མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད9)

2023-12-28 15:58:31   |   795

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


1703495889111341.jpg

“ཕྱོགས་བཅུ་གསུམ་གྱི་གྲུབ་འབྲས”ཀྱི་ཞིབ་ཕྲའི་ནང་དོན་ཅི་ཞིག་ཡིན་ནམ།

ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ཐད་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་འགན་ལེན་ནུས་ལྡན་བྱུང་བ་དང་། ཏང་གི་མགོ་ཁྲིད་ལམ་ལུགས་མ་ལག་ཟམ་མི་ཆད་པར་དེ་བས་འཐུས་ཚང་དང་། ཏང་གི་མགོ་ཁྲིད་བྱེད་སྟངས་ཚན་རིག་དང་མཐུན་པ་དང་། ཏང་ཡོངས་ཀྱི་བསམ་བློའི་ཐོག་དེ་བས་གཅིག་གྱུར་དང་། ཆབ་སྲིད་ཐོག་དེ་བས་མཐུན་སྒྲིལ། བྱ་སྤྱོད་ཐོག་དེ་བས་གཅིག་མཐུན་བཅས་བྱུང་ཡོད། ཏང་གི་ཆབ་སྲིད་ཀྱི་མགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ་དང་། མང་ཚོགས་ཀྱི་རྩ་འཛུགས་དང་། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་མངོན་གསལ་ཆེ་རུ་ཕྱིན་ཡོད།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་དང་། རང་ངོས་གསར་བཅོས་དང་། རང་ངོས་མཐོར་གཏོང་བཅས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་གནས་ཚུལ་རྩ་བའི་ཆ་ནས་འགྱུར་ལྡོག་ཕྱིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་འབྲེལ་ཁྱོན་ཡོངས་ནས་སྲ་བརྟན་དུ་ཕྱིན་པ་དང་། གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་ཏང་དེ་བས་སྲ་བརྟན་དུ་ཕྱིན་ཡོད། 

དཔལ་འབྱོར་འཛུགས་སྐྲུན་ཐད་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དོ་སྙོམས་རང་བཞིན་དང་། མཐུན་སྦྱོར་རང་བཞིན་དང་། རྒྱུན་མཐུན་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་དང་།  ཚན་རྩལ་སྟོབས་ཤུགས་དང་། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པར་སླེབས་པ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་དེ་བས་མཐོ་བ་དང་། ལས་འབྲས་དེ་བས་ཆེ་བ་དང་། དེ་བས་དྲང་སྙོམས་དང་།  དེ་བས་རྒྱུན་མཐུད་དང་། དེ་བས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་སླེབས་ཡོད།

སྒྱུར་བཅོས་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཐད་ཏང་གིས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་བས་འཐུས་ཚང་དང་དེ་བས་གཏན་འཁེལ་བྱུང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གསོན་ཤུགས་གསར་པ་འཕེལ་ཡོད།

ཆབ་སྲིད་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཧུར་ཐག་ངང་འཕེལ་རྒྱས་བཏང་བ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན་དང་། གོ་རིམ་ཅན་བཅས་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱས་པ་དང་། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ལྷིང་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད། 

ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པའི་ཐད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས་པ་དང་། ཏང་གིས་ཁྲིམས་སྐྱོང་བྱ་ཐབས་སྤྱད་དེ་རྒྱལ་ཁབ་ལ་མགོ་ཁྲིད་དང་བཅོས་སྐྱོང་བྱེད་པའི་ནུས་པ་མངོན་གསལ་ཆེ་རུ་ཕྱིན་ཡོད། 

རིག་གནས་འཛུགས་སྐྱོང་ཐད་རང་རྒྱལ་གྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་དུས་བབ་ལ་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཕྱིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ཀྱི་གདེང་ཚོད་མངོན་གསལ་ཆེ་རུ་ཕྱིན་པ་དང་། སྤྱི་ཚོགས་ཡོངས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་ཕྱིན་ནས། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱས་ཡོད།

