུ་དང་མདོ་ལ་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་རྟོག་ཞིབ་ལ་ཕེབས་རོགས་གནང་། 


མཉམ་སྤྱོད།