དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གི་ཆུ་ཁོལ་གྱི་སྟོང་ཧྥུའུ330ཡི་ཕྱོགས་བསྡུས་ས་ཚིགས་བདེ་བླག་ངང་འཁོར་སྐྱོད་བྱེད་མགོ་ཚུགས།

2024-01-03 16:07:40   |   244

སྒྲིག་སྒྱུར། དོན་འགྲུབ་མཚོ། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར5.2བཏང་བའི་རྐང་ཚ་རྫོང་གི་ཆུ་ཁོལ་སྟོང་ཧྥུའུ330ཡི་ཕྱོགས་བསྡུས་ས་ཚིགས་དང་གློག་སྐྱེལ་གློག་སྒྱུར་གྱི་གློག་སྐུད་ལས་གྲྭ་བདེ་བླག་ངང་འཁོར་སྐྱོར་བྱས་ཤིང་། ཕྱོགས་བསྡུས་ས་ཚིགས་ཀྱི་སྤྱིའི་ཤོང་ཚད་ནི་ཀྲའོ་ཧྥུའུ་ཨན72ཡིན་པ་དང་། གློག་གཏོང་སྐུད་ལམ་གྱི་རིང་ཚད་སྤྱི་ལེ93ཡིན། མདའ་བཞི་རུ་སྟོང་ཧྥུའུ330ཡི་གློག་གནོན་སྒྱུར་ཆས་འབྲེལ་མཐུད་བྱས་ལ། རྒྱལ་ཁབ་གློག་དྲས་བཀོད་གཏོང་བྱས་ནས“སྟོང་ཧྥུའུ330ཡི་གློག་སྒྱུར་ས་ཚིགས”ཞེས་མིང་བཏགས།

光伏照片.png

འོད་ཤུགས་གློག་གཏོང་གློག་ལམ་དེ་བདེ་བླག་ངང་འཁོར་སྐྱོད་ཐུབ་པ་དེ་རྐང་ཚ་རྫོང་མ་ཟད་མཚོ་བྱང་ཁུལ་གྱི་གློག་གཏོང་སྒྲིག་ཆས་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། དེས་ཁུལ་ཡོངས་ཀྱི་གློག་དྲའི་གྲུབ་ཆ་ལེགས་སུ་བཏང་བ་མ་ཟད།  མཐའ་འཁོར་ས་ཁོངས་ཀྱི་གློག་ཤུགས་མཁོ་འདོན་གྱི་བརྟན་བརླིང་རང་བཞིན་དང་ཁག་ཐེག་རང་བཞིན་མཐོ་རུ་བཏང་ཡོད། ད་དུང་རྐང་ཚ་རྫོང་གི་སྟོང་ཝ་ཁྲི100ཡི་ནུས་རྒྱུ་གསར་པའི་རྣམ་གྲངས་ཀྱི་ཕྱིར་གཏོང་བྱེད་ནུས་ཀྱང་ཆེ་རུ་བཏང་བས། མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གསུམ་པ་འཛུགས་སྐྲུན་བྱེད་པར“དྲ་སྒྲོམ་གྱི་རྨང་གཞི”བརྟན་པོ་བཏང་ཡོད།


མཉམ་སྤྱོད།