དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི་སྤྱི་ཚོགས་ཕན་བདེ་ཁང་གིས་རྒན་རྒོན་ཚོར་དྲོ་སྐྱིད་སྦྱིན།

2024-01-04 09:18:26   |   2333

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མདའ་བཞི་རྫོང་གི་ཞབས་ཞུའི་ནུས་པ་དང་སྒྲིག་བཀོད་ཆ་ཚང་ཡིན་ལ་ཆེས་སྔོན་ཐོན་གྱི་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་གཞུང་བཙུགས་དམངས་གཉེར་གྱི་ས་ཁོངས་རང་བཞིན་གྱི་རྒན་གསོའི་ཞབས་ཞུ་ལྟེ་གནས་དང“གསར་བརྗེའི་ཟ་ཁང”གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ལ། དེས་མདའ་བཞི་རྫོང་གི་རྒན་གསོའི་ཞབས་ཞུའི་རྣམ་པ་ཡང་བསྐྱར་གོམ་སྟབས་གསར་པ་ཞིག་ཏུ་སྤོས་པ་མཚོན་ཡོད།    

མཚོ་བྱང་ཁུལ་གྱི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་དང་། མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་གཞུང་གི་རྫོང་དཔོན་ཀྲང་ཧྲི་དབྱིན། ཁུལ་དམངས་སྲིད་ཅུའི་ཏང་ཙུའི་ཧྲུའུ་ཅིའམ་ཅུ་ཀྲང་ལི་ཡུས་ཆིན། ཞིང་ཆེན་དམངས་སྲིད་ཐིན་རྒན་གསོའི་ཁྲུའི་ཁྲུའུ་ཀྲང་གཞོན་པ་ལི་མན་ཐིང་། མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དབྱང་ལིན་མིན་སོགས་འབྲེལ་ཡོད་མགོ་ཁྲིད་བྱེད་སྒོར་ཞུགས།    

1.jpg

ཞབས་ཞུའི་ལྟེ་གནས་སུ་སྐྱོད་པ་ན་མཛེས་ཤིང་གཙང་སྦྲ་དོད་པའི་རིག་གནས་ཁང་དང་རོལ་རྩེད་ཁང་། ལུས་སྦྱོང་ཁང་སོགས་ནུས་ལྡན་སྒྲིག་བཀོད་དང་། ཟ་ཁང་སོགས་གཅིག་འཐུས་རྣམ་པའི་ཞབས་ཞུ་ལ་རྒན་རྒོན་རྣམས་ཀྱིས་ཧ་ཅང་དགའ་བསུ་ཆེན་པོ་བྱེད་ཅིང་། ལྷག་པར་དུ“གསར་བརྗེའི་ཟ་ཁང”ཞེས་པའི་ཡིག་འབྲུ་བཞི་པོ་དེ་བཀྲག་མདངས་འཚེར་ལ། རྒན་རྒོན་རྣམས་མཉམ་གཅིག་ཏུ་བསྡད་དེ་ཁ་བརྡ་གློད་བཞིན་དགའ་སྤྲོའི་ངང་རོ་བཅུད་ཕུན་སུམ་ཚོགས་པའི་ཟས་མཆོག་ལ་རོལ་བཞིན་མཆིས། 

