དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-04 07:58:05   |   2547

སྒྲིག་སྒྱུར།  ཁོན་ཐར་ཚེ་རིང་།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • 2023ལོའི་རང་རྒྱལ་གྱི་དངོས་རྒྱུག་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས་ལོ་ཧྲིལ་བོར་ཆ་སྙོམས་ཐང་གྲངས51.8%ལ་ཐོན་པ་དང་། ལོ་སྔོན་མ་ལས་བརྒྱ་ཆའི་ཚེག3.2ཀྱི་ཇེ་མཐོར་སོང་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གྲངས་གཞི་ལྟར་ན། 2023ལོའི་ཟླ11པར། རང་རྒྱལ་གྱི་ཚོང་གཉེར་རང་བཞིན་གྱི་ཟོང་འདྲེན་བྱེད་ཚད་ཏུན་དུང་ཕྱུར་48.8ལ་ཐོན་པ་དང་། དུས་མཚུངས་ལས་13.5%་འཕར་ཡོད།

  • ནོར་སྲིད་པུས་གནས་ཚུལ་ལྟར་ན། 2023ལོའི་རྒྱལ་ཡོངས་ནོར་སྲིད་ཀྱི་རིག་གནས་མ་དངུལ་གྱི་སྔོན་རྩིས་སྒོར་དུང་ཕྱུར3933.7བཀོད་སྒྲིག་བྱས་པ་དང་། 2022ལོ་དང་བསྡུར་ན་སྒོར་དུང་ཕྱུར35.8ཀྱིས་ཇེ་མང་དུ་སོང་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའི་གནས་ཚུལ་ལྟར་ན། རྫས་སྣ་ཁ་ཤས་མ་གཏོགས་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག་གསར་ཤོས་ནང་སྨན་རྫས་རིགས་སྣ་ཕལ་ཆེར་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་ཡོད།

  • སྤྱི་བདེ་པུའི་གནས་ཚུལ་ལྟར་ན། 2023ལོའི་ཟླ་12ཚེས་10ཉིན་བར། ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་ན་ནིང་སྐབས་སུ་བསླུ་བྲིད་བཏང་བའི་བུད་མེད་དང་ན་སོ་དར་ལ་མ་བབས་པའི་མི300ལྷག་ཙམ་བསྐྱབས།

  • བཟོ་འཕྲིན་པུ་སོགས་སྡེ་ཚན་བཅུ་གཅིག་གིས“བརྡ་རྟགས་མཐོ་རུ་གཏོང་བའི”བྱ་སྤྱོད་སྤེལ་ནས། འཕྲིན་གཏོང་དྲ་རྒྱའི་སྦྲེལ་ཚུགས་ཀྱི་འཛུགས་སྐྲུན་ལེགས་སྒྱུར་བྱས་ཏེ། སྤོ་འགུལ་དྲ་རྒྱའི(4Gདང་5G)བརྡ་རྟགས་མངོན་གསལ་གྱིས་ཇེ་ལེགས་སུ་འགྲོ་རྒྱུ་མངོན་འགྱུར་བྱེད་རྒྱུ།

01.gif

  • རང་རྒྱལ་གྱི“ཁྭ་ཧྥུ་རྟགས་ཅན་དང་པོའི”སྲུང་སྐར་གྱིས་ཉི་མའི་བྱེད་སྒོའི་གཟའ་འཁོར་25པ་ནས་མིག་སྔའི་བར་གྱི་ཉི་འོད་འོད་འཚེར་ཆེ་ཤོས་དེ་བདེ་བླགས་ངང་ཟིན་ཐོར་འགོད་ཐུབ།

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཚེས3ཉིན་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་ཀྱི་ཡོམ་འགོག་གེགས་སེལ་ལ་དགོས་ངེས་ཀྱི་རོགས་རམ་བྱེད་འདོད་པ་དང་། མིག་སྔར་འཇར་པན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཤི་རྨས་བྱུང་བའི་སྙན་ཞུ་གནས་སྐབས་མེད་ཅེས་གསུང་།

  • འཇར་པན་ཧྲི་ཁྲོན་རྫོང་སྲིད་གཞུང་གིས་ཚེས་3ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ནུན་ཏིན་ས་ཁུལ་གྱི་ས་ཡོམ་རིམ་པ7.6གིས་ས་གནས་དེ་གའི་ཉུང་མཐར་ཡང་མི་73རྐྱེན་ལམ་དུ་ཤོར་དུ་བཅུག་ལ། མི་300ཡན་ལ་རྨས་སྐྱོན་ཕོག

  • དབྱི་རན་གྱི་གཞུང་ཕྱོགས་སྨྱན་སྦྱོར་གྱི་གནས་ཚུལ་ལྟར་ན། དབྱི་རན་གྱི་ཁེར་མན་གྲོང་ཁྱེར་དུ་ཚེས3ཉིན་འབར་གས་དོན་རྐྱེན་ལས་ཤི་བའི་མི་གྲངས་103བར་འཕར་ཡོད།

སྤྱི་ཚོགས།

02.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྨུག་པ་ཆེན་པོའི་སེར་མདོག་ཉེན་བརྡ་བཏང་ཞིང་། དེ་རིང་། ཧྲན་ཏུང་གི་ལྷོ་རྒྱུད་དང་། ཅང་སུའུ་དང་ཧོ་ནན་གྱི་ལྷོ་རྒྱུད། ཧུའུ་པེའི་དབུས་རྒྱུད། སི་ཁྲོན་གཤོང་སའི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་སྨུག་པ་ཆེན་པོ་འཐིབ་རྒྱུ་རེད།

  • རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱིས་གནས་ཚུལ་ལྟར་ན། 2023ལོའི་རྒྱལ་ཡོངས་ཀྱི་ཆ་སྙོམས་དྲོད་ཚད10.7℃ཡིན་པ་དང་། 1961ལོ་ནས་བཟུང་གི་ཆེས་མཐོ་ཤོས་ཡིན།

03.jpg

  • གནམ་ལོ་གསར་ཚེས་རིང་། ཧར་པིན་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་གནས་སྐོར་བ་མི་ཐེངས་ཁྲི304.79སྣེ་ལེན་བྱས་ཤིང་། གནས་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར59.14མངོན་འགྱུར་བྱུང་ལ། ལོ་རྒྱུས་ཐང་གྲངས་ཆེས་མཐོ་ཤོས་ལ་ཐོན་ཡོད།

  • ཚེས3ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སོ་སོར་སྒོར་200དང་སྒོར190འཕར་ཡོད།

  • ཀྲུང་གོ་རུ་ཁག་གིས་2024ལོའི་འཛམ་གླིང་ཆུ་རྐྱལ་འགྲན་བསྡུར་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ལི་པིང་ཅེ་དང་ཡུས་དབྱི་ཐིང་། ཕན་ཀྲེན་ལེ་བཅས་ཀྱིས་གཙོས་པའི་གསར་སྐྱེས་འགྲན་ཞུགས་པའི་འགན་གཙོ་བོ་འཁུར་རྒྱུ་རེད།

  • 2024ལོའི་ཀུའེ་ཀྲོའུ་ཡི“གྲོང་གསེབ་རྐང་གྲུག་མཉམ་འབྲེལ་འགྲན་བསྡུར”དེ་ཚེས་6ཉིན་འགོ་རྩོམ་རྒྱུ་དང་། གྲོང་ཚོའི་རུ་ཁག62འགྲན་བསྡུར་ལ་ཞུགས་རྒྱུ་རེད།

  • ཚེས3ཉིན། ཨེ་ཤེ་ཡའི་རང་བྱུང་རྟེན་མཛོད་ཁང་ཆེས་ཆེ་ཤོས་ཀྱི་གཅིག་སྟེ། ཀྲུང་གོའི་གནའ་བོའི་སྲོག་ཆགས་ཁང་(པའོ་ཏིང་རང་བྱུང་རྟེན་མཛོད་ཁང་)གིས་དངོས་སུ་སྒོ་འབྱེད་རྒྱུ་རེད།

04.png

  • ཡུན་ནན་གྱི་ལུའུ་ཞུན་མྱུར་བགྲོད་གཞུང་ལམ་ཕུའུ་ཏ་ཞབས་ཞུ་ཁུལ་གྱི་ཨར་ལས་བྱ་ཡུལ་དུ་གནའ་བོའི་སྐྱེ་དངོས་ཀྱི་འགྱུར་རྡོ་འབོར་ཆེན་རྙེད་པ་དང་། དེའི་ནང་ལུའོ་འབུ་དང་ཤ་ཆེན་འབུ། ལྕེ་མཉེན་དུང་སོགས་ཡོད་ལ། ད་བར་དུ་ལོ་དུང་ཕྱུར5ཙམ་འགོར་ཡོད།

05.jpg

  • ལོ52ལ་སླེབས་པའི་ཨ་ནེ་ཁྲང་ཞང་དབྱང་གིས་ཞི་ཨན་གྲོང་ཁྱེར་གྱི་བྱིས་པའི་སྨན་ཁང་གི་ཉེ་འགྲམ་དུ“བྱམས་ལྡན་གཞིས་ཁྱིམ”གསར་འཛུགས་བྱས་པ་དང་། ལོ་དྲུག་རིང་ལ་བསྟུད་མར་དཀའ་ངལ་ཡོད་པའི་བྱིས་པའི་ཁྱིམ་ཚང་ལ་རིན་མེད་ངང་ཟ་མ་དང་འདུག་ས་མཁོ་འདོན་བྱས།

སྲིད་ཇུས།

  • ཧྲང་ཧའེ་ཡིས་བརྡ་ཐོ་བཏང་ནས། ལེགས་བཅོས་རྣམ་པའི་སྡོད་ཁང་ཆ་ཚང་གཉིས་པར་གཏན་འཁེལ་བྱས་པའི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ཐོག་མར་སྤྲོད་པའི་བསྡུར་ཚད་དམའ་ཤོས་དེ50%བར་ལེགས་སྒྲིག་བྱས།

  • ཧའེ་ནན་གྱིས་བྱེད་ཐབས་གཏན་ཁེལ་བྱས་ནས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ལོ་ལྟར་ལོ་65དང་དེ་ཡན་གྱི་རྒན་རྒོན་ལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་ཐེངས་རེ་བྱེད་དགོས་པའི་བླང་བྱ་བཏོན།

  • ཅི་ལིན་ཁྲང་ཁྲུན་གྱིས་སྲིད་ཇུས་ལེགས་སྒྲིག་བྱས་ནས། རིམ་པ་དང་པོ་དང་དེའི་མན་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་སྒོ་བསྟེན་གཅིག་གྱུར་འཆར་འགོད་དང་སྒོ་བསྟེན་གཅོང་ནད་ཀྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་མེད་པ་བཟོས་ནས། མང་ཚོགས་ཀྱིས་སྒོ་བསྟེན་སྨན་བཅོས་བྱེད་པར“མ་གཞི་ནས་རྩིས་ཞུ”བྱེད་ཐུབ་པ་བྱུང་།

དེ་རིང་གི་གནམ་གཤིས།

  • ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ས་ཆ་མང་ཆེ་བ། བོད་ལྗོངས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད། ཁྲོན་ཞི་ས་མཐོའི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ། སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད་དང་ཡུན་ནན་གྱི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།