དེ་རིང་ནི2025ལོའི་ཟླ05པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་ཐོ་འགོད་བཀོད་སྒྲིག་ལ་སྐུལ་སློང་དང་ལས་སྒོའི་གསོ་སྦྱོང་ཚོགས་འདུ་འཚོགས།

2023-12-29 10:59:44   |   1074

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་ཚོགས་འདུའི་དགོངས་དོན་དང་འབྲེལ་ཡོད་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་བཤེར་ཐོ་འགོད་ཀྱི་དུས་མཚམས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ་ཡོངས་བཤེར་གྱི“མི་སྣ་གཉིས”ཀྱི་ལས་སྒོའི་ནུས་པ་སྔར་བས་ཆེ་རུ་བཏང་ནས་ཡོངས་བཤེར་ཐོ་འགོད་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱ་ཆེད། ཟླ12པའི་ཚེས28ཉིན་མདའ་བཞི་རྫོང་གིས་ཡོངས་བཤེར་ཐོ་འགོད་བཀོད་སྒྲིག་ལ་སྐུལ་སློང་དང་ལས་སྒོའི་གསོ་སྦྱོང་ཚོགས་འདུ་འཚོགས། མདའ་བཞི་རྫོང་ཨུའི་རྒྱུན་ཨུའམ་རྫོང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་མགོ་ཁྲིད་ཚོ་ཆུང་ལྔ་པའི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ལ་ཧའེ་ཧྥུང་ཚོགས་འདུར་ཕེབས་པ་དང་གསུང་བཤདགནང་། མགོ་ཁྲིད་ཚོ་ཆུང་གི་ཁོངས་མི་དང་། ཡུལ་ཚོ་དང་གྲོང་རྡལ་ཁག་གི་འགན་འཁུར་བློ་མཐུན། དེ་བཞིན་རྫོང་ཡོངས་ཀྱི“མི་སྣ་གཉིས”ཀྱི་མི70ལྷག་ཙམ་ཚོགས་འདུར་ཞུགས།

1.png

ཚོགས་འདུའི་ཐོག མདའ་བཞི་རྫོང་ཨུའི་རྒྱུ་ཨུའམ་རྫོང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ལ་ཧའེ་ཧྥུང་གིས་སྐུལ་སློང་གསུང་བཤད་གནང་། རྫོང་སྡོམ་རྩིས་ཅུའི་ཅུ་ཀྲང་ཀྲའོ་བུན་མིང་གིས་ལས་དོན་བསྒྲུབས་ཚུལ་སྙན་ཞུ་བྱས།

2.png

ཚོགས་འདུའི་ཐོག དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་གཞི་གྲངས་ཀྱིས་དེ་སྔའི་དཔལ་འབྱོར་སྲིད་ཇུས་ཀྱི་ཕན་འབྲས་ལ་ཞིབ་བཤེར་དང་། GDPརྩིས་བཤེར། འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་འཆར་འགོད་བཅས་བྱེད་པར་ནུས་ལྡན་ཀྱི་གཞི་གྲངས་མཁོ་འདོན་བྱས་པས་དོན་སྙིང་ཤིན་ཏུ་ཆེ། ཡོངས་བཤེར་ཐོ་འགོད་ནི་ཡོངས་བཤེར་ལས་དོན་ཡོངས་ཀྱི་ལྟེ་བའི་ལྷུ་ཚིགས་ཤིག་ཡིན་ཞིང་། ཐོ་འགོད་སྤུས་ཚད་ནི་ཡོངས་བཤེར་ལས་དོན་གྱི་རྒྱལ་ཕམ་དང་ཐད་ཀར་འབྲེལ་བ་ཡོད། དེ་བས་ཚད་མཐོའི་མཐོང་ཆེན་བྱེད་པའི་འདུ་ཤེས་དགོས་ལ། བྱ་སྤྱོད་ཐད་རང་རྟོགས་ཡོད་དགོས། བྱེད་ཐབས་ཚན་རིག་དང་མཐུན་ཞིང་ནུས་ལྡན་ཡིན་དགོས། ཡོངས་བཤེར་ཐོ་འགོད་དུས་རིམ་གྱི་ལས་འགན་ཁག་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བསྟན།