2.png

སྲོལ་རྒྱུན་གྱི་རྒན་གསོ་ཁང་དང་བསྡུར་ཚེ་ས་ཁོངས་རང་བཞིན་གྱི་རྒན་གསོ་ཞབས་ཞུ་ལྟེ་གནས་ཀྱིས་ལྟ་སྐྱོང་ནུས་པ་ཆེ་རུ་བཏང་ནས་སྒྲིག་གཞིའི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ་དང་། རྒན་རྒོན་ཚོགས་སྤྱིའི་དགོས་མཁོར་དམིགས་པ། ཁང་པའི་ནང་གི་ཁྱིམ་ཆས་བཀོད་སྒྲིག་ལུགས་མཐུན་བྱེད་པ། ནུས་པ་ཁུལ་དབྱེ་དང་སྒྲིག་ཆས་ཆ་ཚང་འཐུས་ཚང་དུ་བཏང་ཡོད། དེའི་དམིགས་ཡུལ་ནི་རྒན་རྒོན་ལ་འཚོ་བའི་ཐད་ཀྱི་སྟབས་བདེ་དེ་བས་མང་བ་བཏོད་དེ་རྒན་རྒོན་གྱི་ཕྱོགས་མང་པོ་དང་སྣེ་མང་ཅན་གྱི་རྒན་གསོའི་དགོས་མཁོ་བསྐང་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་དེ་རེད། མདའ་བཞི་རྫོང་གི་ས་ཁོངས་ཀྱི་རྒན་གསོའི་ཞབས་ཞུ་ལྟེ་གནས་སུ་ཉལ་ཁྲི44བཀོད་སྒྲིག་བྱས་ཡོད་པ་དང་མི70ལྷག་གིས་དུས་གཅིག་ཏུ་ཟ་མ་ཟས་ཆོག་པར་མ་ཟད། ར་སྐོར་ནང་དུ་ཕྱོགས་བསྡུས་བདག་སྐྱོང་ཁང་དང་བདེ་ཐང་འཕྲོད་སྦྱོར་ཁང་། དཔེ་ཁང་། མིག་མངས་ཁང་། བྱིས་པའི་ཁྱིམ་གཞིས། གསར་བརྗེའི་ཟ་ཁང་སོགས་བཀོད་སྒྲིག་བྱས་ཡོད་པས་རྒན་གསོ་དང་ཁམས་གསོ། རོལ་རྩེད་བཅས་གཞི་གཅིག་ཅན་གྱི་རྒན་རྒོན་དང་བྱིས་པའི་སྤྲོ་སྐྱིད་གླིང་ཞིག་ཏུ་གྱུར་ཡོད།    

3.png

ཉེ་བའི་ལོ་ཤས་རིང་སྤྱི་ཚོགས་རྒན་རྒོན་ཅན་དུ་འགྱུར་ཚད་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་ཁྱིམ་སྟོང་དང་ཁེར་འདུག རྒན་རྒོན་བཅས་མང་དུ་ཕྱིན་ལ། རྒན་རྒོན་ཚོགས་པར“ལྟོགས་སྐོམ་བྱུང་བའི”གནད་དོན་ཉིན་བཞིན་མངོན་གསལ་དོད་པས་ཇེ་མང་དུ་འགྲོ་བཞིན་ཡོད་པས། གནད་དོན་དེ་ནུས་ལྡན་ངང་ཐག་གཅོད་བྱ་ཆེད། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་། ཁུལ་དང་རྫོང་དམངས་སྲིད་སྡེ་ཁག་གིས་ཞིང་ཆེན་དང་ཁུལ་ཨུ། སྲིད་གཞུང་བཅས་ཀྱི་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རྒན་གསོའི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ། དམངས་འཚོར་འགན་ལེན་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་ཚད་མཐོའི་དོ་ཁུར་བྱེད་པ། མི་དམངས་མང་ཚོགས་ལ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་པ་བཅས་བྱས་ནས་མདའ་བཞི་རྫོང་གི་རྒན་གསོའི་ཞབས་ཞུའི་ཞན་ཆ་སྔར་བས་ཁ་གསབ་བྱས་ཏེ་རྫོང་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་རྣམ་པ་ཇེ་ལེགས་སུ་བཏང་།

མིག་སྔར། ཁུལ་ཡོངས་ཀྱི་རྒན་གསོའི་སྒྲིག་གཞིའི་ནད་སྐྱོང་མལ་ཁྲི་ཡིས60%ཟིན་པ་དང་། རྒན་གསོའི་ཞབས་ཞུའི་མལ་ཁྲིའི་སྡོམ་འབོར་གྱིས་ལོ་འཁོར་འཕར་ཚད5%ཟིན་ལ། ཡུལ་ཚོ་དང་གྲོང་རྡལ་ས་ཁོངས་ཀྱི་རྒན་གསོའི་ཞབས་ཞུའི་ལྟེ་གནས་ཁྱབ་ཚད50%ཟིན་ནས་ཁུལ་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་མཁོ་སྤྲོད་ཀྱི་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད་པ་རེད། མིག་སྔའི་བར། རྒན་རྒོན7727དང་མི(ཐེངས)ཁྲི23ལ་ཞབས་འདེགས་ཞུས་ཏེ་ངལ་ནུས་ལྷག་མ1139ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཤིང་། ཁུལ་ཡོངས་ཀྱི་རྒན་རྒོན་ཚང་མར“རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སྤྲོ་སྣང་ཡོད་པ། རྒས་དུས་སྒྲུབ་རྒྱུ་ཡོད་པ”བཅས་ཀྱི་རྨང་གཞིའི་འགན་སྲུང་འདོན་སྤྲོད་བྱས་འདུག

