དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2023ལོ་ནི་རང་རྒྱལ་གྱིས་ལྟ་ཞིབ་ཚད་ལེན་བྱས་ཚུན་གྱི་ཆེས་ཚ་བ་ཆེ་ཤོས་ཀྱི་ལོ་རུ་ཆགས་འདུག

2024-01-04 10:10:10   |   304

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་ཆ་སྙོམས་དྲོད་ཚད10.7℃ཡིན་པ་དང་། རྣམ་རྒྱུན་གྱི་ལོའི་དྲོད་ཚད(9.9℃)ལས0.8℃ཡིས་མཐོ་ཞིང་། 1961ལོ་ཚུན་གྱི་དྲོད་ཚད་མཐོ་ཤོས་ཡིན་པ་དང་། 2021ལོའི་དྲོད་ཚད10.5℃ཡི་ཟིན་ཐོ་ལས་བརྒལ་འདུག རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་ཧྲེ་ཧྲི་ཏུའུ0.5-1བར་ཇེ་མཐོར་གྱུར་འདུག དེའི་ནང་ཧྲན་ཏུང་དང་། ལེའོ་ཉིང་། ཤིན་ཅང་། ཀུའེ་ཀྲོའུ། ཡུན་ནན། ཐེན་ཅིན། ཧུའུ་ནན། ཧོ་པེ། སི་ཁྲོན། ཧོ་ནན། པེ་ཅིང་། ནང་སོག ཀོང་ཞི་སོགས་ཞིང་ཆེན(གྲོང་ཁྱེར་དང་ཆུས)13གྱི་དྲོད་ཚད་ནི1961ལོ་ཚུན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་ཡིན་པ་དང་། རྒྱལ་ཡོངས་ཀྱི་རྒྱལ་ཁབ་གནམ་གཤིས་ས་ཚིགས127གྱི་ཉིན་རེའི་དྲོད་ཚད་མཐོ་ཤོས་དེ་ལོ་རྒྱུས་ཀྱི་ཟིན་ཐོ་ལས་བརྒལ་འདུག

1.jpg

1. 2023ལོའི་རང་རྒྱལ་གྱི་གནམ་གཤིས་ཆེས་ཚ་ཤོས་དང་ཆེས་གྲང་ཤོས་གཉིས་ཀ་ཟིན་ཐོ་ལས་བརྒལ་འདུག

གཞན་ཡང་སྡོམ་རྩིས་བྱས་པར་གཞིགས་ན། 2023ལོའི་ཟླ1པོའི་ཚེས22ཉིན་ཧེ་ལུང་ཅང་གི་མོ་ཧོ་ཅིང་ཐོའི་ཡི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ53ཡིན་པ་དང་། ཟླ7པའི་ཚེས16ཉིན་ཤིན་ཅང་ཐུའུ་ལུའུ་ཧྥན་སན་པའོ་ཤང་གི་དྲོད་ཚད་མཐོ་ཤོས52.2℃ཡིན། དེ་ཡིས་རང་རྒྱལ་གྱིས་དངོས་སུ་ཚད་ལེན་བྱས་པའི་དྲོད་ཚད་ཆེས་དམའ་ཤོས་དང་དྲོད་ཚད་ཆེས་མཐོ་ཤོས་ཀྱི་ཟིན་ཐོ་བརྒལ་འདུག འདི་ལས་ང་ཚོས་ཤེས་ཐུབ་པ་ནི། དྲོད་ཚད་ཇེ་དྲོར་འགྲོ་བའི་རྒྱབ་ལྗོངས་འོག་གི་དྲོད་ཚད་ཀྱི་ཁྱབ་ཚུལ་ཁྱད་ཆོས་ཏེ། ཆ་སྙོམས་གྲངས་ཐང་ཇེ་མཐོར་འགྲོ་བ་དང་བསྟུན་ནས། ཐལ་དྲགས་པའི་གནམ་གཤིས་ཏེ་ཆེས་གྲང་བ་དང་ཆེས་ཚ་བའི་གནམ་གཤིས་ཀྱང་འབྱུང་སླ་བ་དེའོ། །