3.png

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། མདའ་བཞི་རྫོང་ཡོངས་ཀྱི་གོང་འོག་ཚང་མས་དུས་བབ་གསལ་རྟོགས་དང་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་བཅངས་ནས་རྫོང་ཡོངས་ཀྱི་བཀོད་སྒྲིག་ལ་ནན་གྱིས་གཞིགས་ཏེ་ལས་དོན་ཁག་ཡག་པོ་སྒྲུབ་དགོས། གཅིག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་སྟེ་ཡུལ་ཚོ་དང་གྲོང་རྡལ། སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་དེ་མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་ལས་འགན་གཙོ་བོ་སྟངས་འཛིན་ནན་མོ་བྱེད་པ། མགོ་ཁྲིད་སྒྲིག་འཛུགས་ལ་ཤུགས་སྣོན་རྒྱག་པ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་ལ་ཆུ་ཚད་མཐོ་བའི་སྒོ་ནས་ཡོངས་བཤེར་ལས་འགན་ལེགས་སྒྲུབ་བཅས་བྱེད་དགོས། གཉིས་ནི་དུད་ཚང་དུ་སྐྱོད་དེ་ཐོ་འགོད་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། ཡོངས་བཤེར་གྱི“མི་སྣ་གཉིས”མགྱོགས་མྱུར་ངང་ལས་ཀའི་ནང་་ཞུགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་འགན་འཁུར་བ་དང་པོའི་འགན་འཁྲི་འཁུར་བ་དང་ཁྲིམས་ལྟར་སྡོམ་རྩིས་བྱས་ཏེ་ཆད་ལྷག་མེད་པ་བྱེད་དགོས། གསུམ་ནི་ཡོངས་བཤེར་ལས་ཀའི་སྒྲིག་ལམ་ནན་མོ་བཟོ་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོམ་རྩིས་བཅའ་ཁྲིམས》དང་དེའི་ལག་བསྟར་སྲོལ་ཡིག་དང་།《རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་སྲོལ་ཡིག》བཅས་ལག་བསྟར་ནན་མོ་བྱེད་དགོས་པ་དང་། རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་ཡོངས་བཤེར་སྒྲིག་གཞིས་བྱ་བ་མ་བསྒྲུབས་གོང་དང་སྒྲུབ་སྐབས། བསྒྲུབས་རྗེས་ཀྱི་གཞི་གྲངས་ཀྱི་སྤུས་ཚད་ལ་འཐེན་བཤེར་དང་ཞིབ་བཤེར་བྱས་ཏེ་སྤུད་ཚད་ལ་འགན་ལེན་བྱེད་དགོས་པ་དང་། གཞི་གྲངས་རྫུན་བཟོ་དང་ཡོངས་བཤེར་ལ་ཐེ་ཇུས་བྱེད་པའི་གཞི་གྲངས་སྣ་ཚོགས་ཀྱི་བྱ་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱས་ནས་གཞི་གྲངས་སྤུས་ཚད་ཀྱི་སྲོག་རྩ་བརྟན་པོ་སྲུང་དགོས།   

ཚོགས་འདུ་གྲོལ་རྗེས། གཞི་གྲངས་འཚོལ་བསྡུ་དང་ཐག་གཅོད་ཀྱི་ལས་སྒོའི་གསོ་སྦྱོང་འཚོགས་པ་དང་། ཡོངས་བཤེར་ཐོ་འགོད་ཀྱི་འབྲེལ་ཡོད་ལས་སྒོ་དང་ཡོངས་བཤེར་སྙན་ཞུའི་རེའུ་མིག་སྐོང་སྟངས། དེ་བཞིན་དོ་སྣང་བྱེད་དགོས་པའི་དོན་གནད་ལ་ཞིབ་ཕྲའི་འགྲེལ་བཤད་གནང་སྟེ། དཔལ་འབྱོར་ཡོངས་བཤེར་གྱི་གཞི་གྲངས་ཀྱི་སྤུས་ཚད་སྔར་བས་དག་ཐབས་བྱས་ཤིང་། རྗེས་ཕྱོགས་ཀྱི་ཡོངས་བཤེར་ཐོ་འགོད་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་།


མཉམ་སྤྱོད།