4.png

རྒན་གསོའི་ཞབས་ཞུ་ནི་མི་རེ་རེ་དང་ཁྱིམ་ཚང་རེ་རེར་འབྲེལ་བ་དམ་ཟབ་ཡོད་པས་རྒན་གསོའི་ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་རྒན་རྒོན་གྱི་ཐོབ་བདེ་སྐྱིད་གསུམ་གྱི་སྣང་བ་ཟམ་མི་ཆད་པར་ཆེ་རུ་གཏོང་བའི་ལས་འགན་དཀའ་ཚེགས་ཆེ་ལ་འགན་འཁྲི་ཧ་ཅང་ལྕི། ད་ལོར་མཚོ་བྱང་ཁུལ་གྱིས་ལོ་ན་མཐོ་བའི་རྒན་རྒོན་དང་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་ཉོ་སྒྲུབ་བྱེད་པའི་རྒན་རྒོན། དབང་པོ་སྐྱོན་ཅན་གྱི་རྒན་རྒོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་རྒན་རྒོན་དང་དེ་བཞིན་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་ཁ་གསབ་རོགས་དངུལ་ཁྱོན་སྒོར་ཁྲི5409.24སྤྲད་པས་རྒན་རྒོན་གྱི་གཞི་རྩའི་འཚོ་བ་འགན་ལེན་ནུས་ལྡན་ཐུབ་ནས་རྒན་གསོའི་ཕན་བདེ་འགན་ལེན་རྒྱུན་རྣམ་ཅན་དུ་འགྱུར་ཡོད། དྲ་ཐོག་དང་དྲ་ཕྱི་གཉིས་ནས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་བཅར་འདྲི་དང་གཅེས་སྐྱོང་ཐེངས3642ལྷག་ཙམ་བྱས་པ་དང་རྒན་རྒོན་གྱི་དགོས་མཁོ355འཚོལ་བསྡུ་དང་ཐག་གཅོད་བྱས་ལ་ཐག་གཅོད་ཐུབ་ཚད100%ཟིན་ནས་རྒན་རྒོན་གྱི་དགོས་མཁོ་དུས་ཐོག་ཏུ་བསྐངས་ཏེ་རྒན་རྒོན་རྣམས་པར་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བ་སྐྱེལ་དུ་བཅུག་ཡོད།

5.png

གོམ་སྟབས་རྗེས་མར། མདའ་བཞི་རྫོང་དམངས་སྲིད་ཅུ་ཡིས་བྱ་བ་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་སྔར་བས་འཐུས་སྒོ་ཚང་བའི་རྒན་གསོའི་ཞབས་ཞུ་མུ་མཐུད་མཁོ་འདོན་བྱ་རྒྱུ་ཁ་ཕྱོགས་སུ་བཟུང་སྟེ“གསར་བརྗེའི་ཟ་ཁང”ནུས་ཤུགས་ཡོད་རྒུས་ཡག་པོར་གཉེར་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་གསར་བརྗེའི་ཁྲག་རྒྱུན་མུ་མཐུད་རྒྱུན་འཛིན་བྱེད་པ།  རྒྱལ་སྲུང་བྱ་གཞག་ཆེད་བྱས་རྗེས་འབུལ་མཁན་གྱི་རྒན་རྒོན་རྣམས་པར་དྲིན་ལན་གཞལ་ནས་རྒན་རྒོན་ཚོར“ཁྱིམ་དུ་བྲལ་ཡང་སྡེ་ཁུལ་ནས་བྲལ་མི་དགོས་པའི”ཁྱིམ་ཚང་གི་ཉེ་འཁོར་དུ་རྒན་གསོའི་བསམ་འདུན་སྐོང་ཐུབ་པར་བྱ་རྒྱུ་རེད།


མཉམ་སྤྱོད།