2.jpg

2. དབུས་ཤར་རྒྱུད་ཀྱི་དྲོད་ཚད་འཕར་ཆག་ཆེ་བ།

མཁའ་རླུང་འཁྱག་པ་དང་ཆར་པ་འབབ་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་འོག མ་འོངས་པའི་ཉིན10ཡི་ནང་། རང་རྒྱལ་གྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་དེ་རྒྱུན་གཏན་གྱི་དུས་མཚུངས་ལས་ཅུང་མཐོ་བ་དང་། དེའི་ནང་ནུབ་བྱང་དང་། ཧྭ་བྱང་གི་ནུབ་རྒྱུད། ཧྭ་ལྷོའི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་ཀྱི་ཆ་སྙོམས་དྲོད་ཚད་རྒྱུན་གཏན་ལས་ཏུའུ2-4ཡིས་མཐོ་བ་ཡོད།

ཚེས3ནས་ཚེས4ཉིན་བར། དབུས་ཤར་རྒྱུད་ཀྱི་དྲོད་ཚད་མང་ཆེ་བ་གཅིག་རྗེས་གཉིས་མཐུད་ངང་འཕར་རྒྱུ་ཡིན་པ་དང་། ས་ཆ་མང་པོའི་དྲོད་ཚད་ཉེ་དུས་ཀྱི་མཐོ་ཤོས་སུ་སླེབས་རྒྱུ་རེད། ཀྲེང་ཀྲོའུ་ལ་མཚོན་ན། དྲོད་ཚད་མཐོ་ཤོས15℃ཟིན་རྒྱུ་ཡིན་པ་དེ་ས་གནས་དེ་གའི་རྒྱུན་གཏན་གྱི་ཟླ་གསུམ་པའི་ཟླ་དཀྱིལ་གྱི་ཆུ་ཚད་དང་མཚུངས་པ་དང་། ཧར་པིན་དང་། ཁྲང་ཁྲུན། ཧྲེན་དབྱང་། ཧྲེ་ཅ་ཀྲོང་སོགས་ཀྱི་དྲོད་ཚད་མཐོ་ཤོས་ཀྱང་རྒྱུན་གཏན་གྱི་དུས་མཚུངས་ལས10℃ཙམ་གྱིས་མཐོ་བ་ཡོད།

ཚེས4ནས་ཚེས5དང་། ཚེས6ནས་ཚེས7བར་མཁའ་རླུང་གྲང་མོའི་ཤུགས་རྐྱེན་རིམ་བཞིན་ཐེབས་ནས་ས་ཆ་མང་པོའི་དྲོད་ཚད་མར་ཆག་རྒྱུ་རེད། ཚེས6ནས་ཚེས7བར་དྲོད་ཚད་མངོན་གསལ་དོད་པོས་ཆག་པ་དང་ལྷག་པར་དུ་བྱང་ཤར་དང་ཧྭ་བྱང་སོགས་ས་ཁུལ་དུ་རིམ་རྩིས་བྱས་ན་དྲོད་ཚད་མར་ཆག་ཚད10℃ལས་བརྒལ་རྒྱུ་རེད། ཧར་པིན་དང་། ཁྲང་ཁྲུན། ཧྲེན་དབྱང་བཅས་ལ་མཚོན་ན། མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་ན། ཚེས7ཉིན་གྱི་དྲོད་ཚད་མཐོ་ཤོས་དེ-15℃དང་། -10℃ དང་། -6℃བར་ཆག་རྒྱུ་རེད། རིམ་རྩིས་བྱས་ན་དྲོད་ཚད་མར་ཆག་ཚད10℃ཡན་ལ་འབུད་རྒྱུ་རེད།

3.jpg


མཉམ་སྤྱོད།