དེ་རིང་ནི2025ལོའི་ཟླ05པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད10)

2023-12-29 10:32:29   |   324

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


1703495889111341.jpg

“ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དྲུག”ཅེས་པའི་ཞིབ་ཕྲའི་ནང་དོན་གང་ཡིན་ནམ།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་བསྟན་དོན། “ལག་ལེན་གྱི་རྨང་གཞིའི་ཐོག་གཞུང་ལུགས་གསར་གཏོད་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་ན། ཐོག་མར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱས་ཏེ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་བཅས་རྒྱུན་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས།”དེར་བརྟེན།  སྙན་སྒྲོན་ནང་ཕྱོགས6ཐད་ནས་སྙིང་བསྡུས་དང་རྒྱས་བཤད་བྱས་ཡོད་པ་སྟེ།  མི་དམངས་ནི་བླ་ན་མེད་པ་ངེས་པར་དུ་མཐའ་འཁྱོངས་བྱེད་པ་དང་། ངེས་པར་དུ་གདེང་ཚོད་དང་རང་ཚུགས་མཐའ་འཁྱོངས་བྱེད་པ་དང་། ངེས་པར་དུ་གཞུང་དྲང་གསར་གཏོད་མཐའ་འཁྱོངས་བྱེད་པ་དང་། ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ངེས་པར་དུ་མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། ངེས་པར་དུ་བློ་རྒྱ་ཆེན་པོས་གནམ་འོག་མཐའ་འཁྱོངས་བཅས་བྱེད་དགོས་པ་ནན་བཤད་བྱས་ཡོད། 


མཉམ་སྤྱོད།