སྤྱི་ཚོགས་འཛུགས་སྐྲུན་ཐད་མི་དམངས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན་དང་། རིག་ནུས་ཅན་དང་། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལྷིང་དང་གོ་རིམ་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་འཕེལ་རྒྱས་བཏང་བ་དང་། སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་མུ་མཐུད་བཏོད་བ་བཅས་རེད། 

སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཏང་ཀྲུང་དབྱང་གིས་སྔར་ན་མེད་པའི་ནུས་ཤུགས་ལ་བརྟེན་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད། གོམ་སྟབས་གལ་ཆེན་སྤོས་པས་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ལོ་རྒྱུས་རང་བཞིན་དང་། ཁ་ཕྱོགས་སྒྱུར་བ་དང་། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད། 

རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཐད་མི་དམངས་དམག་དཔུང་ལ་ཁྱོན་ཡོངས་རང་བཞིན་གྱི་གསར་བརྗེའི་རང་བཞིན་གྱི་བསྐྱར་སྐྲུན་དང་བསྐྱར་སྒྲིག་བྱས་པ་དང་། རྒྱལ་སྲུང་དངོས་ཤུགས་དང་དཔལ་འབྱོར་དངོས་ཤུགས་དུས་གཅིག་ཏུ་ཆེ་རུ་ཕྱིན་པ། མི་དམངས་དམག་དཔུང་གིས་དུས་རབས་གསར་པའི་ལས་འགན་དང་ལས་འགན་མཐའ་གཅིག་ཏུ་བསྒྲུབས་ནས། ཞུམ་མེད་ཀྱི་འཐབ་རྩོད་སྙིང་སྟོབས་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ཡོད།

རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཐད་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་ཐེབས་པ་དང་། ཆབ་སྲིད་དང་། དཔལ་འབྱོར་དང་། འདུ་ཤེས་འཛིན་སྟངས་དང་། རང་བྱུང་ཁམས་སོགས་ཐད་ཀྱི་ཉེན་ཁ་དང་འགྲན་སློང་གི་ཚོད་བགམ་ཐེག་ཐུབ་པས། ཏང་དང་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད།

“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”མཐའ་འཁྱོངས་དང་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཐད། ཏང་ཀྲུང་དབྱང་གིས་རྩ་ལག་མཉམ་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ“རྒྱལ་གཅེས་པས་ཞང་ཀང་སྐྱོང་བ”དང “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བ”བློ་རྩ་བརྟན་པོས་དོན་འཁྱོལ་བྱས་ནས། ཞང་ཀང་གི་གནས་བབ་ཟང་ཟིང་ནས་བཅོས་སྐྱོང་བྱེད་པའི་ཁ་ཕྱོགས་སྒྱུར་མཚམས་གལ་ཆེན་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ། ཞང་ཀང་དང་ཨའོ་མོན་གཉིས་ཀར་ཁྲིམས་ལྟར་སྐྱོང་བ་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བསྟར་བར་བརྟན་པོའི་ངང་ཡུན་རིང་བདེ་འགོད་ཡོང་བར་རྨང་གཞི་བརྟན་པོ་བཏིང་བ་རེད། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ངོས་འཛིན་གཅིག་མཐུན”མཐའ་འཁྱོངས་དང་། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། མཚོ་ངོགས་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་ཁོང་དུ་བརྟན་པོ་ཆུད་པ་བཅས་བྱ་དགོས།

ཕྱི་འབྲེལ་ལས་དོན་ཐད་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་དེ་དུས་རབས་ཀྱི་རླབས་རྒྱུན་དང་མིའི་རིགས་ཀྱི་མདུན་སྐྱོད་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པའི་དར་ཆ་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད། རང་རྒྱལ་གྱི་ཕྱི་འབྲེལ་གྱིས་འཛམ་གླིང་གི་འཕོ་འགྱུར་ཆེ་མོའི་ཁྲོད་གསར་གཏོད་སྒོ་མོ་ཕྱེ་བ་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་། འབོད་སྐུལ་ནུས་པ་དང་། གསར་གཏོད་ནུས་པ་བཅས་མངོན་གསལ་ཆེ་རུ་ཕྱིན་ཡོད།


མཉམ་སྤྱོད།